Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

བཙོན་འཇུག

ཚེ་རིང་བཀྲ་ཤིས་ལགས་རྒྱ་ནག་གིས་འཛིན་བཟུང་བཙན་ཁྲིད་བྱས་འདུག

བོད་ལ་སྟོད་དིང་རི་རྫོང་བྲང་རྩེ་གྲོང་ཚོ་ནས་ཡིན་པའི་བོད་མི་ཚེ་རིང་བཀྲ་ཤིས་ལགས་ཟླ་བ་སྔོན་མའི་ཚེས་༢༠ གཡས་གཡོན་དུ་རྒྱ་ནག་གིས་ཁོང་ལ་བརྡ་ལན་གང་ཡང་མེད་པར་འཛིན་བཟུང་བཙན་ཁྲིད་བྱས་འདུག འདི་ག་རླུང་འཕྲིན་ཁང་དེ་རིང་ཚེ་རིང་བཀྲ་ཤེས་ལགས་ཀྱི་ཕ་ཡུལ་གཅིག་པ་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བར་གཞིགས་ཚེ་ཚེ་རིང་བཀྲ་ཤིས་ལགས་ཀྱི་པཱ་ལགས་ཀྱི་མཚན་ལ་དབང་འདུས་དང་ཨ་མ་ལགས་ཀྱི་མཚན་ལ་རྣམ་གྲོལ་ཟེར་གྱི་ཡོད་པ་དང་། ཕྱི་ལོ་ ༢༠༠༩ ལོར་ཁོང་གིས་རྒྱ་ནག་གི་ཁང་ལས་གསར་རྒྱག་གི་འཛུགས་སྐྲུན་ལས་གཞིར་ལ་དགག་པ་གནང་སྟེ་སྲིད་གཞུང་གིས་ཁང་པ་གསར་པ་རྒྱག་ན་ངེས་པར་དུ་བོད་ལུགས་ཀྱི་སྲོལ་རྒྱུན་གྱི་ཁང་དབྱིབས་ལ་འགྱུར་བ་གཏང་མི་ཆོག་པ་བརྗོད་ཡོད་པར་བརྟེན་དེ་ནས་བཟུང་སྲིད་གཞུང་གིས་ཁོང་མིག་ལ་རན་གྱི་མེད་ཚུལ་བརྗོད་དེ་རྒྱ་ནག་གིས་ཁོང་ཟླ་བ་སྔོན་མའི་ནང་འཛིན་བཟུང་གིས་བཙན་ཁྲིད་བྱས་ཡོད་པ་རེད། འོན་ཀྱང་ད་ལྟའི་ཆར་ཡུལ་མི་དང་ནང་མི་རྣམས་ཀྱིས་རྒྱ་ནག་གིས་ཁོང་ཅིའི་ཕྱིར་འཛིན་བཟུང་བྱས་པ་དང་ས་གནས་གང་དུ་བཙན་ཁྲིད་བྱས་པ་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། ད་ལྟའི་ཡུལ་མི་རྣམས་ཀྱིས་ཁོང་ཅིའི་ཕྱིར་འཛིན་བཟུང་བྱས་ཡོད་པའི་ཐོག་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་བྱུང་མེད་ནའང་། མི་མང་གིས་ཚེ་རིང་བཀྲ་ཤིས་ལགས་ཕྱི་ལོ་ ༢༠༠༨ དང་ ༢༠༠༩ བར་ལ་གཞིས་ཀ་རྩེ་དང་ལྷ་སར་ངོ་རྒོལ་ལས་འགུལ་ཁྲོད་ཞུགས་ཡོད་པར་དོགས་གཞིའི་འོག་ཐེངས་འདིར་ཉེན་རྟོག་པས་འཛིན་བཟུང་བྱས་པ་ཞིག་ཡིན་སྲིད་པར་ཚོད་དཔག་གནང་གི་ཡོད་ཚུལ་གསུངས་སོང་། རྩ་བའི་སྔོན་ཆད་ཀྱང་རྒྱ་ནག་གཞུང་གིས་ཚེ་རིང་བཀྲ་ཤིས་ལགས་ཀྱི་ནང་དུ་སྔོག་བཤེར་བྱེད་སྐབས་༸གོང་ས་མཆོག་གི་༸སྐུ་པར་ཞིག་ལག་སོན་བྱུང་ཡོད་སྟབས། ཁོང་ཁ་བྲལ་རིང་ལུགས་དང་འབྲེལ་བ་ཡོད་པར་བསྙད་དེ་ཕྱི་ལོ་ ༢༠༡༡ བར་ལོ་གཉིས་ཀྱི་རིང་བཙོན་འཇུག་བྱས་ཡོད་པ་མ་ཟད། བཙོན་གྲོལ་ཐོབ་རྗེས་ཁོང་བཟང་བཙོན་འོག་ཏུ་དོ་དམ་གྱིས་ས་ཕྱོགས་གཞན་དུ་འགྲོ་རུ་བཅུག་མེད་པར་ནང་དུ་བཀག་བསྐྱིལ་བྱས་ཡོད་པ་རེད། ད་ལྟའི་ཆར་ཁོང་ལ་བུ་ཕྲུག་བཞི་དང་བཟའ་ཟླ། པཱ་ལགས་གཉིས་དང་ཨ་མ་བཅས་ནང་མི་དགུ་ཡོད་པ་རེད་འདུག

