Tibetan Royal Year of 2151 | Year of the Wood Dragon

Martin Luther King གསུམ་པ་མཆོག་དང་༸གོང་ས་ཏཱ་ལའི་བླ་མའི་ཞི་བདེ་དང་ཤེས་ཡོན་བསྟི་གནས་ཁང་གི་མི་སྣར་མཇལ་ཁ་སྕལ་བ།

Tibetan News Headlines

  • འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པའི་བུ་ཕྲུག་ཐོག་མཉམ་བསྡུས་ཀྱི་ཉེས་ཆད་འགེལ་བཞིན་པ་མངོན་གསལ།
  • སྨར་ཁམས་རྫོང་ནང་རྒྱ་མི་དང་བོད་མི་དབར་འཁྲུག་རྩོད་ཤོར་ནས་བོད་མི་བཞི་འཛིན་བཟུང་བྱས་འདུག
  • འཇར་མ་ནིའི་སྲིད་བློན་མཆོག་གིས་རྒྱ་གཞུང་ལ་དྲང་བདེན་གྱི་ཚོང་ལས་གཉེར་དགོས་ཞེས་ཉེན་བརྡ་བཏང་འདུག
  • བལ་ཡུལ་ལྷ་མོ་ཚོགས་པ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་འཁྲབ་སྟོན་པ།

Tuesday 16/04/2024

  • China using ‘collective punishment’ against activists’ families: Rights group
  • 4 arrested over protest against seizure of pastureland in Tibet
  • Germany’s Scholz calls for fair competition, warns against dumping during China visit
  • Nepal Tibetan Lhamo Association and its Himalayan artists: Feature

དེ་རིང་སྔ་དྲོ་ཆུ་ཚོད་ ༨ ཙམ་ལ་ Dr. Martin Luther King མ་ཊིན་ལུ་ཐར་ཀིང་གྱི་བུ་དང་ནང་མི། དེ་བཞིན་ཁེ་ན་ཌའི་ Vancouver ཝེན་ཁུ་ཝར་ནང་རྟེན་གཞི་བྱེད་པའི་༸གོང་ས་ཏཱ་ལའི་བླ་མའི་ཞི་བདེ་དང་ཤེས་ཡོན་བསྟི་གནས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཁག་གཅིག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཆེད་ཕེབས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་པ་དང་། མགོན་པོ་༸གང་ཉིད་མཆོག་གིས་སྐབས་དེར་འགྲོ་བ་མི་ཚང་མ་གཅིག་གྱུར་གྱི་འདུ་ཤེས་གཞིར་བཞག་ཐོག་གོ་ལ་སྤྱིའི་འགན་ཁུར་ལེན་དགོས་གལ་ཡིན་པར་ལམ་སྟོན་བཀའ་དྲིན་སྩལ་འདུག

Martin Luther King 3rd HHDL Audience

དེའང་དེ་རིང་སྔ་དྲོ་ཨ་རིའི་སྙན་གྲགས་ཅན་གྱི་སྤྱི་དམངས་ཐོབ་ཐང་རྩོད་ལེན་པ་དང་ནོ་ཝེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ Dr. Martin Luther King Jr དམ་པ་དེ་ཉིད་ཀྱི་སྲས་ Martin Lurther King གསུམ་པ་དང་ཁོང་གི་ནང་མི། གཞོན་སྐྱེས་ལས་འགུལ་བ་གྲགས་ཅན་སྐུ་ཞབས་ Craig Kielburger ལགས་དང་ Marc Kielburger ལགས། དེ་བཞིན་ཝེན་ཁུ་ཝར་ནང་རྟེན་གཞི་བྱེད་པའི་༸གོང་ས་ཏཱ་ལའི་བླ་མའི་ཞི་བདེ་དང་ཤེས་ཡོན་བསྟི་གནས་ཁང་གསར་འཛུགས་གནང་མཁན་ཁོངས་སུ་ཡོད་པ་སྐུ་ཞབས་ Victor Chan ལགས་ཀྱི་གཙོས་གཞན་འགན་འཛིན་ལྷན་ཚོགས་ཀྱི་མི་སྣ་ཁག་གཅིག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་པ་དང་འབྲེལ། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་ཁོང་རྣམས་ལ་ང་དང་ངའི་རྒྱལ་ཁབ་དང་ཆོས་ལུགས་དེ་བཞིན་མི་རིགས་སོགས་ཀྱི་ལྟ་བའི་འོག་ནས་མི་ཕན་ཚུན་དབར་དང་སྡེ་ཚན་བྱེ་བྲག་གི་དབར་དུ་དགྲར་འཛིན་གྱི་བསམ་བློ་ཡོང་གི་ཡོད་པ་དེ་ནི་ནོར་འཁྲུལ་ཞིག་ཡིན་པར་བཀའ་སྩལ་ཏེ། འགྲོ་བ་མི་ཚང་མ་གཅིག་གྱུར་གྱི་འདུ་ཤེས་གཞིར་བཞག་ཐོག་གོ་ལ་སྤྱིའི་འགན་ཁུར་ལེན་དགོས་གལ་ཡིན་པར་ལམ་སྟོན་བཀའ་དྲིན་སྩལ་འདུག

