Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

སིམ་ལ་དང་སྦིར་རུ་ཁག་དབར་འདི་ལོའི་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་གནང་གི་ཡོད་པ་རེད།

སིམ་ལ་རུ་ཁག་ལ་ ༢༠༢༡ ལོའི་༸རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་གསེར་གྱི་གཟེངས་རྟགས་ཐོབ་པ།

ཐེངས་འདིའི་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེང་རྟགས་རྐང་སྤོལ་འགྲན་བསྡུར་ཐེངས་ ༢༦ པའི་རྒྱལ་ཁ་དེ་སིམ་ལ་རུ་ཁག་ལ་ཐོབ་ཡོད། ཁ་སང་བོད་མིའི་གནས་ཡུལ་ Clementown དོན་གྲུབ་གླིང་གཞིས་སྒར་དུ་ཚོགས་པའི་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་འགྲན་བསྡུར་མཐའ་མ་དེ་སིམ་ལ་དང་ TCB སྦིར་རུ་ཁག་གཉིས་དབར་གནང་སྟེ་སིམ་ལ་རུ་ཁག་ནས་སྤོ་ལོ་༣ དང་ TCB སྦིར་རུ་ཁག་ནས་སྤོ་ལོ་ ༢ བཅས་བླུགས་པའི་ཐོག་ནས་སིམ་ལ་རུ་ཁག་ལ་ཐེངས་འདིའི་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེང་རྟགས་ཐོབ་ཡོད་པ་དང་། གཟེངས་རྟགས་དང་ལྷན་དུ་རྒྱལ་ཁ་ཐོབ་མཁན་ལ་འབུམ་གཅིག་དང་ཕྱེད་ཀ་དང་ཨང་རིམ་གཉིས་པར་འབུམ་གཅིག་གི་བྱ་དགའ་ཐོབ་ཡོད།ཐེངས་འདིའི་རྩེད་འགྲན་སྐབས་སྒྲིག་གཞི་ལེགས་ཤོས་ཀྱི་བྱ་དགའ་དེ་སྤོན་ཊ་པུ་རུ་ཝ་ལ་རུ་ཁག་ལ་ཐོབ་ཡོད་པ་དང་སྤོ་ལོ་མང་ཤོས་བླུགས་མཁན་དེ་སྦིར་རུ་ཁག་གི་རྩེད་འགྲན་པ་འཇམ་དབྱངས་བློ་གྲོས་ལགས་ལ་ཐོབ་ཡོད། སིམ་ལ་རུ་ཁག་གི་སྒོ་རག་པར་སྒོ་རག་པ་རྩེ་ཕུད་དང་རུ་ཁག་དེའི་རྩེད་འགྲན་པ་རིན་ཆེན་བཟང་པོ་ལགས་ལ་རྩེད་འགྲན་པ་རྩེ་ཕུད་ཀྱི་བྱ་དགའ་ཐོབ་ཡོད། གཞི་རྩའི་ཁ་སང་རྩེད་འགྲན་མཐའ་མའི་ཐོག་སྐུ་མགྲོན་གཙོ་བོར་ལྡེ་ར་ལྡུན་ས་གནས་འགོ་འཛིན་དོན་གྲུབ་རྒྱལ་པོ་ལགས་གཙོས་དོན་གྲུབ་གླིང་ས་གནས་ཀྱི་དྲུང་ཆེ་བླ་མ་ཕུན་ཚོགས་ལགས། དེ་བཞིན་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་ཕྱི་ནང་གི་གཟིགས་མོ་བ་ནས་མཉམ་བཞུགས་གནང་ཡོད།སྐབས་དེར་ས་གནས་འགོ་འཛིན་དོན་གྲུབ་རྒྱལ་པོ་ལགས་ཀྱིས་འདི་ལོའི་རྩེད་འགྲན་དེ་སྔར་དང་མི་འདྲ་བར་ནད་ཡམས་ཀྱི་དུས་ཚིགས་ཁྲོད་གདོང་ལེན་མང་དག་ཅིག་གནང་ནས་མཐར་གྲ་སྒྲིག་གནང་ཐུབ་ ཡོད་པས་འབྲེལ་ཡོད་ཕྱག་ལས་གནང་མཁན་གཙོས་རྩེད་འགྲན་པ་ཚོར་བསྔགས་བརྗོད་དང་རྗེས་སུ་ཡི་རང་ཞུས་སོང་ལ། སྤྱིར་འཕྲོད་བསྟེན་གྱི་ཆ་ནས་རྩེད་རིགས་དེ་ལུས་སེམས་གཉིས་ལ་ཕན་པ་ཙམ་མ་ཟད་རྩེད་རིགས་ཀྱི་ཐོག་ནས་མི་ཕན་ཚུན་དབར་འབྲེལ་ལམ་ཡག་པོ་ཡོང་གི་ཡོད་སྐོར་བཅས་རྩེད་རིགས་ཀྱི་ཕན་ཡོན་སྐོར་གསུངས་སོང་པ་དང་། ཕྱོགས་མཚུངས་རྩེད་འགྲན་སྐབས་སུ་རྒྱལ་ཁ་སུ་ལ་ཐོབ་མིན་དེ་གཙོ་བོ་མིན་པར་རྩེད་འགྲན་བརྒྱུད་ནས་ཕན་ཚུན་འབྲེལ་བ་བཟང་དུ་གཏོང་རྒྱུ་དང་འཕྲོད་བསྟེན་ཡར་རྒྱས་གཏོང་རྒྱུར་དམིགས་དགོས་སྐོར་གསུངས་ཡོད། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་འགན་འཛིན་བསྟན་འཛིན་རིན་ཆེན་ལགས་ཀྱིས་ནད་ཡམས་ཀྱི་གནས་སྟངས་འདིའི་ཁྲོད་ཐེངས་འདིའི་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་རྩེད་འགྲན་དེ་ཚགས་ཚུད་པོ་བྱུང་ཡོད་སྟབས་རྩེད་འགྲན་ཚགས་ཚུད་པོ་བྱུང་བ་དེ་ས་གནས་ཀྱི་དྲུང་ཆེ་ཕུན་ཚོགས་བླ་མ་ལགས་ཀྱིས་འགན་ཁུར་དང་མང་ཚོགས་ཀྱིས་རྒྱབ་སྐྱོར་གནང་བ། ལྷག་དོན་རྩེད་འགྲན་པ་དང་འཛུལ་ཞུགས་གནང་མཁན་ཡོངས་ལ་ནད་ཡམས་ཀྱི་ངལ་བ་གང་ཡང་འཕྲད་མེད་སྐོར་གསུངས་སོང་། གཞི་རྩའི་ཐེངས་འདིའི་རྩེད་འགྲན་ཁྲོད་རྒྱ་བལ་གཉིས་ནས་རུ་ཁག་བཅུ་ཙམ་མ་གཏོགས་མཉམ་ཞུགས་གནང་ཐུབ་མེད་པ་དང་། ཉིན་གྲངས་བཅུ་གཉིས་དེའི་ཁྲོད་ཁྱོན་རྩེད་འགྲན་ ༢༧ གནང་ཡོད་པ། རྩེད་འགྲན་དེ་ཡང་ཉིན་མཚན་གཉིས་སུ་སྤང་གི་རྩེད་ཐང་དུ་རྩེད་ཡོད་པ་རེད།ས་གནས་ཀྱི་དྲུང་ཆེ་ཕུན་ཚོགས་བླ་མ་ལགས་ཀྱིས་དོན་གྲུབ་གླིང་གཞིས་སྒར་དུ་ཉིན་མཚན་གཉིས་ཀར་རྐང་སྤོལ་རྩེད་ཐུབ་པའི་རྩེད་ཐང་བཟོས་ཡོད་པ་ལྟར་སླད་མར་ས་གནས་གཞན་གྱི་ནང་དུ་དེ་ལྟར་གོ་སྒྲིག་དང་མཐུན་རྐྱེན་གནང་རོགས་ཞེས་གཞེན་སྐུལ་ཞུས་ཡོད།