དགེ་འདུན་པ་གསུམ་བཙོན་འཇུག་བྱས་པའི་གནས་ཚུལ་ཕྱིར་གྱར།

རྒྱ་གཞུང་གིས་དེ་སྔ་ཨ་མདོ་རྔ་པ་ནས་དགེ་འདུན་པ་གསུམ་འཛིན་བཟུང་བཙན་ཁྲིད་བྱས་པའི་གནས་ཚུལ་ད་ལྟ་གཞི་ནས་ཕྱིར་གྱར་བྱུང་འདུག་ཀྱང་། ཁོང་གསུམ་ད་ཆ་ས་གནས་གང་དུ་ཡོད་མེད་དང་གནས་སྟངས་ཇི་ཆགས་སོགས་ཤེས་རྟོགས་གང་ཡང་མེད་པར་གྱུར་འདུག རང་ལོ་ ༣༧ ཙམ་ཡིན་པའི་རྔ་པ་ཀིརྟི་དགོན་གྱི་གྲྭ་བློ་བཟང་ཐབས་མཁས་ལགས་སྔ་ལོར་རྒྱ་གཞུང་གིས་རྒྱུ་མཚན་གང་ཡིན་གསལ་བཤད་མེད་པར་འཛིན་བཟུང་བཙན་ཁྲིད་བྱས་ཏེ་ཉེ་ཆར་ཕྱི་ཟླ་ ༧ ཚེས་ ༣༠ ཡས་མས་ཤིག་ལ་ལོ་བཞིའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཀྱང་། ས་གནས་མང་ཚོགས་ནས་ཁོང་ཅིའི་ཕྱིར་འཛིན་བཟུང་བྱས་ཡོད་མེད་དང་ས་གནས་གང་དུ་ཡོད་མེད་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱུང་མི་འདུག དེ་བཞིན་རང་ལོ་ ༣༢ ཡིན་པ་རྔ་པ་སྤྲོ་ཚིགས་དགོན་པའི་གྲྭ་ཐུབ་པ་ལགས་ཕྱི་ལོ་ ༢༠༡༧ ལོའི་ལོ་མཇུག་ཏུ་རྒྱ་གཞུང་གི་ཉེན་རྟོག་པས་མཚན་མོ་རང་ཤག་ནས་གློ་བུར་དུ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་ད་ལྟ་བར་ཁོང་གི་གནས་སྟངས་ཇི་ཆགས་ཤེས་རྟོགས་གང་ཡང་མེད་པར་གྱུར་ཡོད་པ་རེད། གཞན་ཡང་རང་ལོ་ ༣༦ ཙམ་ཡིན་པ་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་རྡོ་རྗེ་ལགས་རྒྱ་གཞུང་གིས་མཚན་མོ་རང་ཉིད་ཀྱི་ཤག་ནས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་ད་བར་ས་གནས་གང་དུ་ཡོད་མེད་ཀྱི་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་མེད་པར་གྱུར་ཡོད་པ་རེད། གཞི་རྩའི་རྒྱ་གཞུང་གིས་ད་ལན་རྔ་པ་ནས་འཛིན་བཟུང་བཙོན་འཇུག་བྱས་པའི་ཁོངས་ནས་གྲྭ་བློ་བཟང་ཐབས་མཁས་ལགས་ནི་ལྷ་སྡེ་གོང་མའི་བློ་ཁོའི་བུ་ཡིན་ཞིང་། ཆུང་དུས་ནས་རྔ་པ་ཀིརྟི་དགོན་པར་གྲྭ་ཞུགས་གནང་བ་དང་ནང་བསྟན་གཞོན་ནུའི་རིག་སློབ་ཁང་གི་སྐབས་གསུམ་པའི་མཐར་ཕྱིན་སློབ་པ་ཞིག་ཡིན་པ་མ་ཟད། དེ་ནས་ཁོང་མཚན་ཉིད་གྲྭ་ཚང་དུ་གཞུང་ཆེན་སློབ་སྦྱོང་གིས་དེང་སྐབས་དབུ་མའི་འཛིན་གྲྭར་སླེབས་ཡོད་པ་རེད་འདུག དེ་བཞིན་གྲྭ་ཐུབ་པ་ལགས་ནི་སྤྲོ་ཚིགས་ཐང་བ་མའི་མགར་བ་ཚང་གི་བུ་ཡིན་པ་དང་ཁོང་ཆུང་དུས་ནས་སྤྲོ་ཚིགས་དགོན་པར་ཆོས་ཞུགས་གནང་སྟེ་ ༢༠༠༨ ཕྱི་ཟླ་ ༣ ཚེས་ ༡༦ ཉིན་སྤྲོ་ཚིགས་ཡུལ་ཚོའི་ཐོག་ནས་ངོ་རྒོལ་སྐད་འབོད་དང་རྒྱའི་དར་དམར་མེར་སྲེག་གནང་བའི་ཉེས་མིང་གཡོག་ནས་ལོ་གཅིག་དང་ཟླ་བ་དྲུག་ལ་ངལ་རྩོལ་སྒྱུར་བཀོལ་གྱི་མིང་ཐོག་ནས་བཙོན་འཇུག་བྱས་ཡོད་པ་མ་ཟད།...

