Tibetan Royal Year of 2151 | Year of the Wood Dragon

audio english

རེས་གཟའ་པ་སངས་ཀྱི་གསར་འགྱུར་འགོ་བརྗོད་ཁག ༢༠༡༥།༠༡།༣༠

རྒྱ་ནག་གཞུང་དང་འབྲེལ་བ་ཡོད་ཚོད་མཐོ་རིམ་དཔོན་རིགས་ཤིག་གིས་༸གོང་ས་མཆོག་ལ་དད་གུས་ཡོད་པ་ཡོངས་གྲགས་སྒོ་ནས་གསུངས་འདུག ༸གོང་ས་མཆོག་དང་སྲིད་འཛིན་ཨོ་སྦ་མ་རྣམ་གཉིས་མཇལ་འཕྲད་གནང་སྲིད་པ་རེད་འདུག རྒྱ་ནག་ནང་ཆབ་སྲིད་ཀྱི་གཉའ་གནོན་ཚད་མཐོ་ཆགས་ཡོད་པ་གསལ་བཏོན་གནང་འདུག ༸གོང་ས་མཆོག་གིས་བོད་ཕྲུག་གཞོན་ཁག་ཅིག་ལ་ནང་ཆོས་ཀྱི་ཚན་རིག་དང་ལྟ་གྲུབ་ལ་སློབ་སྦྱོང་གནང་དགོས་གལ་ཡིན་པ་བཀའ་བསྩལ་འདུག ཡོ་རོབ་དང་ཨ་རིི་ནང་བོད་མིའི་རང་དབང་སྒེར་ལངས་ཀྱི་ལས་འགུལ་གྲ་སྒྲིག་གནང་བཞིན་པ། བོད་ནས་ཕེབས་པའི་ཁྱིམ་ཚང་༧༢ལྷག་ལ་ནང་སྲིད་ནས་ས་ཆ་གནང་འདུག Friday 30/01/2015 Former senior CPC official admits to being a spiritual follower of Dalai Lama Dalai Lama, Obama set to appear together for National Prayer Breakfast Political repression in China at a high mark: Human Rights Watch Dalai Lama speaks to Tibetan students in Delhi Europe Tibetans gear up for National Uprising day with ‘Europe stands with Tibet’ campaign CTA to allocate housing land to 72 families of newcomers from Tibet ཉན་པ།: Listen ཕབ་ལེན། Download

རེས་གཟའ་ཕུར་བུའི་གསར་འགྱུར་འགོ་བརྗོད་ཁག ༢༠༡༥།༠༡།༢༩

༸གོང་ས་མཆོག་གིས་མཐོ་རིམ་སློབ་མ་བཞི་སྟོང་བརྒལ་བ་ལ་སྙིང་རྗེ་དང་ཤེས་ཡོན་སྐོར་བཀའ་སློབ་བསྩལ་འདུག འབྲོག་ས་བཙན་འཕྲོག་སྐོར་ཞུ་འབོད་གནང་མཁན་བོད་མི་ཁག་ཅིག་བཙན་ཁྲིད་བྱས་འདུག རྒྱ་གཞུང་གིས་བོད་མི་ལས་བྱེད་ལ་ཉེས་ཆད་བཏང་བའི་གནད་དོན་ཐད་རྒྱལ་སྤྱིའི་བོད་དོན་ལས་འགུལ་ནས་སྐྱོན་བརྗོད་གནང་འདུག རྒྱ་ནག་གིས་དྲ་རྒྱ་ལྟ་ཉུལ་བྱེད་བཞིན་པ་ལ་བོད་མི་ཚོས་གདོང་ལེན་གནང་ཕྱོགས་སྐོར་གྱི་གློག་བརྙན་ཞིག་འདོན་སྤེལ་གནང་འདུག རྒྱ་ནག་དེ་བཞིན་རང་དབང་མེད་པའི་རྒྱལ་ཁབ་སྡུག་ཤོས་གྲས་སུ་མིང་བཏོན་གནང་འདུག འཕྲོད་བསྟེན་ཤེས་བྱ་ངོ་སྤྲོད་ཀྱི་ལེ་ཚན་ནང། བོད་ལུགས་དཔྱད་བཅོས་སྐོར། Thursday 29/01/2015 Dalai Lama speaks to over 4000 students at Kalindi College Tibetan nomads appealing against forced land grab arrested in Sichuan Punishing of TAR cadres for supporting Dalai Lama’s genuine autonomy, a radical and wrong move: ICT Freedom House report names China among nations with worst freedom ‘Tibet: Frontline of the New Cyberwar’ documentary on cyber threat for Tibetans HEALTH FEATURE: Mild therapy procedures in Tibetan medicine ཉན་པ།: Listen ཕབ་ལེན། Download

