Tibetan Royal Year of 2152 | Year of the Wood Snake

- Advertisement -spot_img

TAG

རྒྱ་གར།

༸རྒྱལ་བའི་བཀའ་དགོངས་བསྒྲུབ་སླད་བོད་རིགས་སྤུན་ཟླ་རྣམས་དང་དམ་ཚིག་རྡོག་རྩ་གཅིག་སྒྲིལ་གྱིས་འབད་འབུངས་ཞུ་རྒྱུའི་གྲོས་ཆོད་གཏན་འབེབས།

དེ་རིང་ཕྱི་ཟླ་ ༧ ཚེས་ ༥ ཉིན་གྱི་ཕྱི་དྲོ་ཚོུད་ ༤ པའི་ཐོག་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པར་མཉམ་ཞུགས་གནང་མཁན་རྒྱ་བལ་འབྲུག་གསུམ་གྱི་བླ་ཆེན་དང་སྤྲུལ་སྐུ། མཁན་པོ་རྣམ་པས་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་སོང་བ་དང་འབྲེལ། མགྲིན་དབྱངས་གཅིག་འགྱུར་གྱི་ཐོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོའི་༸སྐུའི་ཡང་སྲིད་ཀྱི་ཡོངས་ཁྱབ་གསལ་བསྒྲགས་ལ་རྒྱབ་སྐྱོར་དང་། རྒྱ་དམར་གཞུང་གིས་ཐེ་བྱུས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་མ་ཟད། ༸རྒྱལ་བའི་བཀའ་དགོངས་བསྒྲུབ་སླད་བོད་རིགས་སྤུན་ཟླ་རྣམས་དང་དམ་ཚིག་རྡོག་རྩ་གཅིག་སྒྲིལ་གྱིས་འབད་འབུངས་ཞུ་རྒྱུའི་སྤྱི་མོས་ཀྱིས་གྲོས་ཆོད་གཏན་འབེབས་གནངཡོད་པ་ཡོང་གྲགས་གནང་སོང་། རྩ་བའི་གྲོས་ཆོད་དེ་ནི་ཆོས་ཚོགས་ཐེངས་ ༡༥ པ་དང་འབྲེལ་ནས་དམིགས་བསལ་གྱི་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་བའི་གྲུབ་འབྲས་ཤིག་ཡིན་པ་དང་། གྲོས་ཆོད་དང་པོའི་ནང་། རྒྱ་བལ་འབྲུག་གསུམ་གྱི་ནང་པའི་རྗེས་འཇུག་ཡོངས་ཀྱིས་རིང་ནས་གསོལ་བ་ཕུར་ཚུགས་སུ་འདེབས་པའི་མངོན་འདོད་ཀྱི་འབྲས་བུར་༸རྒྱལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསུང་འཕྲིན་དགོངས་དོན་ཆ་ཚང་ལ་སྤྱི་མོས་ཀྱི་རྒྱབ་སྐྱོར་དང་འབྲེལ། གསུང་འཕྲིན་དེ་ཉིད་ཕྱོགས་གང་སར་གསལ་བསྒྲགས་རྒྱ་གང་ཆེ་ཞུ་རྒྱུ་ཞེས་དང་། གྲོས་ཆོད་གཉིས་པར། ༸རྒྱལ་བའི་སྐུ་ཕྲེང་རྒྱུན་མཐུད་ཕེབས་རྒྱུ་ནི། བོད་བརྒྱུད་ནང་བསྟན་གྱི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཞིག་ཡིན་ཡང་། སྐྱེ་བ་སྔ་ཕྱི་གཏན་ནས་ཁས་མི་ལེན་ཞིང་། ཆོས་དུག་ཡིན་པར་ལྟ་མཁན་གྱི་རྒྱ་དམར་གྱིས་ཆབ་སྲིད་ཀྱི་དགོས་མཁོ་ཁོ་ནར་དམིགས་ནས་༸རྒྱལ་བའི་ཡང་སྲིད་ཐད་ཇུས་ངན་སྣ་ཚོགས་གཤོམ་སྒྲིག་བྱས་དང་བྱེད་བཞིན་པ་དེའི་རིགས་ལ་མཐའ་གཅིག་ཏུ་དགག་རྒྱག་དང་ངོ་རྒོལ་བྱ་རྒྱུ་མ་ཟད། བྱ་ངན་དེའི་རིགས་དུས་ནམ་ཡང་ངོས་ལེན་བྱ་ཐབས་མེད་ངེས་ཡིན་ཞེས་འཁོད་འདུག མ་ཟད་གྲོས་ཆོད་གསུམ་པར། འཛམ་གླིང་ས་ཕྱོགས་གང་སར་གནས་པའི་རྒྱ་གར་བ་དང་། བལ་པོ།...

