Tibetan Royal Year of 2151 | Year of the Wood Dragon

བོད་ཁུལ་དུ་ཨ་ཕི་རི་ཀའི་ཕག་ནད་ཁྱབ་བརྡལ་འབྱུང་བཞིན་པ།

Tibetan News Headlines

  • Former political prisoner Namkyi’s brave Journey: From Protest, Imprisonment to Eventual Escape to India

རེས་གཟའ་སྤེན་པ། ༢༠༢༤།༠༥།༠༤

  • རྒྱ་གཞུང་གི་མནར་གཅོད་འོག་༸རྒྱལ་བ་རིན་པོ་ཆེར་དད་གུས་གཡོ་མེད་དུ་གནས་པའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས།

རྒྱ་ནག་གིས་ཆ་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཟེར་བའི་ཉིང་ཁྲི་ས་ཁུལ་དུ་ Africa Swine Flu ཞེས་པའི་ཧྥེ་གླིང་གི་ཕག་ནད་ཁྱབ་བརྡལ་དུ་སོང་ཡོད་པ་དང་། ཁུལ་དེའི་ཕག་པ་༥༦༩༥ ལྷག་དམར་བསོད་བཏང་ཡོད་པ་རེད།

World Organization for animal health ཞེས་པའི་རྒྱལ་སྤྱིའི་སེམས་ཅན་ལྟ་སྐྱོང་ཚོགས་པས་རྒྱ་ནག་གི་ཞིང་ལས་དང་གྲོང་གསེབ་ལས་དོན་ལྷན་ཁང་གིས་བརྗོད་པ་ལུང་འདྲེན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་ཞིང་ཆེན་དང་རང་སྐྱོང་ས་ཁུལ་རྫོང་བཅས་ས་ཁུལ་ ༢༨ ཁྲོད་ནས་ཨ་ཕི་རི་ཀའི་ཕག་ནད་དོན་རྐྱེན་༡༡༨ ལྷག་ཁྱབ་བརྡལ་དུ་སོང་ཡོད་པ་དང་།  རྩ་བའི་རྒྱ་ནག་ནང་དུ་སྤྱི་ལོ་ ༢༠༡༨ ཟླ་བ་ ༨ པའི་ནང་ཐོག་མར་ནད་དེ་ཁྱབ་བརྡལ་བྱུང་བ་ནས་བཟུང་ད་བར་ནད་ཡམས་ཁྱབ་བརྡལ་དུ་མི་འགྲོ་བའི་ཕྱིར་ཏུ་ཕག་པ་ས་ཡ་གཅིག་ཙམ་རྩ་མེད་བཟོས་ཡོད་པ་རེད་འདུག

ནད་ཡམས་དེ་ད་དུང་རིམ་བཞིན་ཞིན་ཅང་ས་ཁུལ་དང་། ཡུ་ནན། དེ་བཞིན་ཧཱོ་པེ་ཞིང་ཆེན་སོགས་སུ་ཁྱབ་བརྡལ་དུ་སོང་ཡོད་པས། རྒྱ་ནག་གཞུང་གིས་ཞིང་ཆེན་དེ་དག་ནང་གི་ཕག་ཤའི་ཁྲོམ་ར་ཡོངས་སུ་སྒོ་བརྒྱབས་པ་མ་ཟད། ཞིང་ཆེན་དེ་དག་དང་ས་འབྲེལ་ཡོད་པའི་ཞིང་ཆེན་གཞན་ཁག་ཅིག་གི་ནང་དུ་ཡང་ཕག་ཤའི་ཁྲོམ་ཤ་བཀག་སྡོམ་བྱས་ཡོད་འདུག

རྒྱལ་སྤྱིའི་སེམས་ཅན་ལྟ་སྐྱོང་ཚོགས་པས་གནས་ཚུལ་དེར་བརྟག་དཔྱད་བྱས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་དང་པོའི་ཕག་ནད་ཀྱི་དོན་རྐྱེན་ ༢༡ བྱུང་བ་ལས་བརྒྱ་ཆ་དྲུག་ཅུ་རེ་གཉིས་ཙམ་ཞིག་ནི་གཙོ་བོ་ཕག་ལྟོ་ལ་འབྲེལ་ནས་བྱུང་ཡོད་པ་ཤེས་རྟོགས་བྱུང་རྗེས།  ཕག་ལྟོ་སྤྲོད་སྟངས་དང་སེམས་ཅན་སྐྱེལ་འདྲེན་གྱི་རླངས་འཁོར་ཡོད་ཚད་ལ་ཞིབ་བཤེར་སོགས་ཀྱི་ལས་དོན་བཅོས་འགྱུར་བྱས་ཡོད་པ་རེད་འདུག

གཞི་རྩའི་ནད་ཡམས་དཔྱད་རིག་གིས་བརྟག་དཔྱད་བྱས་པའི་གྲུབ་དོན་ལྟར་ན། ཨ་ཕི་རི་ཀའི་གླིང་ཕྲན་གྱི་ཕག་ནད་དེ་ཁྱབ་བརྡལ་དུ་འགྲོ་བའི་རྒྱུ་རྐྱེན་གསུམ་ངོས་འཛིན་བྱས་ཡོད་པ་དང་། ནད་ཡམས་ཁྱབ་བརྡལ་གྱི་བརྒྱ་ཆ་ ༤༦ ཙམ་ཞིག་ནི་ཕག་པ་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་དང་ལས་བྱེད་ཀྱི་མི་སྣར་གཉན་དུག་དག་སེལ་བྱས་མེད་པ་དང་། བརྒྱ་ཆ་སོ་གསུམ་ཙམ་ཞིག་ཕག་ལྟོ་ལ་བརྟེན་ནས་བྱུང་གི་ཡོད་པ། དེ་བཞིན་བརྒྱ་ཆ་བཅུ་དགུ་ཙམ་ཞིག་ས་ཁུལ་འདྲ་མིན་དུ་ཕག་པ་སྐྱེལ་འདྲེན་བྱས་པ་སོགས་ཡིན་པར་ངོས་འཛིན་གནང་འདུག

 

འབྲེལ་ཡོད་གསར་གནས།

གསར་གནས།