རྒྱ་གཞུང་གིས་རྔ་བ་སྒོ་མང་དགོན་གྱི་དགེ་འདུན་པ་ལྔ་འཛིན་བཟུང་བྱས་པ།

རྒྱ་གཞུང་གིས་བཙན་དབང་འོག་མདོ་སྨད་རྔ་བ་སྒོ་མང་དགོན་གྱི་དགེ་འདུན་པ་ལྔ་འཛིན་བཟུང་བཀར་ཉར་བྱས་ཡོད་པ་དང་། དགེ་འདུན་པ་དེ་དག་ནི་དགེ་བསྐོས་ཤཱཀྱ་ལགས་དང་དབུ་མཛད་ཟུར་པ་ཆོས་རྗེ་ལགས། དགེ་འདུན་པ་ཉི་ཟླ་ལགས། སྐལ་བཟང་ལགས། ཆོས་བཟང་ལགས་བཅས་རེད་འདུག བོད་ཀྱི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བར་དགེ་འདུན་པ་དེ་དག་ཟླ་བ་འདིའི་ཚེས་ ༡༡ ཉིན་འཛིན་བཟུང་བྱས་ཡོད་པ་དང་ཁོང་རྣམས་འཛིན་བཟུང་གནང་དོན་ནི་དགོན་པའི་ས་ཁོངས་བདག་དབང་དང་འབྲེལ་བ་ཡོད་པ་ཞིག་རེད་འདུག རྒྱ་གཞུང་གིས་དགོན་པའི་ས་ཐོག་ཏུ་འཛུགས་སྐྲུན་བྱེད་འཆར་གྱི་ལས་གཞི་གསར་པ་ཞིག་གོ་སྒྲིག་བྱས་ཡོད་པ་དང་། རྔ་བ་དགོན་གྱི་གྲྭ་མང་གིས་དགོན་པའི་ས་ཁྱོན་དེར་འཛུགས་སྐྲུན་མི་བྱེད་པར་རེ་སྐུལ་ལམ་མང་ཞུས་ཡོད་ཀྱང་རྒྱ་གཞུང་གིས་རེ་འདུན་ལ་སྣང་མེད་བཏང་ནས་ནག་ཉེས་གང་ཡང་མེད་པར་དགེ་འདུན་པ་ལྔ་པོ་དེ་དག་འཛིན་བཟུང་བྱས་ནས་དགོན་པར་འཇིགས་སྐུལ་བྱས་འདུག ད་ལྟའི་ཆར་དགོན་པའི་དབུ་མཛད་གློད་བཀྲོལ་བཏང་ཡོད་ཀྱང་དགེ་འདུན་པ་གཞན་བཞི་པོ་སྔར་བཞིན་བཀར་ཉར་འོག་ཡོད་སྟབས་ཞིབ་ཕྲའི་གནས་སྟངས་གང་ཡང་ཤེས་རྟོགས་ཐུབ་མི་འདུག གྲྭ་མང་གིས་རྒྱ་གཞུང་གི་དཔོན་རིགས་ཤིག་ལ་རེ་འདུན་ཞུ་བཞིན་པའི་ཡུལ་དངོས་ཀྱི་བརྙན་ཞིག་དྲྭ་ལམ་དུ་ཐོན་པའི་ནང་དགེ་འདུན་པ་དག་གིས་ཐེངས་མང་པོར་འབྲེལ་ཡོད་ཀྱི་དཔོན་རིགས་ལ་ཞུ་སྙན་རབས་དང་རིམ་པ་ཕུལ་ཡོད་སྐོར་དང་། སྲིད་གཞུང་གི་ངོས་ནས་སྣང་མེད་བཏང་བ་དེ་ནི་མི་རིགས་དབྱེ་འབྱེད་བྱས་པ་རེད་ཅེས་དཔོན་རིགས་དེར་བརྗོད་བཞིན་པ་དངོས་སུ་མཐོང་རྒྱུ་འདུག་པ་ལྟར། དེ་རིང་གྲོས་ཚོགས་སུ་སྲིད་སྐྱོང་མཆོག་གིས་སྤྱི་ཚོགས་ཀྱི་དྲྭ་ལམ་ཐོག་ཁྱབ་བརྡལ་འགྲོ་བཞིན་པའི་བརྙན་ཐུང་དེའི་སྐོར་གསུངས་པ་དང་ཆབ་ཅིག་ཏུ་གཞིས་ལུས་རྒྱ་ཆེ་མི་མང་ལ་དམ་དྲག་རང་བཞིན་གྱི་གནས་སྟངས་ཇི་ཡོད་ཐད་གསུང་བཤད་གནང་སོང་། གཞི་རྩའི་ཕྱི་ལོ ༢༠༡༣ ལོར་རྔ་བ་སྒོ་མང་དགོན་གྱི་ཉེ་འགྲམ་དུ་རྒྱལ་གཅེས་དཔའ་བོ་ཞི་ཆུང་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་ཡོད་པ་མ་ཟད། དེ་རྗེས་དགོན་པའི་གྲྭ་མང་དང་ཡུལ་ཚོའི་མི་མང་ནས་རྒྱ་ནག་གི་སྲིད་བྱུས་ལ་ཞི་རྒོལ་གནང་བརྐྱེན་རྒྱ་ནག་གིས་དམ་དྲག་ཤུགས་ཆེར་བྱེད་བཞིན་པའི་དགོན་གྲོང་ཞིག་ཆགས་ཡོད་པ་རེད།