༸སྐུའི་གོ་སྟོན་དང་འབྲེལ་རྒྱལ་ས་ལྡི་ལིའི་ནང་པར་རིས་དང་བྱིས་པའི་སྒྱུ་རྩལ་སོགས་ཀྱི་འགྲེམས་སྟོན་དབུ་འབྱེད་གནང་སོང་།

༸སྐུའི་གོ་སྟོན་དང་འབྲེལ་རྒྱལ་ས་ལྡི་ལིའི་ནང་པར་རིས་དང་བྱིས་པའི་སྒྱུ་རྩལ་སོགས་ཀྱི་འགྲེམས་སྟོན་དབུ་འབྱེད་གནང་སོང་།

༸རྒྱལ་བའི་གོ་སྟོན་དང་བསྟུན་ནས་ལ་དྭགས་སུ་གཞུང་འབྲེལ་བྱམས་བརྩེའི་ཟླ་བ་སྲུང་བརྩི།

༸རྒྱལ་བའི་གོ་སྟོན་དང་བསྟུན་ནས་ལ་དྭགས་སུ་གཞུང་འབྲེལ་བྱམས་བརྩེའི་ཟླ་བ་སྲུང་བརྩི།

རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་མཆོག་གིས་རྒྱ་ནག་གི་གོ་སྒྲིག་བྱས་པའི་ SCO ཚོགས་འདུའི་བསྒྲགས་གཏམ་ལ་མཚན་རྟགས་བཀོད་མིན་འདུག

རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་མཆོག་གིས་རྒྱ་ནག་གི་གོ་སྒྲིག་བྱེད་པའི་ SCO ཚོགས་འདུའི་བསྒྲགས་གཏམ་ལ་མཚན་རྟགས་བཀོད་མིན་འདུག

༸གོང་ས་མཆོག་དགུང་ལོ་ ༩༠ ཕེབས་པར་བོད་མི་རྣམས་སྔར་ལྷག་སེམས་ཤུགས་དང་འགན་འཁུར་དགོས་གལ་གྱི་ལམ་སྟོན་སྩལ་འདུག

༸གོང་ས་མཆོག་དགུང་ལོ་ ༩༠ ཕེབས་པར་བོད་མི་རྣམས་སྔར་ལྷག་སེམས་ཤུགས་དང་འགན་འཁུར་དགོས་གལ་གྱི་ལམ་སྟོན་སྩལ་འདུག

རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་ལོ་བཅུ་གཉིས་རྗེས་སུ་རྒྱ་ནག་ཏུ་ཕྱོགས་བསྐྱོད།

རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་ལོ་བཅུ་གཉིས་རྗེས་སུ་རྒྱ་ནག་ཏུ་ཕྱོགས་བསྐྱོད།

ཨ་རིའི་གྲོས་ཚོགས་གོང་མའི་ནང་༸རྒྱལ་བའི་གོ་སྟོན་ལ་ཆེ་བསྟོད་དང་བོད་མིར་རྒྱབ་སྐྱོར་གྱི་གྲོས་ཆོད་ཆེད་འདོན།

ཨ་རིའི་གྲོས་ཚོགས་གོང་མའི་ནང་༸རྒྱལ་བའི་གོ་སྟོན་ལ་ཆེ་བསྟོད་དང་བོད་མིར་རྒྱབ་སྐྱོར་གྱི་གྲོས་ཆོད་ཆེད་འདོན།