རེས་གཟའ་ལྷག་པ་གྱི་གསར་འགྱུར་འགོ་བརྗོད་ཁག ༢༠༡༥།༠༡།༢༨

ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་མེད་པར་བརྗོད་ནས་བོད་རང་སྐྱོང་ལྗོངས་ཀྱི་ལས་བྱེད་ཁག་ཅིག་ལ་ཉེས་ཆད་བཏང་འདུག ༸གོང་ས་མཆོག་གིས་རྒྱ་དཀར་ནག་དབར་འབྲེལ་བ་ཇི་ཙམ་ཉེ་ན་དེ་ཚོད་བོད་ལའང་ཡག་པོ་ཡོང་ངེས་ཡིན་པ་བཀའ་བསྩལ་འདུག Facebook དྲ་ལས་ཁང་ལ་ཞུ་སྙན་ཁྲི་གཉིས་ལྷག་ཕུལ་འདུག ༸གོང་ས་མཆོག་ཀོ་ལོ་ར་ཌོ་མངའ་སྡེར་ཆིབས་སྒྱུར་བསྐྱང་གཏན་འཁེལ་འདུག བོད་རིགས་ཁག་ཅིག་ལ་ཚོང་འབྲེལ་ནུས་པ་གོང་འཕེལ་སྐོར་ཟབ་སྦྱོང་གནང་འདུག Wednesday 28/01/2015 Over 15 cadres in TAR punished for unstable political stand Close ties between India and China will benefit Tibet: Dalai Lama ICT delivers a Care2 petition to Facebook headquarter Dalai Lama to visit Boulder in October this year CTA holds workshop on Empowering Tomorrow’s Entrepreneurs ཉན་པ།: Listen ཕབ་ལེན། Download

རེས་གཟའ་མིག་དམར་གྱི་གསར་འགྱུར་འགོ་བརྗོད་ཁག ༢༠༡༥།༠༡།༢༧

༧གོང་ས་མཆོག་གིས་མི་རབས་གསར་པ་ཚོས་འཛམ་གླིང་འདི་བཟང་སྤྱོད་ལྡན་པ་ཞིག་བཟོ་ཐུབ་ཀྱི་རེད་ཅེས་བཀའ་སྩལ་འདུག བོད་མི་ལས་བྱེད་པ་གསུམ་དམར་ཤོག་ཚོགས་མི་ནས་ཕྱིར་ཕུད་བཏང་འདུག ཆབ་སྲིད་བཙོན་པ་འཇམ་དབྱངས་བསྟན་འཛིན་ལགས་གློད་བཀྲོལ་ཐོབ་འདུག Tibetan Warrior ཞེས་པའི་བོད་དོན་འཐབ་རྩོད་སྐོར་གྱི་གློག་བརྙན་ཞིག་སུད་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་གཟིགས་འབུལ་ཞུ་བཞིན་འདུག འདི་ལོའི་ Brisbane བོད་ཀྱི་དུས་སྟོན་དེ་སྔ་ལོ་ལས་ཡག་པ་བྱུང་འདུག བོད་རིགས་གཞོན་སྐྱེས་ཁག་ཅིག་ལ་ཚོང་འབྲེལ་ནུས་པ་གོང་མཐོར་གཏོང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་ཞིག་གནང་འདུག དམིགས་བསལ་གླུ་གཞས་ཀྱི་ལེ་ཚན་ནང་། བོད་ནང་གི་གཞས་པ་ཕུལ་བྱུང་ལགས་ཀྱིས་བླངས་པའི་བླ་མ་བཟང་པོ། Tuesday 27/01/2015 Dalai Lama speaks at DAV Public School 3 Tibetan cadres expelled from CCP on political charges Tibetan political prisoner released Tibetan Warrior: New Tibetan film released Brisbane Tibetan Festival concludes Feature: “Lama Sangpo” by Phuljung ཉན་པ།: Listen ཕབ་ལེན། Download