Martin Luther King 3rd HHDL Audience

དེ་བཞིན་༸གོང་ས་མཆོག་གིས་ད་ལྟ་འཚར་ལོངས་བྱུང་བཞིན་པའི་ན་གཞོན་སློབ་མ་གཙོས་གཞོན་སྐྱེས་ཚོས་འཛམ་གླིང་སྤྱིའི་བདེ་དོན་དང་གོ་ལའི་འགྱུར་ལྡོག་ལ་གཞིགས་པའི་བསམ་བློ་གསར་པ་གཏོང་དགོས་གལ་གྱི་ལམ་སྟོན་མཛད་པ་དང་འབྲེལ། མི་རེ་ངོ་རེ་ནས་རང་ཉིད་ཀྱི་རྣམ་དཔྱོད་དེ་བཟང་ཕྱོགས་སུ་སྤྱོད་ཐོག་འགྲོ་བ་མིའི་གཅིག་གྱུར་གྱི་འདུ་ཤེས་ཐད་དགོངས་པ་བཞེས་རྒྱུ་ནི་ཚང་མའི་འགན་ཡིན་པར་བཀའ་སྩལ་འདུག

Martin Luther King 3rd HHDL Audience

སྔ་དྲོའི་མཇལ་ཁ་ལེགས་གྲུབ་ཟིན་མཚམས་སུ་དེ་རིང་གི་མཇལ་མོལ་སྤྱི་ཡོངས་དང་འབྲེལ་ ༸སྐུའི་དབྱིན་སྐད་གསུང་བསྒྱུར་ཟུར་པ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་ཐེངས་འདིའི་མཇལ་མོལ་ཁྲོད་གཙོ་བོ་༸གོང་ས་མཆོག་གི་དགོངས་གཞི་སྟེ་འགྲོ་བ་མའི་བཟང་སྤྱོད་གོང་མཐོར་གཏོང་ཐབས་དང་འབྲེལ་བའི་བསླབ་གཞི་ཐོག་བཀའ་བསྡུར་ལྷུག་པོ་གནང་ཡོད་པ་དང་། ལྷག་པར་ཕྱི་ལུགས་ལྟར་ན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཆར་ལོ་དགུང་ལོ་ ༩༠ ཕེབས་ཀྱི་ཡོད་པ་དང་བསྟུན། Dr. Martin Luther King Foundation དང་ཝེན་ཁུ་ཝར་ནང་རྟེན་གཞི་བྱེད་པའི་༸གོང་ས་ཏཱ་ལའི་བླ་མའི་ཞི་བདེ་དང་ཤེས་ཡོན་བསྟི་གནས་ཁང་གཉིས་ཟུང་སྦྲེལ་གྱིས་ལོ་རྗེས་མར་བསླབ་གཞི་དེའི་འོག་སློབ་ཕྲུག་ས་ཡ་ ༩ ལྷག་བཅུག་ཐུབ་རྒྱུའི་རེ་བ་ཡོད་པ་དང་། སློབ་མའི་རྒྱུད་ལ་ཡོད་པའི་བྱམས་སྙིང་རྗེ་དང་གཞན་ཕན་གྱི་བསམ་བློ། དེ་བཞིན་བྱ་བ་བཟང་ངན་གང་ཡིན་སོགས་ལ་ངེས་པ་རྙེད་ཐུབ་པ་བཟོ་ཐུབ་ཐབས་དང་འབྲེལ་༸སྐུའི་ལམ་སྟོན་ཞུས་ཡོད་པ་སོགས་འགྲེལ་བརྗོད་གནང་སོང་།

