Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གི་ཚོང་རར་མ་འཛུགས་གནང་འོས་པ་མི་འདུག་ཅེས་གསུངས་པ།

Tibetan News Headlines

  • India declines China’s request to resume flights after 4 years, says ‘no flights without border peace’
  • Tibetan parliament appoints Passang Tsering as member of the Public Service Commission
  • China named amongst countries with policy or pattern of government-sponsored trafficking
  • Alalamo: Jhola Techung’s ‘Gratitude Song to India’ and Toeshey ‘Dhakpa’

རེས་གཟའ་མིག་དམར། ༢༠༢༤།༠༦།༢༥

  • ས་མཚམས་སུ་ཞི་བདེ་སླར་གསོ་མ་བྱུང་བར་ཕྱོགས་གཉིས་ཀྱི་གནམ་གྲུའི་འགྲུལ་བཞུད་གཙོས་རྒྱུན་ལྡན་གྱི་འབྲེལ་ལམ་བསྐྱར་གསོ་ཐུབ་ཐབས་མེད་པ་གསུངས་འདུག
  • པ་སངས་ཚེ་རིང་ལགས་ལས་བྱེད་འདེམས་ལྷན་གྱི་ཚོགས་མིར་བསྐོ་གཞག
  • རྒྱ་ནག་ནང་དུ་སྲིད་གཞུང་གི་རྒྱབ་སྐྱོར་ཡོད་པའི་མི་ཚོང་ལས་དོན་བྱུང་བཞིན་པ་མངོན་གསལ་གནང་འདུག
  • ཨ་ལ་ལ་མོའི་ལེ་ཚན། ཇོ་ལགས་བཀྲས་ཆུང་ལགས་ཀྱིས་བླངས་པའི་དྲིན་ཆེན་རྒྱ་གར་དང་། དག་པ་ཤེལ་རི་དཀར་པོ།

ཨ་རིའི་ཚོང་འབྲེལ་གྱི་དྲུང་ཆེ་ལྕམ་ Gina Raimondo ལགས་ཀྱིས་རྒྱ་ནག་ནང་ཨ་རིའི་ཚོང་ལས་སྡེ་ཁག་ནས་ཚོང་དང་འབྲེལ་བའི་དཔལ་འབྱོར་གྱི་མ་འཛུགས་གནང་འོས་པ་མི་འདུག་ཅེས་གསུངས་འདུག

ཉེ་ཆར་རེས་གཟའ་ཉི་མའི་ཉིན་ཨ་རིའི་ཚོང་འབྲེལ་གྱི་དྲུང་ཆེ་ལྕམ་ Gina Raimondo ལགས་རྒྱ་ནག་ཏུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ཏེ། རྒྱལ་ས་པེ་ཅིང་དུ་རྒྱ་ནག་གི་སྲིད་བློན་ Li Qiang དང་སྲིད་བློན་གཞོན་པ་ He Lifeng རྒྱ་ནག་གི་ཚོང་འབྲེལ་བློན་ཆེན་ Wang Wentao བཅས་ཀྱིས་གཙོས་པའི་གཞུང་དང་ཚོང་ལས་སྡེ་ཁག་གི་གནད་ཡོད་མི་སྣ་ཁག་ཅིག་དང་ཐུག་འཕྲད་ཀྱིས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་དབར་འཕྲད་བཞིན་པའི་ཚོང་དང་དཔལ་འབྱོར་གྱི་དཀའ་ངག་ཁག་སེལ་ཐབས་སོགས་ གྲོས་བསྡུར་གནང་ཡོད་པ་རེད། 

གྲོས་བསྡུར་ཁྲོད་རྒྱ་ནག་ཕྱོགས་ནས་ཨ་རིས་རྒྱ་ནག་གི་ཚོང་ཟོག་ཐོག་ཁྲལ་འབབ་གཙོས་དམ་བསྒྲགས་རིགས་ཕྱིར་འཐེན་བྱེད་དགོས་པའི་དགོས་འདུན་སོགས་བཏོན་འདུག་པ་དང་། སྐབས་དེར་ལྕམ་ Gina Raimondo ལགས་ཀྱིས་རྒྱ་ནག་གཞུང་ནས་རྒྱ་ནག་ཏུ་ཡོད་པའི་ཨ་རིའི་ཚོང་ལས་སྡེ་ཁག་ལ་ངེས་མེད་སྔོག་གཤེར་དང་། ཆད་པ་བཏང་བ་སོགས་ཀྱི་བྱ་སྤྱོད་རྣམས་འཕྲལ་མར་མཚམས་འཇོག་བྱེད་དགོས་སྐོར་གསུངས་པར་མ་ཟད། ལྷག་པར་ད་ལྟའི་དམ་བསྒྲགས་དང་ཕྱི་གསལ་ནང་གསལ་མེད་པའི་རྒྱ་ནག་གི་ཚོང་རར་ཨ་རིའི་ཚོང་ལས་སྡེ་ཚན་མི་ཉུང་བ་ཞིག་ནས་མ་འཛུགས་གནང་འོས་པ་མི་འདུག་ཅེས་འགྲེལ་བརྗོད་དང་སྦྲགས། ཨ་རིའི་ཚོང་ལས་སྡེ་ཁག་དེ་དག་རྒྱལ་ཁབ་གཞན་གྱི་ཁྲོམ་རར་མ་འཛུགས་གནང་རྒྱུའི་ཐབས་ལམ་འཚོལ་བཞིན་ཡོད་པ་རེད་ཅེས་གསུངས་འདུག

