Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

AUTHOR NAME

vot.org

16777 POSTS
0 COMMENTS

རེས་གཟའ་སྤེན་པའི་གསར་འགྱུར་འགོ་བརྗོད། ༢༠༡༥།༠༣།༠༧

བལ་ཡུལ་ནང་གསུམ་དུས་སྲུང་བརྩི་ཞུ་རྒྱུའི་ཆོག་མཆན་སྤྲོད་མིན་འདུག ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་གིས་སངས་རྒྱས་སྨན་བླའི་བཀའ་དབང་བསྩལ་འདུག མན་ཌི་ས་གནས་སུ་པར་རིས་འགྲེམས་སྟོན་བརྒྱུད་བོད་དོན་དྲིལ་བསྒྲགས་གནང་བ། ཀརྨ་པ་རིན་པོ་ཆེ་མཆོག་ཨ་རིར་ཆིབས་སྒྱུར་བསྐྱངས་འདུག རྒྱ་གར་ལྷོ་ཕྱོགས་སུ་གསུམ་བཅུའི་དུས་དྲན་དང་འབྲེལ་བའི་ཉིན་གཉིས་རིང་གི་ལས་འགུལ་སྤེལ་རྒྱུའི་གསལ་བསྒྲགས་གནང་པ། ༸གོང་ས་མཆོག་གི་གསུང་ཆོས་ཀྱི་ལེ་ཚན་ནང། མགོན་པོ་མཆོག་གིས་དེ་སྔ་ཉི་ཧོང་ནང་གསང་སྔགས་སྐོར་ང་སྤྲོད་གནང་པ་སྔ་མའི་འཕྲོ། Saturday 07/03/2015 Nepal bars Tibetans from marking Tibetan Uprising Day Sakya Dhaktri Rinpoche confers Medicine Buddha empowerment Exhibition on Tibet draws several visitors in Mandi Karmapa...

རེས་གཟའ་པ་སངས། ༢༠༡༥།༠༣།༠༦

སྐུ་འབུམ་ནང་མང་ཚོགས་འཇིགས་དངངས་འོག་མཆོད་མཇལ་དུ་བསྐྱོད་དགོས་བྱུང་འདུག གཞུང་ཆེན་རིགས་གཅིག་རྐང་འཛིན་མཁས་པའི་ཚོགས་ཆུང་གི་ཚོགས་འདུ་ཐེངས་གཉིས་པ་དབུ་འཛུགས་གནང་འདུག འཇར་མན་ནང་སངས་རྒྱས་ཀྱི་སྐུ་བྱིན་ཅན་བརྒྱ་དང་བརྒྱད་མཇལ་བ་ཞེས་པའི་འགྲེམས་སྟོན་གོ་སྒྲིག་གནང་འདུག རྒྱ་ནག་གི་གནོན་ཤུགས་འོག་ནོ་སྦེལ་ཞི་བདེའི་ལྷན་ཚོགས་ཀྱི་གཙོ་འཛིན་ལས་གནས་ནས་ཕབ་འདུག རྒྱ་ནག་གིས་ཧོང་ཀོང་གི་རང་སྐྱོང་དབང་ཚད་ཉམས་རྒུད་ཆེན་པོ་བཏང་ཡོད་པ་སྐྱོན་བརྗོད་གནང་འདུག བཞུགས་སྒར་དུ་ཆོས་རྒྱལ་དྲི་མེད་ཀུན་ལྡན་གྱི་གློག་བརྙན་ཐེངས་དང་པོ་གཟིགས་འབུལ་ཞུས་པ། རོལ་དབྱངས་འདུ་འཛོམས་བརྒྱུད་བོད་དོན་དཔལ་འབྱོར་མཁོ་སྒྲུབ་གནང་འདུག Friday 06/03/2015 Kubum swarmed by Chinese armed forces, celebrates Monlam Chenmo amidst air of fear 2nd conference of specialized studies of Tibetan Buddhism begins Buddha, 108...

རེས་གཟའ་ཕུར་བུའི་གསར་འགྱུར་འགོ་བརྗོད། ༢༠༡༥།༠༣།༠༥

༸གོང་ས་མཆོག་ཆོ་འཕྲུལ་སྨོན་ལམ་གྱི་ཚོགས་དགོན་དུ་ཆིབས་སྒྱུར་བསྐྱངས་པ། རྔ་པ་ཁུལ་དུ་༸སྐུའི་གྱ་སྟོན་སྲུང་བརྩི་ཞུས་འདུག དབྱིན་ཡུལ་ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་སྟེ་བོད་མིའི་རང་དབང་སྒེར་ལངས་ལ་རྒྱབ་སྐྱོར་གནང་འདུག པཎ་ཆེན་རྒྱལ་མཚན་ནོར་བུས་སྲིད་གཞུང་ལ་དགེ་འདུན་པའི་གྲངས་ཀ་མང་དུ་གཏོང་དགོས་པའི་རེ་སྐུལ་ཞུས་པ། ཆོ་འཕྲུལ་དུས་ཆེན་ངོ་སྤྲོད་ཀྱི་དམིགས་བསལ་ལེ་ཚན། Thursday 05/03/2015 Dalai Lama presides over Choetrul Monlam Festival Tibetans in Ngaba celebrate Dalai Lama’s 80th birthday North Hampton hoists Tibetan flag to mark upcoming Tibetan...

