Tibetan Royal Year of 2151 | Year of the Wood Dragon

གནམ་གཤིས་ཕོར་པའི་རྐང་སྤོལ་རྩེད་འགྲན་གྱི་ཨང་རིམ་གཉིས་པ་བོད་རྒྱལ་ཡོངས་རྐང་སྤོལ་རུ་ཁག་ལ་ཐོབ་པ།

Tibetan News Headlines

  • India declines China’s request to resume flights after 4 years, says ‘no flights without border peace’
  • Tibetan parliament appoints Passang Tsering as member of the Public Service Commission
  • China named amongst countries with policy or pattern of government-sponsored trafficking
  • Alalamo: Jhola Techung’s ‘Gratitude Song to India’ and Toeshey ‘Dhakpa’

རེས་གཟའ་མིག་དམར། ༢༠༢༤།༠༦།༢༥

  • ས་མཚམས་སུ་ཞི་བདེ་སླར་གསོ་མ་བྱུང་བར་ཕྱོགས་གཉིས་ཀྱི་གནམ་གྲུའི་འགྲུལ་བཞུད་གཙོས་རྒྱུན་ལྡན་གྱི་འབྲེལ་ལམ་བསྐྱར་གསོ་ཐུབ་ཐབས་མེད་པ་གསུངས་འདུག
  • པ་སངས་ཚེ་རིང་ལགས་ལས་བྱེད་འདེམས་ལྷན་གྱི་ཚོགས་མིར་བསྐོ་གཞག
  • རྒྱ་ནག་ནང་དུ་སྲིད་གཞུང་གི་རྒྱབ་སྐྱོར་ཡོད་པའི་མི་ཚོང་ལས་དོན་བྱུང་བཞིན་པ་མངོན་གསལ་གནང་འདུག
  • ཨ་ལ་ལ་མོའི་ལེ་ཚན། ཇོ་ལགས་བཀྲས་ཆུང་ལགས་ཀྱིས་བླངས་པའི་དྲིན་ཆེན་རྒྱ་གར་དང་། དག་པ་ཤེལ་རི་དཀར་པོ།

དེ་རིང་ཕྱི་ཚེས་ ༧ ཉིན་ལ་དྭགས་སུ་ Climate Cup ཞེས་གནམ་གཤིས་ཕོར་པའི་རྐང་སྤོལ་རྩེད་འགྲན་གྱི་ཆེས་མཐའ་མའི་འགྲན་བསྡུར་གནང་སྐབས་བོད་རྒྱལ་ཡོངས་རྐང་སྤོལ་རུ་ཁག་ཨང་རིམ་གཉིས་པ་སོན་ཡོད། 

རྩེད་འགྲན་དེ་ཟླ་ ༩ ཚེས་ ༡ ནས་དབུ་འཛུགས་ཀྱིས་དེ་རིང་བར་ཉིན་གྲངས་བདུན་གྱི་རིང་གནང་ཡོད་པ་དང་། དེ་རིང་ཆེས་མཐའ་མའི་རྩེད་འགྲན་ཁྲོད་བོད་རྒྱལ་ཡོངས་རྐང་སྤོ་རུ་ཁག་དང་ལྡི་ལི་རྐང་སྤོལ་རུ་ཁག་གཉིས་དབར་རྩེད་འགྲན་གནང་སྟེ། སྤོ་ལོ་ ༦ དང་ ༠ བཅས་མཐའ་མའི་རྒྱལ་ཁ་དེ་ལྡི་ལི་རྐང་སྤོལ་རུ་ཁག་ལ་ཐོབ་ཡོད་པ་དང་། བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོ་རུ་ཁག་ཨང་གཉིས་པ་སོན་སྟབས་རུ་ཁག་ལ་ལེགས་གསོའི་བྱ་དགའ་ཧིན་སྒོར་འབུམ་གཉིས་གནང་ཡོད།

རྩེད་འགྲན་གྱི་ཉིན་མཐའ་མའི་མཛད་སྒོ་ཐོག་སྐུ་མགྲོན་གཙོ་བོ་མངའ་སྡེའི་སྲིད་སྐྱོང་གཞོན་པ་སྐུ་ཞབས་ Dr. B D Mishra མཆོག་དང་ལ་དྭགས་གླེ་རང་སྐྱོང་རི་ལྗོངས་ལྷན་ཚོགས་ཀྱི་སྡེ་དཔོན་བཀྲ་ཤིས་རྒྱལ་མཚན་ལགས། རྒྱ་གར་གྱི་རྐང་སྤོལ་རྩེད་འགྲན་པ་གྲགས་ཅན་ Bhaichung Bhutia ལགས། དེ་བཞིན་ཇམ་མུ་དང་ཀཤ་མིར། ལ་དྭགས་ཁུལ་དུ་ཕྱོགས་སྐྱོད་བོད་མི་མང་སྤྱི་འཐུས་གསུམ་གཙོས་ ཁུལ་དེའི་གནད་ཡོད་མི་སྣ་དང་རྩེད་འགྲན་པ། དེ་བཞིན་གཟིགས་མོ་བ་བཅས་ཕེབས་འདུག

