Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

༸ཀུན་གཟིགས་༸པཎ་ཆེན་སྐུ་འཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག

འཇར་མན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱ་གཞུང་ནས་༸པཎ་ཆེན་རིན་པོ་ཆེ་མཆོག་འཕྲལ་མར་གློད་བཀྲོལ་དགོས་ཞེས་གསུངས་པ།

ཁ་སང་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་མོ་སྟེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་ཆེན་པོ་མཆོག་གིས་ངོས་འཛིན་མཛད་པའི་༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་དབུས་པའི་ཡབ་ཡུམ་སྐུ་འཁོར་དང་བཅས་པ་རྒྱ་གཞུང་གིས་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར་ཏེ་མི་ལོ་ ༢༧ ཧྲིལ་པོ་འཁོར་བའི་དུས་ཚིགས་ཡིན་པ་དང་བསྟུན་འཇར་མན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱ་གཞུང་ནས་༸པཎ་ཆེན་རིན་པོ་ཆེ་མཆོག་འཕྲལ་མར་གློད་བཀྲོལ་དགོས་པའི་སྤྱི་བསྒྲགས་ཤིག་སྤེལ་འདུག དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་གསལ་ལ་འཇར་མན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Michale Brand ལགས་ཀྱིས་རྒྱ་གཞུང་ནས་༸པཎ་ཆེན་རིན་པོ་ཆེ་མཆོག་དགུང་ལོ་དྲུག་ལ་བཙན་ཁྲིད་བྱས་པ་ནི་ཧ་ཅང་གི་ཉེས་པ་འཚབས་ཆེ་བསགས་ཡོད་པ་དང་དེའི་ཁར་རྒྱལ་སྤྱི་ནས་རིན་པོ་ཆེ་མཆོག་སྐུ་འཚོ་བཞུགས་ཡིན་མིན་གྱི་དངོས་ཡོད་གནས་ལུགས་ཤེས་ཀྱི་མེད་པ་རེད། ཕྱོགས་མཚུངས་རྒྱལ་སྤྱི་ནས་རྒྱ་གཞུང་གིས་མུ་མཐུད་ནག་ཉེས་གསོག་བཞིན་པར་བལྟས་ནས་བཞུགས་ཐབས་མེད་སྟབས་ཚང་མས་མཉམ་རུབ་ཀྱིས་ལས་དོན་གནང་དགོས་སྐོར་གསུངས་པ་དང་ཆབས་ཅིག  རྒྱ་ནག་གཞུང་གི་ངོས་ནས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་ཁ་གསལ་བཟོ་དགོས་པ་དང་རིན་པོ་ཆེ་མཆོག་འཕྲལ་མར་གློད་བཀྲོལ་དགོས་པ། དེ་བཞིན་བོད་མི་རྣམས་ཀྱི་ཆོས་ལུགས་རང་དབང་ལ་རྡོག་རོལ་གཏོང་མཚམས་འཇོག་དགོས་ཞེས་གསུངས་འདུག གཞི་རྩའི་ཁ་སང་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་མོ་དེ་ནི་རྒྱ་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་མཆོག་འཛིན་བཟུང་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ ༢༧ ཧྲིལ་པོ་འཁོར་བའི་དུས་ཚིགས་ཡིན་པ་དང་བསྟུན། བཙན་བྱོལ་ནང་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་ཀྱིས་ངོ་རྒོལ་སྐད་འབོད་དང་གོ་རྟོགས་ཀྱི་ལས་འགུལ་སྤེལ་བ་དང་། དེ་བཞིན་རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་ཁག་ནས་རྒྱ་གཞུང་ནས་རིན་པོ་ཆེ་མཆོག་གློད་བཀྲོལ་གཏོང་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཡོད་པ་ལྟར།...

