Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

AUTHOR NAME

vot.org

16834 POSTS
0 COMMENTS

རེས་གཟའ་ཉི་མ། ༢༠༡༤།༡༢།༢༡

འདས་པའི་བདུན་ཕྲག་གཅིག་གི་གལ་ཆེའི་གསར་འགྱུར་ལ་བསྐྱར་ཞིབ། Sunday 21/12/2014 Week Review ཉན་པ།:  Listen ཕབ་ལེན།  Download

རེས་གཟའ་སྤེན་པ། ༢༠༡༤།༡༢།༢༠

༸གོང་ས་མཆོག་གྲོང་ཁྱེར་སྦེང་ལོར་ནང་ཞབས་སོར་བདེ་བར་འཁོད་འདུག སེར་ཤུལ་མང་དགེ་དགོན་པར་རང་ལོ་བཅོ་བརྒྱད་མ་ཟིན་པ་རྣམས་སློབ་གཉེར་བྱེད་མི་ཆོག་པའི་བཙན་བཀའ་བཏང་འདུག རྒྱ་ནག་སྲིད་གཞུང་ནས་བོད་མི་དམར་གསོད་བཏང་པའི་ནང་མིར་གུན་གསབ་སྤྲད་ནས་ཞི་འགྲིག་བྱས་པ། ལ་དྭགས་མི་མང་ཁག་ཅིག་ནས་བྷོ་ཊིའི་སྐད་ཡིག་རྒྱ་གར་གྱི་རྩ་ཁྲིམས་ནང་འཇོག་དགོས་པའི་ལས་འགུལ། དམིགས་བསལ་ལེ་ཚན། ༸གོང་ས་མཆོག་གིས་སྨན་བླའི་རྗེས་གནང་བསྩལ་སྐབས་སུ་ནང་ཆོས་ངོ་སྤྲོད་གནང་བ། Saturday 20/12/2014 Dalai Lama arrives in Bangalore after concluding teachings in Delhi China bars monastic education for monks below 18 years at Monastery...

རེས་གཟའ་པ་སངས། ༢༠༡༤།༡༢།༡༩

༸གོང་ས་མཆོག་གིས་སྤྱོད་འཇུག་ཆེན་མོའི་ཆོས་འབྲེལ་ལེགས་སྒྲུབ། རྒྱ་གཞུང་ནས་ཕྱི་རྒྱལ་གསར་འགོད་པ་ཚོར་སྔར་ལྷག་དམ་བསྒྲགས། སྲིད་སྐྱོང་མཆོག་ནས་རྒྱལ་སྤྱིའི་གནད་ཡོད་མི་སྣའི་ལྷན་ཚོགས་སུ་ལྷོ་ཨེ་ཤི་ཡའི་ནང་ཞི་བདེ་རྒྱུན་གནས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ། རྒྱ་གཞུང་གིས་གྲོས་མོལ་བྱེད་ཡག་དེ་༸གོང་ས་མཆོག་༸སྐུ་སྒེར་གྱི་མ་འོངས་དང་འབྲེལ་བ་ཆགས་ཡོད་པ་བརྗོད་འདུག མཐོ་སློབ་ཐོན་པའི་སློབ་མ་ཁག་ཅིག་ལ་ཟླ་དྲུག་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟབ་སྦྱོང་མཇུག་སྒྲིལ། སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནས་དབུ་མ་རིན་ཆེན་ཕྲེང་བའི་འཆད་ཁྲིད་ལེགས་སྒྲུབ། བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད་ཅེས་པའི་དམིགས་བསལ་ལེ་ཚན་ནང་། སྤྱི་ཚོགས་འགུལ་བསྐྱོད་ཚོགས་པའི་སྐོར་སྔ་མའི་འཕྲོ། Friday 19/12/2014 Dalai Lama's teaching to Russian devotees concluded: Delhi China intensifies restrictions on media: Beijing Sikyong to join Global Leaders at Goa's India Ideas...