སྐབས་དེར་སྐུ་མགྲོན་གཙོ་བོ་མངའ་སྡེའི་སྲིད་སྐྱོང་གཞོན་པ་སྐུ་ཞབས་ Dr. B D Mishra མཆོག་གིས་ལ་དྭགས་ཁུལ་དུ་གནམ་གཤིས་ཕོར་པ་ཞེས་ལོ་རྒྱུས་རང་བཞིན་ལྡན་པའི་རྩེད་འགྲན་ཞིག་འགོ་འཛུགས་གནང་ཡོད་པ་དང་འབྲེལ། གཞོན་སྐྱེས་ཚོའི་ངོས་ནས་རྩེད་རིགས་ལ་དོ་སྣང་གནང་དགོས་གལ་དང་། ཁུལ་དེར་གནས་སྡོད་མི་མང་ཚོའི་ངོས་ནས་སླད་མར་དེ་ལྟར་རྒྱབ་སྐྱོར་གནང་དགོས་པ་སོགས་གསུངས་སོང་།

ལ་དྭགས་གླེ་རང་སྐྱོང་རི་ལྗོངས་ལྷན་ཚོགས་ཀྱི་སྡེ་དཔོན་བཀྲིས་རྒྱལ་མཚན་ལགས་ཀྱིས་ Climate Cup ཞེས་གནམ་གཤིས་ཕོར་པའི་རྩེད་འགྲན་གོ་སྒྲིག་གནང་དོན་ནི། དེང་གི་འཆར་འཛམ་གླིང་ཁྱོན་ཡོངས་སུ་ཚ་དྲོད་རྒྱས་བཞིན་པ་དང་ལྷག་པར་ལ་དྭགས་སུ་དེའི་མཇུག་འབྲས་མངོན་གསལ་ཡོད་སྟབས། ཁུལ་འདི་ནས་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་བརྡ་ལན་དང་གོ་རྟོགས་སྤེལ་ཆེད་རྩེད་འགྲན་དེ་གོ་སྒྲིག་གནང་བ་ཞིག་ཆགས་ཡོད་ཅེས་དང་། གནད་དོན་དེའི་ཐོག་འཛམ་གླིང་གི་འགྲོ་བ་ཀུན་ནས་ཐུགས་སྣང་རྒྱ་ཆེར་གནང་དགོས་གལ་ཡིན་པར་གསུངས་སོང་།

ཁོང་གིས་ད་དུང་རྩེད་འགྲན་འདི་ནི་ལ་དྭགས་ཁུལ་གྱི་གཞོན་སྐྱེས་རྣམས་ལ་རྩེད་རིགས་གོ་སྐབས་དང་དོ་སྣང་བསྐྲུན་ཆེད་ཡིན་པ་དང་། ལྷག་པར་དུ་རྩེད་འགྲན་པ་རྣམས་ཀྱི་རྩེད་གོས་མཚོན་པའི་ཅ་དངོས་མང་པོ་ཞིག་བསྐྱར་བཟོ་གནང་བ་ཆགས་ཡོད་ཅེས་སོགས་གསུངས་ཡོད།

རྩ་བའི་ཐེངས་འདིའི་རྐང་སྤོལ་རྩེད་འགྲན་ནང་བོད་རྒྱལ་ཡོངས་རྐང་སྤོལ་རུ་ཁག་དང་། UT Ladakh ཞེས་དབུས་འཛིན་མངའ་ཁུལ་ལ་དྭགས་རུ་ཁག དེ་བཞིན་ལ་དྭགས་རྐང་སྤོལ་རུ་ཁག ལྡི་ལི་རྐང་སྤོལ་རུ་ཁག་བཅས་རུ་ཁག་བཞི་ནས་མཉམ་ཞུགས་གནང་ཡོད་པ་དང་། རྩེད་འགྲན་དེ་ནི་ལ་དྭགས་དབུས་གཞུང་མངའ་སྡེའི་འཛིན་སྐྱོང་དང་ལ་དྭགས་གླེ་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་གཉིས་ནས་གོ་སྒྲིག་གནང་ཐོག་ལ་དྭགས་རྐང་སྤོལ་རྩེད་རིགས་ཚོགས་པའི་ཐུགས་འགན་བཞེས་ཏེ་གླེ་དཔེ་ཐུབ་རྩེད་རར་གོ་སྒྲིག་གནང་བ་ཞིག་ཆགས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།