རེས་གཟའ་ལྷག་པ་གསར་འགྱུར་འགོ་བརྗོད། ༢༠༡༥།༠༣།༠༤

ཚོགས་སྐྱིད་ཁག་ལྔས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ། བོད་ནང་གི་སྦྲུམ་མ་དང་བྱིས་པའི་འཕྲོད་བསྟེན་གནས་སྟངས་སྐྱོ་ཤོས་ཡིན་པ་གསུངས་འདུག ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་བགྲོ་གླེང་ཚོགས་འདུ་མཇུག་སྒྲིལ་བ། རྒྱ་ནག་ནང་གི་ཕྱི་རྒྱལ་གསར་འགོད་པའི་མཐོང་མཆན་ཐད་གཞུང་ནས་ཆབ་སྲིད་ཀྱི་ཁེ་ཕན་ལེན་ཐབས་བྱེད་ཀྱི་ཡོད་པ། བྱེས་ཀྱི་གདན་ས་གསུམ་དུ་སྨོན་ལམ་འཚོགས་བཞིན་པའི་སྐོར། Wednesday 04/03/2015 Tibetans from 5 organizations offer long life prayers for the Dalai Lama Maternal and child health in Tibet is the worst in the PRC:...

རེས་གཟའ་མིག་དམར་གསར་འགྱུར་འགོ་བརྗོད། ༢༠༡༥།༠༣།༠༣

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་ཞུ་བ་དད་ལྡན་ཁག་ཅིག་ལ་དགེ་ཚུལ་གྱི་སྡོམ་པ་བསྩལ་འདུག བོད་མི་ཆབ་སྲིད་བཙོན་པ་རྣམས་ཀློད་གྲོལ་ཆེད་ཨ་རིའི་གཞུང་ལ་མུ་མཐུད་རྒྱབ་སྐྱོར་གནང་དགོས་པའི་ཞུ་གཏུགས་ལས་འགུལ་སྤེལ་བཞིན་འདུག རྒྱ་གཞུང་གིས་མགོ་ལོག་དང་རེབ་གོང་སོགས་སུ་དམ་དྲག་བྱས་འདུག Oslo འགྲེམས་སྟོན་ཁང་དུ་བོད་དོན་སྐོར་གྱི་རིག་གཞུང་འགྲེམས་སྟོན་གོ་སྒྲིག་གནང་འདུག གླུ་གཞས་ཀྱི་ལེ་ཚན་ནང་། བོད་ནང་གི་གཞས་མ་ཚེ་དབང་ལྷ་མོ་ལགས་ཀྱིས་བླངས་གནང་བའི་སྐོར་བྲོའི་གླུ་གཞས། Tuesday 03/03/2015 Scores of Buddhist monks and nuns receive ‘Getsul’ vow from the Dalai Lama 7th Annual Tibet Lobby Day underway in Washington...

རེས་གཟའ་ཟླ་བའི་གསར་འགྱུར་འགོ་བརྗོད། ༢༠༡༥།༠༣།༠༢

བཞུགས་སྒར་དུ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ཁག་གི་བགྲོ་གླེང་ལྷན་ཚོགས་ཐེངས་དང་པོ་སྐོང་ཚོགས་གནང་འདུག ཤེས་རིག་བཀའ་བློན་མཆོག་ནས་བོད་མི་ཚོས་བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་གནང་དགོས་གལ་ཡིན་པ་གསུངས་འདུག རྒྱ་ནག་གི་གཏེར་བཏོན་ཁེ་ལས་དང་མཉམ་འབྲེལ་བྱེད་མཁན་ཁེ་ན་ཊའི་ཚོང་ལས་ཁང་ལ་ངོ་རྒོལ་སྤེལ་འཆར་འདུག ཐེ་ལྦན་མི་མང་གི་༢༢༨དུས་དྲན་ཐོག་མང་ཚོགས་ལ་བོད་དོན་བརྒྱུད་བསྒྲགས་གནང་འདུག ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་སློབ་གྲྭའི་དགེ་ལས་ཚོས་གཞན་ཕན་གྱི་སྒོ་ནས་ལས་འགན་གྲུབ་དགོས་པ་གསུངས་འདུག བོད་ཀྱི་བེུད་ལྷན་ཚོགས་ནས་སྐབས་བདུན་པའི་བཙུན་མའི་ནུས་སྟོབས་གོང་འཕེལ་གྱི་ཟབ་སྦྱོང་འགོ་འཛུགས་གནང་འདུག ཨ་རི་བོད་ཁང་ནང་བོད་ཀྱི་ཡིག་གཟུགས་སྒྱུ་སྩལ་གྱི་རི་མོའི་འགྲེམས་སྟོན་ཞིག་གོ་སྒྲིག་གནང་འཆར་འདུག Monday 02/03/2015 First seminar of four schools of Tibetan Buddhism and Bon tradition underway Education Kalon in San Francisco, meets with local Tibeans Activists to hold...

Latest news

- Advertisement -spot_img