Tibetan Royal Year of 2151 | Year of the Wood Dragon

བཞུགས་སྒར་དུ་ཕུན་ཚོགས་ཉི་སྒྲོན་ཞེས་པའི་དཔེ་དེབ་དབུ་འབྱེད།

Tibetan News Headlines

  • India declines China’s request to resume flights after 4 years, says ‘no flights without border peace’
  • Tibetan parliament appoints Passang Tsering as member of the Public Service Commission
  • China named amongst countries with policy or pattern of government-sponsored trafficking
  • Alalamo: Jhola Techung’s ‘Gratitude Song to India’ and Toeshey ‘Dhakpa’

རེས་གཟའ་མིག་དམར། ༢༠༢༤།༠༦།༢༥

  • ས་མཚམས་སུ་ཞི་བདེ་སླར་གསོ་མ་བྱུང་བར་ཕྱོགས་གཉིས་ཀྱི་གནམ་གྲུའི་འགྲུལ་བཞུད་གཙོས་རྒྱུན་ལྡན་གྱི་འབྲེལ་ལམ་བསྐྱར་གསོ་ཐུབ་ཐབས་མེད་པ་གསུངས་འདུག
  • པ་སངས་ཚེ་རིང་ལགས་ལས་བྱེད་འདེམས་ལྷན་གྱི་ཚོགས་མིར་བསྐོ་གཞག
  • རྒྱ་ནག་ནང་དུ་སྲིད་གཞུང་གི་རྒྱབ་སྐྱོར་ཡོད་པའི་མི་ཚོང་ལས་དོན་བྱུང་བཞིན་པ་མངོན་གསལ་གནང་འདུག
  • ཨ་ལ་ལ་མོའི་ལེ་ཚན། ཇོ་ལགས་བཀྲས་ཆུང་ལགས་ཀྱིས་བླངས་པའི་དྲིན་ཆེན་རྒྱ་གར་དང་། དག་པ་ཤེལ་རི་དཀར་པོ།

དེ་རིང་ཕྱི་ཚེས་ ༢༤ ཉིན་བཞུགས་སྒར་དུ་འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་གིས་རྩོམ་སྒྲིག་གནང་བའི་སྒྲུང་དེབ་ཕུན་ཚོགས་ཉི་སྒྲོན་ཞེས་པ་དབུ་འབྱེད་གནང་སོང་།

དེ་རིང་ཕྱི་ཟླ་ ༧ ཚེས་ ༢༤ ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་དུ་སྐུ་མགྲོན་གཙོ་བོ་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཕུན་ཚོགས་ཉི་སྒྲོན་ལགས་ཀྱིས་དབུས་པའི་བསྟི་གནས་ཁང་གི་འགན་འཛིན་བོད་མི་མང་སྤྱི་འཐུས་བསྟན་འཛིན་ཆོས་འཛིན་ལགས་དང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པ། དེ་བཞིན་འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་གི་འབྲེལ་ཡོད་ལས་བྱེད་སྐལ་བཟང་དབང་འདུས་ལགས་བཅས་དབུ་བཞུགས་གཙོས། སྐུ་མགྲོན་གཙོ་བོ་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཕུན་ཚོགས་ཉི་སྒྲོན་ལགས་ཀྱིས་ཕྱག་དེབ་དེ་ཉིད་དབུ་འབྱེད་གནང་སོང་།

ཕྱག་དེབ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་མར་འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་གི་འགན་འཛིན་བོད་མི་མང་སྤྱི་འཐུས་བསྟན་འཛིན་ཆོས་འཛིན་ལགས་ཀྱིས་ལྟེ་གནས་ཁང་གིས་འདས་པའི་ལོ་མང་གོང་ནས་ཕྱི་རྒྱལ་གྱི་ཆབ་སྲིད་དང་འབྲེལ་ཡོད་གནད་ཆེའི་མི་སྣ་ཁག་གི་ལོ་རྒྱུས་གསལ་བའི་ཕྱག་དེབ་དཔར་སྐྲུན་གནང་ཡོད་པ་དང་། ཁོང་ཉིད་ལྟེ་གནས་ཁང་གི་འགན་འཛིན་གྱི་ཐུགས་འགན་བཞེས་རྗེས་འགན་ལྷན་དབར་བཀའ་བསྡུར་གནང་སྟེ་བོད་པའི་གཞོན་སྐྱེས་ཚོར་སེམས་འགུལ་ཐེབས་ཐབས་དང་བོད་ཀྱི་རྩ་དོན་གྱི་གོ་རྟོགས་ཡོང་ཕྱིར་ཆེད་དམིགས་ཀྱིས་རྒྱ་ནག་གི་བཙོན་ཁང་དུ་དུས་ཡུན་རིང་ཤོས་བཙོན་འཇུག་གི་ཁྲིམས་ཆད་ཕོག་མཁན་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཕུན་ཚོགས་ཉི་སྒྲོན་ལགས་ཀྱི་སྐུ་ཚེའི་ལོ་རྒྱུས་གསལ་བའི་སྒྲུང་དེབ་ཕུན་ཚོགས་ཉི་སྒྲོན་ཞེས་པ་དེ་ཉིད་རྩོམ་སྒྲིག་གིས་དཔར་སྐྲུན་གནང་ཡིན་སྐོར་གསུངས་སོང་།