སིམ་ལ་དང་སྦིར་རུ་ཁག་དབར་འདི་ལོའི་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་གནང་གི་ཡོད་པ་རེད།

དེ་རིང་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་ ༢༦ པའི་མཐའ་མའི་རྩེད་འགྲན་དེ་སིམ་ལ་རུ་ཁག་དང་ TCB སྦིར་རུ་ཁག་གཉིས་དབར་གནང་གི་ཡོད་པ་རེད།བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་གོ་སྒྲིག་འོག་ཟླ་བ་འདིའི་ཚེས་ ༡ ནས་རྒྱ་གར་བྱང་ཕྱོགས་བོད་མི་གནས་ཡུལ་གྱི་ས་གནས་ Clement town དོན་གྲུབ་གླིང་གཞིས་སྒར་གྱི་རྐང་རྩེད་སྤོ་ལོའི་རྩེད་ཐང་དུ་༸རྒྱལ་ཡུམ་ཆེན་མོ་དྲན་རྟེན་རྐང་སྤོལ་རྩེད་འགྲན་ཐེངས་ ༢༦ པ་རྩེད་འགྲན་གནང་བཞིན་ཡོད་པ་ལྟར། ཁ་སང་ཕྱི་དྲོ་སྡེ་ཚན་གཉིས་ཀྱི་རྩེ་ཕུད་སོན་པའི་རུ་ཁག་བཞིའི་དབར་ Semi Final ཞེས་མཐའ་མའི་འགྲན་བསྡུར་རིམ་པ་གཉིས་པ་དེ་གནང་ཡོད་པའི་ཁོངས་སུ་རྩེད་འགྲན་དང་པོ་དེ་སིམ་ལ་རུ་ཁག་དང་དོན་གྲུབ་གླིང་རུ་ཁག་གཉིས་དབར་རྩེད་འགྲན་གནང་སྟེ་སྤོ་ལོ་གཉིས་དང་གཅིག་གི་ཐོག་ནས་སིམ་ལ་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད།རྩེད་འགྲན་གཉིས་པ་དེ་ལ་དྭགས་བསོད་ནམས་གླིང་རུ་ཁག་དང་ TCB སྦིར་རུ་ཁག་གཉིས་དབར་གནང་བ་ལས་སྤོ་ལོ་གཅིག་དང་ཀླད་ཀོར་ཐོག་ནས་སྦིར་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད་སྟབས་དེ་རིང་ཕྱི་དྲོ་ཚོུད་ ༦ ཐོག་སྐུ་མགྲོན་གཙོ་བོ་དབུ་བཞུགས་ཐོག་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་ ༢༦ པའི་མཐའ་མའི་རྩེད་འགྲན་དེ་སིམ་ལ་རུ་ཁག་དང་ TCB སྦིར་རུ་ཁག་གཉིས་དབར་གནང་གི་ཡོད།རྩ་བའི་ཐེངས་འདིའི་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནང་རྒྱ་གར་དང་བལ་ཡུལ་ཁུལ་ནས་བོད་པའི་རུ་ཁག་བཅུས་མཉམ་ཞུགས་གནང་ཡོད་པ་དང་། རུ་ཁག་བཅུ་པོ་དེ་དག་སྡེ་ཚན་གཉིས་སུ་འཆར་འགོད་ཐོག་ཕྱི་ཚེས་ ༡...

Latest news

- Advertisement -spot_img