ཡོ་རོབ་ཁུལ་དུ་༸པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ ༢༧ འཁོར་བའི་དུས་ཚིགས་སྲུང་བརྩི།

ཁ་སང་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་མོ་སྟེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་ཆེན་པོ་མཆོག་གིས་ངོས་འཛིན་མཛད་པའི་༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་དབུས་པའི་ཡབ་ཡུམ་སྐུ་འཁོར་དང་བཅས་པ་རྒྱ་གཞུང་གིས་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར་ཏེ་མི་ལོ་ ༢༧ ཧྲིལ་པོ་འཁོར་བའི་དུས་ཚིགས་ཡིན་པ་དང་བསྟུན་ཡོ་རོབ་རྒྱལ་ཁབ་སུད་སི་ནང་ཡོ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་དང་སུད་སི་ས་གནས་བོད་ཀྱི་བེུད་ལྷན་ཚོགས། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་། དེ་བཞིན་སུད་བོད་མཐུན་ཚོགས་བཅས་ས་གནས་གཞུང་འབྲེལ་མིན་པའི་ཚོགས་པ་བཞིའི་སྣི་ཁྲིད་འོག་ས་གནས་བོད་མི་ཚོས་གྲོང་ཁྱེར་ཛུ་རིག་ Werdmühleplatz ས་ཚིགས་ནས་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས་བར་ཞི་བའི་རྔམ་སྟོན་གྱི་ཁྲོམ་སྐོར་ལས་འགུལ་ཞིག་སྤེལ་ཡོད། སྐབས་དེར་ཞི་བའི་གོམ་བགྲོད་ལམ་བར་དུ་བོད་མི་རྣམས་ཀྱིས་ལག་ཏུ་བོད་ཀྱི་རྒྱལ་དར་དང། ༸པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་སྐྱིད་ཉི་མ་མཆོག་གི་༸སྐུ་པར། དེ་བཞིན་རྒྱ་གཞུང་ལ་ཞི་རྒོལ་གྱི་འབོད་ཚིག་འཁོད་པའི་ཕྲེད་དར་སོགས་བསྣམས་ཏེ། ཞི་བའི་ངོ་རྒོལ་སྐད་འབོད་དང་དང་བདེན་ཚིག་སྨོན་ལམ་སོགས་གསུང་འདོན་གནང་སྟེ་ཉིན་མོ་དེ་སྲུང་བརྩི་ཞུས་ཡོད་པ་རེད།ཉིན་འདིར་ད་དུང་ཐེངས་འདིའི་ལས་འགུལ་གོ་སྒྲིག་གནང་མཁན་གྱི་ས་གནས་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་བཞི་མཉམ་འབྲེལ་ཐོག་ནས་རྒྱ་ནག་གཞུང་གིས་དགོས་འདུན་དོན་ཚན་བཞི་ཅན་གྱི་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་ལྟར་དེའི་ནང་རྒྱལ་སྤྱིའི་རང་དབང་རྟོག་ཞིབ་མི་སྣས་༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གཙོས་སྐུ་འཁོར་ལྷན་ནང་མི་རྣམས་དང་མཇལ་འཕྲད་བརྒྱུད་སྐུ་ཁམས་གསལ་ཐང་ཡིན་མིན་གྱི་གནས་སྟངས་རྒྱུས་ལོན་གནང་དགོས་པ། རིན་པོ་ཆེ་མཆོག་གཙོས་སྐུ་འཁོར་རྣམས་གློད་བཀྲོལ་གྱིས་འགྲོ་འོང་རང་དབང་སྤྲོད་དགོས་པ། རྒྱ་གཞུང་ནས་༸ཀུན་གཟིགས་༸པཎ་ཆེན་མཆོག་༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན་ཞུ་དགོས་པ་མ་ཟད་གདན་ས་བཀྲིས་ལྷུན་པོར་གསེར་ཁྲི་མངའ་གསོལ་ཞུ་དགོས་པ་བཅས་དགོས་འདུན་ཆེད་བཏོན་གནང་འདུགདེ་དང་ཕྱོགས་མཚུངས་ཉིན་དེར་སུད་སི་ཙམ་མ་ཟད་ཕ་རན་རྒྱལ་ས་ཕེ་རིས་དང། གྲོང་ཁྱེར་སི་ཊི་སྦག་ནང་དུའང་ས་གནས་བོད་རིགས་ཚོགས་པ་དང་དང་ས་གནས་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་བཅས་ནས་ཞི་བའི་རྔམ་སྟོན་གྱི་ཁྲོམ་སྐོར་ལས་འགུལ་དང། དེ་བཞིན་རྒྱ་ནག་གཞུང་ཚབ་ཁང་གི་ཉེ་འཁྲིས་བཅས་ཀྱི་ས་ཚིགས་ཏུ་ཞི་བའི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་བ་འདུགདེ་བཞིན་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་དང་ཡོ་རོབ་རྒྱལ་ཁབ་ཨོ་སི་ཀྲི་ཡ་བཅས་ཀྱི་ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་མདུན་དུ་ས་གནས་བོད་རིགས་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་བའི་གོ་སྒྲིག་འོག་ངོ་རྒོལ་སྐད་འབོད་སོགས་ཀྱི་ལས་འགུལ་བརྒྱུད་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ཏེ་མི་ལོ་ ༢༧ འཁོར་བའི་དུས་ཚིགས་སྲུང་བརྩི་ཞུས་སོང་།