Martin Luther King 3rd HHDL Audience

དེ་བཞིན་སྐུ་ཞབས་ Martin Luther King གསུམ་པ་མཆོག་ལ་བཅར་འདྲི་ཞུས་སྐབས་ཁོང་གིས་དེ་རིང་༸གོང་ས་མཆོག་གི་༸སྐུ་མདུན་དུ་བཅར་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་དང་། ལྷག་པར་མཇལ་མོལ་ཁྲོད་མགོན་པོ་༸གང་ཉིད་མཆོག་གི་དགོངས་གཞི་སྟེ་འགྲོ་བ་མའི་བཟང་སྤྱོད་གོང་མཐོར་གཏོང་ཐབས་དང་འབྲེལ་བའི་དམིགས་འདུན་ཁག་གི་ཐོག་བཀའ་བསྡུར་ལྷུག་པོ་གནང་ཐུབ་ཡོད་པ་གསུངས་སོང་།

མ་ཟད་ཁོང་གིས་རྒྱ་གཞུང་གིས་བོད་མིའི་ཐོག་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་བཞིན་ཡོད་པར་སྐྱོན་བརྗོད་ནན་པོ་དང་འབྲེལ། རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཁག་ལ་བསྒྱུར་བ་གཏོང་དགོས་པ་དང་ཡར་རྒྱས་ཀྱི་ལམ་བུར་བསྐྱོད་དགོས་པ་གསུངས་སོང་།

Martin Luther King 3rd HHDL Audience

དེ་བཞིན་༸གོས་ས་མཆོག་གི་རྒྱ་རིགས་གྲོགས་པོ་རྙིང་ཤོས་དང་ཝེན་ཁུ་ཝར་ནང་རྟེན་གཞི་བྱེད་པའི་༸གོང་ས་ཏཱ་ལའི་བླ་མའི་ཞི་བདེ་དང་ཤེས་ཡོན་བསྟི་གནས་ཁང་གསར་འཛུགས་གནང་མཁན་ཁོངས་སུ་ཡོད་པ་སྐུ་ཞབས་ Victor Chan ལགས་ཀྱིས་བསྟི་གནས་ཁང་དེ་ཉིད་ཀྱིས་ད་ཆ་ཁུལ་དེར་ཡོད་པའི་ཕྱིའི་ཚོགས་པ་ཁག་དང་མཉམ་ལས་ཀྱིས་གཙོ་བོ་སློབ་མའི་བརྒྱུད་ལ་བྱམས་བརྩེ་དང་རྙིང་རྗེ་ལྟ་བུའི་བཟང་སྤྱོད་གོང་མཐོར་གཏོང་བའི་བརྒྱུད་མི་རབས་གསར་པའི་འགོ་ཁྲིད་སྐྱེད་སྲིང་གནང་གི་ཡོད་པ་དང་། དེས་ཞི་བདེ་དང་བདེ་སྐྱིད་ལྡན་པའི་གོ་ལ་ཞིག་བསྐྲུན་ཐུབ་ངེས་ཡིན་པ་འགྲེལ་བརྗོད་གནང་སོང་།

Martin Luther King 3rd HHDL Audience

གཞི་རྩའི་ Dr. Martin Luther King  དམ་པའི་སྲས་དང་ནང་མི། དེ་བཞིན་༸གོང་ས་ཏཱ་ལའི་བླ་མའི་ཞི་བདེ་དང་ཤེས་ཡོན་བསྟི་གནས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཁག་ནས་དེ་རིང་ཉིན་རྒྱབ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ཤེས་རིག་བཀའ་བློན་མཐར་ལམ་སྒྲོལ་མ་གཉིས་དང་ལྷན་མཇལ་འཕྲད་གནང་འཆར་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།