སྐུ་མགྲོན་གཙོ་བོ་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཕུན་ཚོགས་ཉི་སྒྲོན་ལགས་ཀྱིས་དཔེ་དེབ་དབུ་འབྱེད་མཛད་སྒོར་བཅར་བའི་འབྲེལ་ཡོད་ཀུན་ལ་དགའ་བསུའི་འཚམས་འདྲི་ཞུས་པ་དང་སྦྲགས་ཏེ། ལྟེ་གནས་ཁང་གིས་ད་རེས་ཁོང་གི་མི་ཚེའི་ལོ་རྒྱུས་གསལ་བའི་ཕྱག་དེབ་དེ་ཉིད་དངོས་སུ་དཔར་སྐྲུན་ལེགས་པར་གྲུབ་ནས་དབུ་འབྱེད་གནང་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་པ་དང་ཆབས་ཅིག བོད་པའི་མི་རབས་གཞོན་པ་ཚོས་ཁོང་གི་ལོ་རྒྱུས་འདིའི་ཐོག་ནས་བོད་ཀྱི་ཆབ་སྲིད་བཙོན་པ་གཞན་ཚོས་རྒྱ་གཞུང་གི་བཙོན་ཁང་ནང་མི་སྤྱོད་ལས་འདས་པའི་མནར་གཅོད་ཇི་ལྟར་མྱངས་དང་མྱོང་བཞིན་ཡོད་པའི་གནས་སྟངས་ངོ་མ་དེ་ཤེས་རྟོགས་ཐུབ་ངེས་ཡིན་སྟབས་འབྲེལ་ཡོད་ཀུན་ལ་ཡི་རང་བསྔགས་བརྗོད་གནང་སོང་།

དེ་བཞིན་ཁོང་གིས་རྒྱའི་བཙོན་ཁང་ནང་དམྱལ་ཁམས་མི་ཡུལ་དུ་མྱོང་བ་ལྟ་བུའི་མནར་གཅོད་ཚད་མེད་མྱངས་ཡོད་སྐོར་གསུངས་པ་དང་སྦྲགས་ཏེ་བོད་ཕྲུག་མི་རེ་ངོ་རེས་ཕྱག་དེབ་དེ་ཉིད་ལྟ་ཀློག་བྱས་ཚེ་དོན་དམ་གྱི་སེམས་ཚོར་ཡོང་བར་ཕན་ཐོགས་ཆེན་པོ་ལྡན་ཡོད་སྐོར་ཐུགས་ཚོར་ཆེན་པོའི་ཐོག་ནས་གསུངས་སོང་།

རྩ་བའི་འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་ནི། ཕྱི་ལོ་ ༡༩༩༦ ལོར་ཨ་རི་ནས་ཡིན་པའི་སྐུ་ཞབས་ Rabbi E Gendler ལགས་དང་ཁོང་གི་སྐུ་ཟླ་ Dr. Mary Gendler ལགས་གཉིས་བོད་ནང་ཕེབས་ཏེ་བོད་ནང་གི་གནས་སྟངས་ལ་གཟིགས་ཞིབ་གནང་རྗེས་བཞུགས་སྒར་དྷརྨ་སཱ་ལཱར་ཆེད་ཕེབས་གནང་སྟེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་ནང་གི་དངོས་ཡོད་གནས་སྟངས་ཁག་སྙན་སེང་ཞུས་ཡོད་པ་དང་། ཕྱི་ལོ་ ༢༠༠༧ ལོར་རྒྱ་གར་གཞུང་ལ་བཀའ་འཁྲོལ་ཞུས་པའི་ཐོག་ནས་བསྟི་གནས་ཁང་དེ་ཉིད་གསར་འཛུགས་གནང་བ་ཞིག་ཆགས་ཀྱི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།