Tibetan Royal Year of 2151 | Year of the Wood Dragon

མགོ་ལོག་གི་གཞས་པ་ཞིག་དང་སྟོད་དིང་རི་ལྷ་གདོང་དགོན་པའི་དགེ་འདུན་བཞི་འཛིན་བཟུང།

Tibetan News Headlines

  • Monpa community offers ‘Tenshug’ to the Dalai Lama
  • Monpa Community and Tibetans Celebrate 90th Birthday of His Holiness the Dalai Lama in Dharamshala
  • 13 United Nations Special Procedures raise serious concerns about the construction of Kamtok hydroelectric dam in Tibet

རེས་གཟའ་སྤེན་པ། ༢༠༢༤།༠༩།༠༧

  • མོན་པའི་དད་ལྡན་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།
  • མོན་པས་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
  • རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ གྱིས་སྡེ་དགེ་སྐམ་ཐོག་གི་ཆུ་མཛོད་ལས་གཞིར་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གནང་འདུག

རྒྱ་གཞུང་ཉེན་རྟོག་པས་མགོ་ལོག་པདྨ་རྫོང་གི་གཞས་པ་གྲགས་ཅན་དཔལ་ལྡན་ལགས་ཀྱིས་ལ་རྒྱའི་གླུ་བླངས་པའི་ཉེས་མིང་འོག་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་ལྟར་ད་ལྟའི་ཆར་ཁོང་མགོ་ལོག་པདྨ་རྫོང་གི་བཙོན་ཁང་དུ་བཞག་པ་མ་ཚད་པར་དེ་བཞིན་བོད་རང་སྐྱོང་ལྗོངས་ཟེར་བའི་སྟོད་དིང་རི་རྫོང་གད་དམར་ཤང་ནུབ་ལུང་གྲོང་སྡེའི་ལ་སྟོད་ལྷོའི་ཤྭ་རི་དཔལ་གྱི་ལྷ་གདོང་དགོན་པའི་དགེ་འདུན་པ་བཞི་འཛིན་བཟུང་བྱས་པར་བརྟེན་ཤེས་རྟོགས་མེད་པར་གྱུར་འདུག

རྒྱ་ནག་གིས་བོད་ཀྱི་རྩོམ་པ་པོ་དང་སྒྱུ་རྩལ་བ། ཤེས་ལྡན་མི་སྣ་སོགས་ལ་དམ་བསྒྲགས་ཆེས་ཆེར་བྱས་དང་བྱེད་བཞིན་པའི་འོག་གནད་དོན་འདྲ་མིན་ལ་ཁ་གཡར་ཏེ་འཛིན་བཟུང་བཀག་ཉར་བྱེད་མུས་ཁྲོད་ཉེ་ལམ་རྒྱ་གཞུང་ཉེན་རྟོག་པས་མགོ་ལོག་པདྨ་རྫོང་དྷི་མདའ་ཡུལ་མཚོའི་ཡོ་སྟག་ནས་ཡིན་པའི་གཞས་པ་དཔལ་ལྡན་ལགས་སུ་ལ་རྒྱའི་གླུ་བླངས་པའི་ཉེས་མིང་འོག་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

གསར་འགོད་པར་འབྲེལ་ཡོད་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བར་གཞིགས་ན། མགོ་ལོག་པདྨ་རྫོང་དུ་ཁྲིམས་ཁང་མེད་སྟབས་ཁྲིམས་ལྟར་ཁོང་ལ་མགོ་ལོག་ཁུལ་ནས་ཁྲིམས་ཐག་བཅད་དགོས་ཀྱི་ཡོད་ཀྱང་། རྒྱ་གཞུང་ཉེན་རྟོག་པས་དཔལ་ལྡན་ལགས་ཀྱི་མིར་ཁོང་ལ་ལོ་གསུམ་གྱི་ཁྲིམས་ཐག་བཅད་ཡོད་ཚུལ་བཤད་པ་མ་གཏོགས། ཁྲིམས་ཐག་བཅད་པའི་གཞུང་འབྲེལ་གྱི་ཡིག་ཆ་སོགས་གང་ཡང་མཁོ་སྤྲོད་བྱེད་ཀྱི་མི་འདུག་ཅེས་གསུངས་སྐོར་ངོ་སྤྲོད་གནང་སོང་།

