Tibetan Royal Year of 2151 | Year of the Wood Dragon

རྒྱུད་སྟོད་གྲྭ་ཚང་དུ་ལྕགས་མཁར་ཆེན་མོའི་གཏོར་རྒྱག་ཞེས་བྱིན་རླབས་ཀྱི་ཚན་ཁ་ཆེ་བའི་ཞབས་རིམ་ལེགས་གྲུབ།

Tibetan News Headlines

  • India elections and Tibet : Discussion

རེས་གཟའ་ཉི་མ། ༢༠༢༤།༠༥།༡༩

  • རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ཁ་ཕྱོགས་དང་བོད་ཀྱི་གནས་བབ་སྐོར་གླེང་མོལ།

ཁ་སང་ཕྱི་དྲོ་ཚོུད་ ༥ སྟེང་༸དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་སེར་སྐྱ་མང་ཚོགས་ཕོན་ཆེན་པོ་འདུ་འཛོམས་ཐོག་འགྲོ་བ་ཡོངས་ཀྱི་བདེ་རྩ་སྤྱི་དང་སྒོས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་ཞབས་རིམ། དེ་བཞིན་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ཞི་ཐབས་བཅས་ལ་ཆེད་དམིགས་ཀྱིས་ལོ་འཁོར་མོ་གཅིག་གི་འགེག་དང་བར་ཆད་ཟློག་པའི་ལྕགས་མཁར་མོའི་གཏོར་རྒྱག་ལེགས་གནང་སོང་།

འདི་ལོའི་ལྕགས་མཁར་ཆེན་མོ་དང་འབྲེལ་ནས་གསར་འགོད་པས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་ཤེས་ཡོན་འགན་འཛིན་བློ་བཟང་ལྷུན་གྲུབ་ལགས་སུ་གཏོར་རྒྱག་ཆེན་མོའི་རྒྱབ་ལྗོངས་ཐོག་བཀའ་འདྲི་ཞུས་པར་ཁོང་གིས་༸དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་གཏོར་རྒྱག་གི་རིམ་པ་མང་པོ་ཡོད་ཀྱང་། ལྕགས་མཁར་ཆེན་མོའི་གཏོར་རྒྱག་ནི་ལོ་འཁོར་མོ་གཅིག་གི་གཏོར་རྒྱག་ཆེ་ཤོས་དེ་ཡིན་པ་དང་། གཏོར་རྒྱག་ནི་བླ་མ་བྱེ་བྲག་པ་ཞིག་གིས་རྟོག་པས་བཟོས་པ་བཞག་པ་ཞིག་མ་ཡིན་པར་རྒྱལ་བ་རྡོ་རྗེ་འཆང་གིས་རྒྱུད་དུ་གསུངས་ཡོད་པ་ཞིག་ཡིན་པར་ངོ་སྤྲོད་གནང་སོང་།

ཁོང་གིས་ད་དུང་གཏོར་རྒྱག་ཟེར་དུས་དྲག་པོའི་ལས་སྦྱོར་དེ་གཙོ་བོ་ཆགས་ཀྱི་ཡོད་པ་དང་། ཀུན་སློང་གི་ཆ་ནས་བྱམས་པ་དང་སྙིང་རྗེར་གཞི་བཞག་སྟེ་རང་རྒྱུད་ཀྱི་ཉོན་མོངས་དུག་གསུམ་གྱི་གཙོས་པའི་བསྟན་པ་དང་འགྲོ་བར་འཚེ་བ་བྱེད་མཁན་གྱི་གཟུགས་ཅན་དང་གཟུགས་མེད་ཀྱི་བར་ཆད་རྣམས་ཟློག་ཕྱིར་གཏོར་རྒྱག་གནང་གི་ཡོད་པ་གསུངས་ཡོད།

ལྕགས་མཁར་ཆེན་མོར་མཇལ་ཁ་ཞུ་མཁན་རྣམས་ཀྱི་ཀུན་སློང་འཁྱེར་ཕྱོགས་དེ་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་རྡོ་རྗེ་བྲག་རི་བཞིན་ཡུན་དུ་བརྟན་པ་དང་། དེ་བཞིན་ལོ་རྒྱུས་ཐོག་ནས་མཆོད་ཡོན་གྱི་འབྲེལ་བ་ཆེན་པོ་ཡོད་མཁན་གྱི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་ནག་ནང་རིམས་ནད་ཀྱིས་མནར་རྐྱེན་་དཀའ་ཆེན་པོ་འཕྲད་བཞིན་པ་དེ་མགྱོགས་མྱུར་ཞི་ཐབས་སོགས་ལ་སྨོན་ལམ་བཏབས་ན་ཕན་ཐོགས་ཆེན་པོ་ཡོད་པ་གསུངས་སོང་། འབྲེལ་ཡོད་སྐུ་པར་རྣམས་༸དཔལྡན་སྟོད་རྒྱུད་གྲྭ་ཚང་།

འབྲེལ་ཡོད་གསར་གནས།

གསར་གནས།