རྒྱ་གར་གྱི་མི་རབས་གསར་པར་༸པཎ་ཆེན་རིན་པོ་ཆེ་མཆོག་གི་གནས་སྟངས་སྐོར་ངོ་སྤྲོད་ཐུབ་ཐབས་བྱ་རྒྱུ་དེ་ང་ཚོའི་ལས་འགན་རེད།

ཁ་སང་ནི་དེ་སྔ་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན་མོར་༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གིས་བཙན་འཁྲིད་འོག་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ ༢༧ ཧྲིལ་པོ་འཁོར་བའི་རྗེས་དྲན་གྱི་ཉིན་མོ་ཞིག་ཡིན་པ་དང་། བཙན་བྱོལ་རང་དབང་ལུང་པར་གནས་པའི་བོད་མི་ཚོས་ཉིན་དེར་རྣམ་པ་འདྲ་མིན་ཐོག་ནས་རིན་པོ་༸གང་ཉིད་མཆོག་གིས་དབུས་པའི་ཡབ་ཡུམ་སྐུ་འཁོར་དང་བཅས་པའི་གནས་སྟངས་ཤེས་རྟོགས་ཐུབ་སླད་ལས་འགུལ་སྣ་ཚོགས་ཤིག་སྤེལ་མུས་ཡིན་པ་ལྟར། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆ་མཚོན་ན་བོད་རང་བཙན་སློབ་ཕྲུག་ཚོགས་པས་ལྡི་ལི་གཙུག་ལག་སློབ་གྲྭའི་རང་དབང་གི་བསམ་ཚུལ་བརྒྱུད་སྤེལ་གནང་ཡུལ་མང་གཙོའི་གྱང་ལྡེབས་ཁག་ཏུ་༸པཎ་ཆེན་སྐུ་ཕྲེང་བཅིུག་པའི་༸སྐུ་པར་དང་རྒྱ་ནག་གཞུང་གི་ངོས་ནས་འཛམ་གླིང་ནང་གི་ཆབ་སྲིད་བཙོན་པ་༸སྐུ་ན་ཕྲ་ཤོས་ཁོང་གང་མྱུར་བཙོན་གྲོལ་གཏོང་དགོས་པ་སོགས་ཀྱི་དགོས་འདུན་འཁོད་པའི་གསལ་བསྒྲགས་གནང་ཡོད་པ་རེད།ལྡི་ལི་གཙུག་ལག་སློབ་གྲྭར་ཤར་ཨེ་ཤ་ཡའི་སློབ་སྦྱོང་གནང་བཞིན་པའི་བསྟན་འཛིན་ཉི་སྒྲོལ་ལགས་ཀྱིས་ང་ཚོས་དེ་རིང་མང་གཙོའི་རང་དབང་ལོངས་སུ་སྤྱད་དེ་རྒྱ་གར་གྱི་ན་གཞོན་ཚོར་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་གནད་དོན་དང་འབྲེལ་བའི་གོ་རྟོག་སྤེལ་གྱི་ཡོད་པ་མ་ཟད་ལས་འགུལ་དེ་ང་ཚོའི་རྩ་དོན་