རེས་གཟའ་ཕུར་བུ། ༢༠༡༤།༡༢།༡༨

དོལ་རྒྱལ་བསྟེན་སྲོལ་ཐད་བསླབ་བྱ་བྱས་པའི་ཉེས་མིང་འོག་སླར་ཡང་བོད་མི་གཅིག་ལ་ལོ་བཅུའི་ཁྲིམས་ཆད། སངས་རྒྱས་མཁར་ལགས་ཀྱིས་གཙོས་རྒྱལ་གཅེས་པ་ཡོངས་ལ་གཞུང་འབྲེལ་མཆོད་འབུལ། སྐུ་ཞབས་ སཱན་དིབ་མིཤ་རམ་ ལགས་ནས་ཟླ་བ་གཉིས་ཙམ་རིང་ལ་བོད་དོན་རྐང་འཁོར་སྐོར་བསྐྱོད་གནང་བཞིན་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ནས་ ཐའི་ལེནཊ་ ནང་དུ་ཕྱོགས་ཕེབས་ཐེངས་དང་པོ་གནང་བ། ཨ་རིའི་གྲོས་ཚོགས་ནས་བོད་མིའི་ཆེད་ཨ་སྒོར་ས་ཡ་གསུམ་རོགས་དངུལ། འཕྲོད་བསྟེན་ཤེས་བྱ་ངོ་སྤྲོད་ཅེས་པའི་ལེ་ཚན་ནང་། རིམས་སྲུང་རིལ་བུའི་སྐོར་བཀའ་འདྲི་ཞུས་པ། Thursday 18/12/2014 Tibetan monk sentenced to 10 years imprisonment over Dolgyal issue Exile Tibetans pray for...

རེས་གཟའ་ལྷག་པ། ༢༠༡༤།༡༢།༡༧

སངས་རྒྱས་མཁར་ལགས་ནས་རང་ལུས་མེར་སྲེག་བཏང་རྗེས་འདས་གྲོངས་སུ་གྱུར་འདུག ༸གོང་ས་མཆོག་གིས་ཨུ་རུ་སུའི་དད་ལྡན་པ་ལ་སྤྱོད་འཇུག་གི་ཆོས་འབྲེལ་དབུ་འཛུགས། ལོ་འདིའི་ནང་རྒྱ་གཞུང་གིས་གསར་འགོད་པ་འཛིན་བཟུང་བཙོན་འཇུག་མང་ཤོས་བྱས་ཡོད་པ་གསུངས་འདུག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་གནང་འདུག རྒྱ་གར་ལྷོ་ཕྱོགས་སུ་བོད་རིགས་ཚན་རིག་སློབ་གཉེར་བ་དང་ཆེད་ལས་པ་ཚོགས་འདུ། དམིགས་བསལ་ལེ་ཚན། ༸གོང་ས་མཆོག་གིས་ལ་དྭགས་མཚན་ཉིད་སློབ་གྲྭར་བསྩལ་བའི་བཀའ་སློབ། Wednesday 17/12/2014 Tibetan man dies after self-immolation in Dome Amchok Dalai Lama starts three days teaching to Russian devotees in...

རེས་གཟའ་མིག་དམར། ༢༠༡༤།༡༢།༡༦

༸གོང་ས་མཆོག་ཚོགས་མགོན་དུ་དབུ་བཞུགས་དགའ་ལྡན་ལྔ་མཆོད་ཀྱི་མཆོད་འབུལ་ཚོགས་འདུག རྒྱ་གཞུང་ཉེན་རྟོག་པས་བོད་རིགས་སློབ་མ་གཅིག་དམར་བསད་བཏང་འདུག བོད་ཀྱི་རི་དྭགས་རྐྱང་གསོན་བཤུ་བྱེད་མཁན་རྒྱ་རིགས་གཉིས་ལ་ཁྲིམས་ཆད། སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སེེར་བྱེས་སུ་དབུ་མ་རིན་ཆེན་ཕྲེང་བའི་འཆད་ཁྲིད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་གར་རྒྱལ་ཡོངས་ནང་སྐོར་བསྐྱོད་གནང་བཞིན་པ། དམིགས་བསལ་ལེ་ཚན་དུ་དགའ་ལྡན་ལྔ་མཆོད་ངོ་སྤྲོད། Tuesday 16/12/2014 Dalai Lama presides over Je Tsongkhapa's death anniversary prayer in Delhi Tibetan youth beaten to death in Golok...