རེས་གཟའ་ཟླ་བའི་གསར་འགྱུར་འགོ་བརྗོད། ༢༠༡༥།༠༡།༢༦

སྲིད་སྐྱོང་མཆོག་གིས་རྒྱ་གར་མང་གཙོའི་དུས་ཆེན་ཉིན་འཚམས་འདྲི་གནང་བ། སོག་རྫོང་དྲིལ་མདའ་དགོན་པའི་དགེ་འདུན་པ་གཅིག་ལ་ལོ་བཅུའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག རྒྱ་གཞུང་གིས་བིས་མདོ་རྫོང་གི་སྒེར་གཉེར་སློབ་གྲྭ་ཞིག་ལ་བཙན་འགོག་བྱས་པ། ཕྱི་དྲིལ་བཀའ་བློན་མཆོག་རྒྱ་གར་ལྷོ་ཕྱོགས་སུ་ཕྱོགས་ཕེབས་གནང་འདུག རྒྱ་ནག་ནང་གི་ཕྱི་རྒྱལ་གསར་འགོད་པའི་ལས་རོགས་ལ་སུན་གཙེར་གྱི་དཀའ་ངལ་འཕྲད་བཞིན་པ། བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས་ངོ་སྤྲོད་ཅེས་པའི་ལེ་ཚན་ནང། བོད་དང་གོ་མིན་ཏང་སྐོར་སྔ་མའི་འཕྲོ་ནས། Monday 26/01/2015 Sikyong greets India on Republic Day, welcomes Obama Tibetan monk sentenced to 10 years in prison Tibetan private school in Bido under pressure to close down DIIR Kalon tours South India China harassing and imprisoning Chinese working for foreign news outlets HISTORY FEATURE: Tibet and Kuomintang ཉན་པ།: Listen ཕབ་ལེན། Download

རེས་གཟའ་ཉི་མ། ༢༠༡༥།༠༡།༢༥

འདས་པའི་བདུན་ཕྲག་གཅིག་ནང་གི་བོད་དོན་དང་འབྲེལ་བའི་གལ་ཆེའི་གསར་འགྱུར་ལ་བསྐྱར་ཞིབ། Sunday 25/01/2015 Week Review ཉན་པ།: Listen ཕབ་ལེན། Download

རེས་གཟའ་སྤེན་པའི་གསར་འགྱུར་འགོ་བརྗོད་ཁག ༢༠༡༥།༠༡།༢༤

བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་བསྐྱར་བཅོས་ལམ་སྟོན་གྱི་ཟབ་སྦྱོང་དབུ་འཛུགས་གནང་འདུག སྲིད་སྐྱོང་མཆོག་གིས་རྒྱ་གཞུང་ནས་༸གོང་ས་མཆོག་དགོངས་པ་རྫོགས་རྒྱུའི་རེ་སྒུག་བྱེད་བཞིན་པ་དེ་ནི་ཧ་ཅང་ནོར་འཁྲུལ་ཆེན་པོ་ཡིན་སྐོར་གསུངས་འདུག བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཨ་རིའི་སྲིད་འཛིན་མཆོག་ལ་འབོད་སྐུལ་སྙན་ཞུ་ཕུལ་འདུག ཆབ་སྲིད་བཙོན་པ་འཕགས་པ་ལགས་གློད་བཀྲོལ་བཏང་འདུག ཉི་ཧོང་བ་ཞིག་གིས་བོད་མིའི་ཤེས་ཡོན་ཆེད་ཨ་སྒོར་འབུམ་གཅིག་ལྷག་ཞལ་འདེབས་གནང་འདུག གུང་སེང་བསྐྱོད་ས་མེད་མཁན་བོད་ཕྲུག་ཁག་ཅིག་སྐོར་བསྐྱོད་དུ་འཁྲིད་བཞིན་པ་རེད་འདུག Saturday 24/01/2015 Sikyong urges more Tibetans to register for Tibetan Medicare System China’s strategy of waiting for Dalai Lama to pass away is wrong: Sikyong TYC submits memorandum for US President Obama ahead of his India visit Tibetan political prisoner released after 11 years of imprisonment in Ngaba Dr. Takasu donates one lakh US dollars for Tibetan Scholarship Feel at Home: Tibetan destitute children find a home away from home ཉན་པ།: Listen ཕབ་ལེན། Download