གཞི་རྩའི་གླུ་བ་དཔལ་ལྟན་ལགས་ནི་མགོ་ལོག་པདྨ་རྫོང་དྷི་མདའ་ཡུལ་ཚོའི་ཡོ་སྟག་སྡེ་བ་ནས་ཡིན་པ་དང། ཁོང་ནི་བོད་ཁམས་ཡོངས་སུ་གྲགས་ཆེ་བའི་གླུ་བ་ཞིག་དང་། ཁོང་གི་མགྱོགས་འཕྲིན་ལ་རྗེས་འབྲང་བྱེད་མཁན་མི་གྲངས་ ༩༨༠༠༠ ལྷག་ཡོད་པ་རེད།

གཞན་ཡང་། བོད་རང་སྐྱོང་ལྗོངས་ཟེར་བའི་སྟོད་དིང་རི་རྫོང་ཁུལ་ནས་ཐོན་པའི་འབྲེལ་ཡོད་གནས་ཚུལ་ཞིག་གི་ནང་གསལ། རྫོང་དེའི་ནུབ་ལུང་གྲོང་སྡེར་ལོ་ལྟར་ཞབས་རིམ་དང་སྨོན་ལམ་གསོག་སྒྲུབ་སོགས་དགེ་བའི་ལས་ལ་གཞོལ་སྲོལ་ཡོད་པ་བཞིན་འདི་ལོ་ཞབས་རིམ་གསོག་སྒྲུབ་སྐབས་ལྷ་གདོང་དགོན་པའི་དགེ་འདུན་པ་བཞིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོནམ་ཆེན་པོ་མཆོག་༸སྐུ་ཚེ་བསྐལ་བརྒྱར་བརྟན་ཕྱིར་༸གོང་ས་མཆོག་གི་ཞབས་རིམ་གསོག་སྒྲུབ་གནང་ཡོད་ཚུལ་གྱི་ཉེས་མིང་འོག་ཉེན་རྟོག་པས་འཛིན་བཟུང་བྱས་འདུག

ཉེ་ལམ་དིང་རི་རྫོང་གི་ཉེན་རྟོག་པ་ལྔ་གློ་བུར་དགོན་པར་བསླེབས་ནས་བསོད་ནམས་ལགས་དང་སྐལ་བཟང་ཚེ་རིང་ལགས། ཉི་མ་ལགས། ཕུན་ཚོགས་ལགས་བཅས་ཁྱོན་དགེ་འདུན་པ་བཞི་འཛིན་བཟུང་བྱས་ནས་ཟླ་བ་གསུམ་ལྷག་སོང་ཡོད་ཀྱང་། ཁོང་རྣམ་པའི་ནང་མི་སྤུན་མཆེད་དང་ཡུལ་མི་སུས་ཀྱང་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་གྱུར་འདུག

དགོན་པ་དེར་དགེ་འདུན་པ་ ༡༤ ཙམ་མ་གཏོགས་མེད་ཀྱང་། ད་ལན་དགེ་འདུན་པ་བཞི་འཛིན་བཟུང་བྱས་རྗེས་དགོན་པར་ལྟ་རྟོག་དོ་དམ་པ་གཉིས་མུ་མཐུད་ནས་བསྐོ་གཞག་བྱས་ཏེ་དམིགས་བསལ་ལྟ་ཞིབ་ནན་པོ་དང་། གྲྭ་ཤག་སྔོག་བཤེར་དང་ནུབ་ལུང་གྲོང་སྡེའི་ཡུལ་མི་དང་སྡེ་དཔོན་རྣམས་སྐད་བཏང་ནས་འདྲི་རྩད་དང་བཀག་ཉར་བྱས་པར་མ་ཟད། སླད་མར་ཡུལ་མི་དང་སྡེ་དཔོན་རྣམས་ནས་དུས་ཆེན་གང་འདྲ་ཞིག་སྲུང་བརྩི་ཞུ་ཡི་ཡོད་ཀྱང་། ༸གོང་ས་མཆོག་དང་འབྲེལ་བའི་སྨོན་ལམ་དང་ཞབས་རིམ་གསོག་སྒྲུབ་གནང་མི་ཆོག་པའི་ཡིག་གན་བཞག་དགོས་པའི་བཙན་བཀའ་བཏང་འདུག འབྲེལ་ཡོད་པར་བོད་ཀྱི་དུས་བབ་དང་སྤྱི་ཚོགས་དྲ་རྒྱ་ལས་བཏུས།

འབྲེལ་ཡོད་གསར་གནས།

གསར་གནས།