༸གོང་ས་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་ལ་སྐྱེས་སྐར་འཚམས་འདྲི་སྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་ལྕམ་  Droupadi Murmu དོརོ་པཱདི་མུར་མུ་མཆོག་དགུང་ལོ་ ༦༧ སོན་པའི་སྐྱེས་སྐར་ལ་འཚམས་འདྲི་སྩལ་བ་དང་སྦྲགས། སྲིད་འཛིན་མཆོག་བདེ་སྐྱིད་ལྡན་ཞིང་། བདེ་ཐང་དང་ལྷག་པར་རྒྱ་གར་རྒྱལ་ཁབ་ཆེན་པོའི་སྣེ་ཁྲིད་ལམ་ལྷོང་ཡོང་བའི་ཐུགས་སྨོན་མཚམས་སྦྱོར་ཐོག རྒྱ་གར་གཞུང་མང་གཉིས་ནི་བོད་མིར་བཀའ་དྲིན་ཆེན་པོ་ཡིན་ཞེས་བཀའ་སྩལ་འདུག དེ་ཡང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་སྩལ་བའི་གསུང་འཕྲིན་དེའི་ནང་། སྲིད་འཛིན་མཆོག་གིས་མཁྱེན་གསལ་ལྟར། མགོན་པོ་༸གང་ཉིད་མཆོག་ཕྱི་ལོ་ ༡༩༥༩ ལོའི་ཟླ་ ༣ པའི་ནང་བོད་མི་རྣམས་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འཛིན་པ་ཚོར་ངོ་རྒོལ་བྱས་པའི་རྗེས། བོད་ནས་བྲོས་བྱོལ་དུ་ཕེབས་དགོས་བྱུང་སྟེ། སྐུ་ཚེའི་དུས་ཡུན་མང་བ་རྒྱ་གར་ནང་དུ་བཞུགས་ཡོད་སྟབས། རྒྱལ་ཁབ་འདི་ལ་དམིགས་བསལ་གྱི་སེམས་ཐག་ཉེ་བའི་ཐུགས་ཚོར་བྱུང་གི་འདུག་ཅེས་བཀའ་སྩལ་འདུག དེ་བཞིན་རྒྱ་གར་རྒྱལ་ཁབ་འདི་འཛམ་གླིང་ནང་གི་མི་འབོར་མང་ཤོས་དང་མང་གཙོ་ཆེ་ཤོས་གྲས་ཤིག་ཡིན་པའི་ཐོག གནའ་བོའི་རིག་གཞུང་ཧ་ཅང་ཕྱུག་བའི་རྒྱལ་ཁབ་ཞིག་ཀྱང་ཡིན་པར། གལ་ཏེ་རིག་གཞུང་དེ་དག་དེང་རབས་ཀྱི་ཤེས་ཡོན་དང་ཟུང་སྦྲེལ་ཐུབ་ཚེ། འཛམ་གླིང་ནང་ཞི་བདེ་དང་བདེ་སྐྱིད་ཆེད་དུ་ཕན་ནུས་ལྡན་པའི་ཞབས་འདེགས་ཐུབ་རྒྱུ་ཡིན་པ་བཀའ་སྩལ་འདུག  ད་དུང་མགོན་པོ་༸གང་ཉིད་མཆོག་ནི་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལས་སེམས་དང་སེམས་བྱུང་གི་བྱེད་ལས་གཏིང་ཟབ་པའི་ཤེས་ཡོན་གོང་སྤེལ་སླད་དུ་དམིགས་བསལ་གྱི་ཐུགས་འཁུར་མཛད་ཀྱི་ཡོད་པ་དང་། དེ་ནི་སེམས་ཀྱི་ཞི་བདེ་ཐོབ་ཐབས་དང་བཟང་པོའི་སྤྱོད་ཚུལ་གོང་འཕེལ་ཡོང་རྒྱུའི་གཞི་རྟེན་ཡིན་པའི་ཡིད་ཆེས་ཙམ་མ་ཟད། འཛམ་གླིང་འདི་བཞིན་སྔར་ལྷག་བྱམས་བརྩེ་དང་ཞི་བདེ་ལྡན་པ་ཞིག་བསྐྲུན་རྒྱུའི་ནུས་པ་དེ་དག་ཆུང་དུ་གཏོང་མཁན་ཁོང་ཁྲོ་དང་ཞེད་སྣང་། སྡང་སེམས་ལྟ་བུའི་སེམས་བྱུང་ངན་པ་དེ་རིགས་ཕམ་པར་བྱ་རྒྱུར་ཕན་ཐོགས་ཡོད་པའི་ལམ་སྟོན་བཀའ་དྲིན་ཆེན་བ་སྩལ་འདུག མ་ཟད་མགོན་པོ་༸གང་ཉིད་མཆོག་བོད་མི་ཞིག་ཡིན་པའི་ཆ་ནས་རྒྱ་གར་གཞུང་མང་གཉིས་ཀྱིས་ལོ་ངོ་...

རྒྱ་གར་ཧི་མ་ལ་ཡ་ན་ལཎྜའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་ཚོགས་མིར་མཇལ་ཁ་བསྩལ་བ།

རྒྱ་གར་ཧི་མ་ལ་ཡ་ན་ལཎྜའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་ཚོགས་མིར་མཇལ་ཁ་བསྩལ་བ།

Latest news

- Advertisement -spot_img