རེས་གཟའ་པ་སངས་ཀྱི་གསར་འགྱུར་འགོ་བརྗོད་ཁག ༢༠༡༥།༠༡།༢༣

རྒྱ་གཞུང་གིས་སྐྱེ་རྒུ་མདོར་ཟབ་སྦྱོང་སློབ་གྲྭ་ཞིག་བཙན་འགོག་བྱས་འདུག རྒྱ་རིགས་སྤྱི་དམངས་རྩོད་ལེན་པ་གསུམ་འཕྲལ་དུ་གློད་བཀྲོལ་དགོས་པ་གསུངས་འདུག ཡི་ཤུའི་བླ་ཆེན་སྤོབ་མཆོག་ནས་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་ཐུབ་མེད་པའི་སྐོར་ལ་དབྱེ་ཞིབ་ཀྱི་དཔྱད་གཏམ་སྤེལ་བ། ཁ་བྲལ་ལ་གདོང་ལེན་བྱ་རྒྱུ་ནི་ནང་གི་བདེ་འཇགས་གཙོ་བོ་ཡིན་པ་གསུངས་འདུག བོད་དོན་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་མཇུག་སྒྲིལ་གནང་འདུག སྦར་ལིན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་བོད་ཀྱི་གློག་བརྙན་གཅིག་གཟིགས་འབུལ་ཞུ་གཏན་འཁེལ་འདུག ཕྱི་དྲིལ་འགྲེམས་སྟོན་ཚན་པས་ལྡི་ལི་བོད་ཁང་ནང་འཕགས་བོད་འབྲེལ་ལམ་སྐོར་འགྲེམས་སྟོན་གནང་འདུག Friday 23/01/2015 Tibetan winter school in Kyegudu forced to close down China urged to release leading rule of law activists Lone Indian activist concludes cycle rally for Tibet Fight against separatism, key to internal security: TAR People’s Procuratorate Sonthar Gyal’s River to be screened at Berlin International Film Festival Tibet museum concludes India tour with photography exhibition in Delhi ཉན་པ།: Listen ཕབ་ལེན། Download

རེས་གཟའ་ཕུར་བུའི་གསར་འགྱུར་འགོ་བརྗོད་ཁག ༢༠༡༥།༠༡།༢༢

རྒྱ་གཞུང་གིས་ཤེས་ཡོན་ལམ་ལུགས་ལ་ཡར་རྒྱས་མ་བཏང་བར་དུ་བོད་ཀྱི་སྐད་ཡིག་དེ་མུ་མཐུད་ཉེན་ཁའི་རང་བཞིན་དུ་ལྷུང་རྒྱུ་ཡིན་པ་གསུངས་འདུག ཨ་རིའི་རྩོམ་པ་པོ་ཞིག་ནས་རྒྱ་གཞུང་གིས་སྤེལ་བའི་གནས་ཚུལ་གཅིག་ལ་ངོས་ལེན་རྩ་བ་ནས་མེད་སྐོར་གསུངས་འདུག ཡི་ཤུའི་བླ་ཆེན་པོབ་མཆོག་གིས་༧གོང་ས་མཆོག་དང་མཇལ་འཕྲད་ཞུ་སྲིད་སྐོར་བཀའ་གནང་བར་རྒྱ་གཞུང་གིས་ལན་འདེབས་བྱས་འདུག བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་གར་རྒྱལ་ཡོངས་ནང་སྐོར་བསྐྱོད་གནང་འདུག Oscar གློག་བརྙན་བྱ་དགའ་འབུལ་ཡུལ་གྱི་འོས་གཞི་ཁོངས་མཆོད་མེ་ཞེས་པའི་བོད་དོན་གློག་བརྙན་གཅིག་ཚུད་འདུག འཕྲོད་བསྟེན་ཤེས་བྱ་ངོ་སྤྲོད་ཀྱི་དམིགས་བསལ་ལས་ཚན། སྨན་པ་བསྟན་འཛིན་མཐའ་ཡས་ལགས་ནས་རིམས་སྲུང་རིལ་བུའི་སྐོར་ལ་ངོ་སྤྲོད་གནང་པའི་ཚན་པ་མཐའ་མ། Thursday 22/01/2015 Tibetan language faces serious risk unless China introduces progressive policies: Tibet scholar New Yorker writer is surprised by byline in Chinese newspaper China sends message after Pope hints at Dalai Lama meeting TYC executives visit over 100 Tibetan winter business markets Butter Lamp: Tibetan short film in Oscar nomination HEALTH FEATURE: ‘Rimsung Rilbu’ ཉན་པ།: Listen ཕབ་ལེན། Download

Latest news