ཧྥ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་བཅུ་བཞིས་བཀྲིས་དབང་ཕྱུག་ལགས་ལ་དྲང་བདེན་དང་ཕྱི་གསལ་ནང་གསལ་གྱི་ཁྲིམས་བཤེར་དགོས་པའི་ཞུ་འབོད་གནང་འདུག

ཕ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་བཅུ་བཞིས་རྒྱ་གཞུང་གིས་བོད་མི་སྐད་ཡིག་སྲུང་སྐྱོབ་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་ལ་རྒྱལ་སྤྱིའི་ཁྲིམས་ཀྱི་འབྲུ་དོན་ལྟར་དྲང་བདེན་དང་ཕྱི་གསལ་ནང་གསལ་གྱི་ཁྲིམས་བཤེར་དགོས་པ་མ་ཟད། ལྷག་དོན་དུ་ཁོང་གི་ཐུགས་འདོད་ལྟར་ཁྲིམས་རྩོད་པ་གླ་རྒྱུ་དང་རང་ཉིད་ཀྱི་ནང་མི་དང་ལྷན་རྒྱུན་ལྡན་བཞིན་ཐུག་འཕྲད་གནང་བཅུག་དགོས་པའི་ཞུ་འབོད་གནང་འདུག དེའང་ཕ་རན་སིའི་གྲོས་ཚོགས་གོང་མའི་ནང་གི་བོད་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Michel Raison ལགས་ཀྱི་མཚན་ཐོག་ཏུ་ཁ་སང་ཕྱི་ཚེས་ ༢༣ ཉིན་སྤྱི་བསྒྲགས་ཤིག་འདོན་སྤེལ་གནང་ཡོད་པ་དང། དེའི་ཐོག་སྐུ་ཞབས་ Raison ལགས་དང་ཚོགས་གཙོ་གཞོན་པ་ Annick Billon ལགས། Patricia Morhiet-Richaud ལགས། Andre Gattolin ལགས་བཅས་དབུས་པའི་ཁྱོན་གྲོས་ཚོགས་འཐུས་མི་ ༡༤ ནས་རྒྱབ་སྐྱོར་མཚན་རྟགས་བཀོད་འདུག གཞི་རྩའི་བཀྲིས་དབང་ཕྱུག་ལགས་ལ་འདི་ལོ་ཟླ་ ༡ ཚེས་ ༤...

Latest news

- Advertisement -spot_img