དང་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད་ཅེས་གསུངས་སོང་།དེ་བཞིན་ཁོང་གིས་ཁོང་ཚོའི་ངོས་ནས་རང་ཉིད་ཀྱི་འཛིན་གྲོགས་དང་དགེ་རྒན། ལས་ཪོགས་བཅས་ལ་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་གནད་དོན་ངོ་སྤྲོད་ཀྱི་གོ་རྟོགས་སྤེལ་ཡོད་པ་དང་། ལར་ནས་བོད་རིགས་ན་གཞོན་ཚོས་རྣམ་ཀུན་ནས་བོད་ཀྱི་རྩ་དོན་དང་འབྲེལ་བའི་གནས་སྟངས་ཁག་རྒྱ་གར་གྱི་སློབ་ཕྲུག་ཚོར་གོ་རྟོགས་སྤེལ་རྒྱུ་དེ་གལ་འགངས་ཆེན་པོར་ངོས་འཛིན་ཞུ་བཞིན་ཡོད་ཅེས་སོགས་གསུངས་ཡོད།ལྡི་ལི་ཁུལ་གྱི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་གྲངས་ ༡༥ ལྷག་ཡོད་པ་དེ་དག་གིས་གཙུག་ལག་སློབ་གྲྭའི་མང་གཙོའི་གྱང་ལྡེབས་ཚང་མར་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གི་༸སྐུ་པར་སྦྱར་བ་མ་ཟད་དགོས་འདུན་གྱི་འབོད་ཚིག་ལག་པར་མཉམ་འཁྱེར་བྱས་ཏེ་ཉེ་འཁྲིས་སུ་ཡོད་པའི་ Vishwavidyalya metro འབབ་ཚུགས་བར་ཞི་བའི་གོམ་བགྲོད་གནང་བ་དང་། ལམ་བར་ལ་སློབ་ཕྲུག་ཐུག་ཚད་ལ་༸པཎ་ཆེན་རིན་པོ་ཆེའི་གནས་སྟངས་ངོ་སྤྲོད་དང་རྒྱབ་སྐྱོར་གནང་དགོས་པའི་སྐུལ་མ་སོགས་ཞུས་ཡོད་པ་རེད།༸པཎ་ཆེན་སྐུ་ཕྲེང་བཅིུག་པ་མཆོག་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ ༢༧ ཧྲིལ་པོ་འཁོར་བའི་རྗེས་དྲན་གྱི་ཉིན་མོ་དང་བསྟུན། ལྡི་ལི་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ཀྱང་ཉིན་འཁྱོངས་རིང་བོད་སྒར་བསམ་ཡས་གླིང་གི་དགོན་པའི་མདུན་ཐང་དུ་ཟས་བཅད་ངོ་རྒོལ་གནང་ཡོད་པ་མ་ཟད་ཕྱི་དྲོར་མར་མེའི་ཁྲོམ་སྐོར་གནང་ཡོད།