རྒྱ་ནག་གི་སྲིད་བློན་དང་སྲིད་བློན་གཞོན་གཉིས་དང་ཐུག་འཕྲད་སྐབས་ཨ་རིའི་ངོས་ནས་ཁོར་ཡུག་གི་གནད་དོན་གཙོས་འཛམ་གླིང་སྤྱི་དང་འབྲེལ་བ་ཡོད་པའི་གནད་དོན་ཁག་ལ་རྒྱ་ནག་དང་མཉམ་ལས་བྱེད་རྒྱུའི་མདུན་པ་ཡོད་ཀྱང་། ཨ་རི་རྒྱབ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བའི་གནད་དོན་ལ་ཐུག་སྐབས་ཨ་རིའི་ངོས་ནས་གདོང་ལེན་ངེས་པར་དུ་གནང་གི་རེད་ཅེས་སོགས་གསུངས་འདུག  རྒྱ་ནག་གི་ཚོང་འབྲེལ་བློན་ཆེན་ Wang Wentao དང་གྲོས་མོལ་ཁྲོད་རྒྱལ་ཁབ་ཕྱོགས་གཉིས་ཀྱི་ཚོང་འབྲེལ་གནས་བབ་ཡར་རྒྱས་ཡོང་ཐབས་སུ་ཕྱོགས་གཉིས་དབར་གྲོས་མོལ་གྱི་བརྒྱུད་ལམ་བཟང་དུ་གཏོང་དགོས་པར་མ་ཟད། རྒྱ་ནག་གཞུང་གིས་རྒྱལ་ནང་དུ་ཡོད་པའི་ཨ་རིའི་ཚོང་ལས་སྡེ་ཚན་ཁག་ལ་དམ་བསྒྲགས་དང་སུན་གཙེར་བཟོ་རྒྱུ་མཚམས་འཇོག་དགོས་པ་སོགས་གསུངས་པ་དང་ཆབས་ཅིག ཨ་རིའི་ངོས་ནས་རྒྱ་ནག་གི་ཕྱི་ཚོང་ལ་དམ་བསྒྲགས་བྱེད་བཞིན་པ་དེ་དག་ནི་ཨ་རི་རྒྱབ་ཁག་ཀྱི་བདེ་འཇགས་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་བ་ཡོད་པ་ལས་རྒྱ་ནག་གི་ཚོང་ལ་གྱོང་གུད་གཏོང་ཐབས་ཀྱི་ཐབས་བྱུས་ཤིག་མ་རེད་ཅེས་གསུངས་འདུག

གཞན་ཡང་ལྕམ་ Gina Raimondo ལགས་ཀྱིས་འཚམས་གཟིགས་ཁྲོད་དུ་རྒྱ་ནག་གི་རིག་གཞུང་དང་ཡུལ་སྐོར་བའི་བློན་ཆེན་ Hu Heping དང་ཐུག་འཕྲད་གནང་སྟེ་ཨ་རྒྱ་གཉིས་དབར་རིག་གཞུང་བརྗེ་རེས་ཀྱི་ལས་གཞི་དང་། མི་མང་འགྲོ་སྐྱོད་ཀྱི་གནས་སྟངས་སོགས་ཀྱི་སྐོར་ལ་གྲོས་བསྡུར་གནང་འདུག གཞི་རྩའི་ཨ་རིའི་ཚོང་འབྲེལ་གྱི་དྲུང་ཆེ་ལྕམ་ Gina Raimondo ལགས་རྒྱ་ནག་ཏུ་ཕེབས་པ་ནི་ཉེ་ལམ་ཕྱི་ཟླ་དྲུག་པ་དང་བདུན་པ་སོ་སོར་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་དང་ཨ་རིའི་ནོར་སྲིད་དྲུང་ཆེ་ལྕམ་སྐུ་ Janet Yellen མཆོག་བཅས་རྒྱ་ནག་ཏུ་ཕེབས་རྗེས་སུ་སྲིད་འཛིན་ Biden སྲིད་གཞུང་གི་ཆེས་མཐོའི་དབུ་ཁྲིད་རྒྱ་ནག་ནང་ཕེབས་པ་ཐེངས་དང་པོ་ཆགས་ཀྱི་ཡོད་པ་དང་། ལྕམ་ Gina Raimondo ལགས་ཀྱིས་དེ་རིང་འཚམས་གཟིགས་ཀྱི་ཉིན་མཐའ་མའི་ཐོག་རྒྱ་ནག་དམག་ཤོག་གཞུང་གི་ཆེས་མཐོའི་འགོ་ཁྲོད་ཁོངས་སུ་ཡོད་པའི་བེུད་ཀྱི་འགོ་ཁྲིད་ཁག་དང་ཐུག་འཕྲད་གནང་གི་ཡོད་པ་རེད།  

འབྲེལ་ཡོད་གསར་གནས།

གསར་གནས།