རེས་གཟའ་ཟླ་བ། ༢༠༡༤།༡༢།༡༥

ཞི་བདེའི་ལྷན་ཚོགས་ཀྱི་ཡོངས་ཁྱབ་བསྒྲགས་གཏམ་ནང་ཐེངས་འདིའི་ལྷན་ཚོགས་དེ་བཞིན་ལྷོ་ཨ་ཕི་རི་ཀའི་ནང་ཚོགས་མ་ཐུབ་པར་མང་པོ་ཞིག་ལ་བློ་ཕམ་བྱུང་ཡོད་པ་གསུངས་འདུག བཞུགས་སྒར་དུ་སྐུ་གཤེགས་མཁས་དབང་བཀྲི་ཤིས་ཚེ་རིང་མཆོག་གི་རྗེས་དྲན་བགྲོ་གླེང་ཚོགས་པ། ཀརྨ་པ་རིན་པོ་ཆེ་མཆོག་གིས་ནང་པའི་བཀའ་བསྟན་ལྟ་ཀློག་བྱ་རྒྱུའི་མཉེན་ཆས་གསར་པ་ཞིག་དབུ་འབྱེད་གནང་བ། ལྡི་ལིར་ཧི་མ་ལ་ཡ་དང་བོད་ཀྱི་རིག་གཞུང་དུས་སྟོན་གཉིས་མཇུག་སྒྲིལ། Monday 15/12/2014 "General sadness over missed opportunity in SA" : 14th Nobel laureate Summit Declaration Commemoration of Tashi Tsering's life time...

རེས་གཟའ་ཉི་མ། ༢༠༡༤།༡༢།༡༤

གཟའ་འཁོར་གཅིག་གི་བོད་དོན་དང་འབྲེལ་བའི་གལ་ཆེའི་གསར་འགྱུར་ལ་བསྐྱར་ཞིབ། བོད་ནང་གི་སློབ་གསོའི་རང་དབང་སྐོར་དམིགས་བསལ་བཅར་འདྲི་ཞུས་པ། Sunday 14/12/2014 Week review Right to Education in Tibet, interview ཉན་པ།:  Listen ཕབ་ལེན།  Download

རེས་གཟའ་སྤེན་པ། ༢༠༡༤།༡༢།༡༣

༸གོང་ས་མཆོག་གིས་ནོ་སྦེལ་ཞི་བདེའི་ལྷན་ཚོགས་སུ་ཞི་བདེའི་གལ་གནད་སྐོར་བླང་དོར་བཀའ་སློབ་དང་། ཨི་ཊ་ལིའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་དང་མཇལ་འཕྲད་མཛད་པ། ཁེ་ན་ཌའི་གཞུང་ནས་རྒྱ་གཞུང་ལ་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་འབྲེལ་མོལ་བསྐྱར་གསོའི་ཐད་གནོན་ཤུགས་སྤྲོད་དགོས་པའི་རེ་འབོད། བོད་མི་མང་སྤྱི་འཐུས་རྣམ་པ་ཁག་ཅིག་གིས་ཐེ་ཝན་ནང་གི་ཕྱོགས་ཕེབས་གནས་ཚུལ། མགོ་ལོག་དར་ལག་ཏུ་ས་གནས་བོད་མི་དང་རྒྱ་གཞུང་གི་ལས་བྱེད་དབར་འཁྲུག་འཛིང་། ཕྱི་དྲིལ་བཀའ་བློན་མཆོག་ནས་ཧྥ་རན་སི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་བ། དམིགས་བསལ་ལེ་ཚན། ༸གོང་ས་མཆོག་གིས་སྨན་བླའི་རྗེས་གནང་བསྩལ་སྐབས་སུ་ནང་ཆོས་ངོ་སྤྲོད་གནང་བ། Saturday 13/12/2014 Dalai Lama speaks about peace at Nobel Laureates Summit, meets with Mayor of Rome Canada urged to...

Latest news

- Advertisement -spot_img