༸པཎ་ཆེན་རིན་པོ་ཆེའི་གནས་སྟངས་གསལ་བཟོ་དང་གང་མགྱོགས་གློད་བཀྲོལ་དགོས།

དེ་རིང་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོར་༸ཀུན་གཟིགས་༸པཎ་ཆེན་སྐུ་འཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༢ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པ་དང་འབྲེལ། ༸པཎ་ཆེན་སྐུ་འཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་སྐུ་འཁོར། དེ་བཞིན་བྱ་བྲལ་རིན་པོ་ཆེ་བཅས་འཕྲལ་དུ་གློད་བཀྲོལ་དགོས་པ་མ་ཟད་ཁོང་རྣམ་པའི་གནས་སྟངས་ཇི་ཆགས་གསལ་པོ་བཟོ་དགོས་པའི་རེ་སྐུལ་བསྐྱར་ནན་གནང་སོང་།དེང་སྐབས་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་རྐྱེན་གྱིས་འཛམ་གླིང་ས་ཕྱོགས་གང་ས་དང་ལྷག་པར་དུ་རྒྱ་གར་ནང་དུ་གནས་སྟངས་ཆེས་ཛ་དྲག་ཆགས་པ་དང་འབྲེལ་ཏེ་མངའ་སྡེ་མང་པོ་ཞིག་ཏུ་རེས་གཟའ་སྤེན་པ་དང་ཉི་མ་ནམ་ཡིན་ལ་ཐེམ་སྤང་གི་བཀའ་རྒྱ་བསྡམ་ཡོད་པའི་གནས་སྟངས་ཁྲོད་དེ་རིང་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོར་༸ཀུན་གཟིགས་༸པཎ་ཆེན་སྐུ་འཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༢ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་སོང་།བྱེས་ཀྱི་གདན་ས་ཆེན་པོ་སེ་ར་བྱེས་སྨད་གཉིས་ཀྱི་མཁན་རིན་པོ་ཆེ་དང་། ལྷོ་སྤྱི་ཐུབ་བསྟན་ཚེ་རིང་ལགས། མཁན་ཟུར་རིན་པོ་ཆེ། སེ་ར་བླ་སྤྱི་དང་གྲྭ་ཚང་དང་རྣམ་གྲོལ་གླིང་དགོན་པའི་སྐུ་ཚབ་ཕྱག་མཛོད་རྣམ་པ། དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ལྷན་འཛོམས་ཀྱིས་༸ཀུན་གཟིགས་༸པཎ་ཆེན་སྐུ་འཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེ་འདུ་ཁང་དུ་གདན་འདྲེན་ཞུས་ཏེ་ཞབས་རིམ་གསོག་སྒྲུབ་དང་བསང་གསོལ། མཎྡྲལ་འདེགས་འབུལ། སྣང་གསལ་མར་མེ་ཞལ་འབྱེད། དེ་བཞིན་མངར་ཟས་ Cake བགོས་འགྲེམས་སོགས་བོད་ལུགས་དང་ཕྱི་ལུགས་གཉིས་ཀྱི་ཐོག་ནས་༸ཀུན་གཟིགས་༸པཎ་ཆེན་སྐུ་འཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༢ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་རེད།གདན་ས་བཀྲིས་ལྷུན་པོའི་མཁན་རིན་པོ་ཆེ་གཟིག་རྒྱབ་སྤྲུལ་སྐུ་མཆོག་གིས་གདན་ས་བཀྲིས་ལྷན་པོའི་བླ་སྤྱི་ལྷན་ཁང་དང་༸པཎ་ཆེན་ཨེར་ཏེ་ནི་ཞབས་ཞུའི་ལས་དོན་བསྟི་གནས་ཁང་ཐུན་མོང་གིས་དེ་རིང་འཁྲུངས་སྐར་གྱི་ཉིན་མོར་སྤེལ་བའི་ཡོངས་ཁྱབ་གསལ་བསྒྲགས་སྒྲོག་སྦྱང་གནང་བར་༸ཀུན་གཟིགས་༸པཎ་ཆེན་སྐུ་འཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་དང་རིན་པོ་ཆེ་མཆོག་གང་དུ་བཞུགས་ཡོད་ཀྱང་༸སྐུའི་འཁྲུངས་སྐར་ཉིན་མོར་ཐུགས་མཉེས་པོ་ཡོང་བར་སྨོན་འདུན་ཞུས་པ་དང་སྦྲགས། ༸པཎ་ཆེན་སྐུ་ཕྲེང་ན་རིམ་དང་ལྷག་དོན་སྐུ་འཕྲེང་བཅུ་པ་ཆེན་པོས་བོད་མི་རིགས་དང་བསྟན་སྲིད་ཀྱི་ཆེད་དུ་༸སྐུ་སྲོག་བློས་བཏང་མཛད་པའི་མཛད་པ་ཁག་རྗེས་དྲན་ཞུས་པ་དང་ཆབས་ཅིག ཕྱི་ལོ་ ༡༩༩༥ ལོར་རྒྱ་ནག་གཞུང་གིས་དགུང་ལོ་ ༦ ལ་ཕེབས་པའི་...

Latest news

- Advertisement -spot_img