Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབྱིན་ཡུལ་ནང་༸ཞབས་སོར་བདེ་བར་འཁོད་པ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་ཕུར་པ་ཡང་སྙིང་སྤུ་གྲིའི་གོ་ཆའི་སྒོ་ནས་སྒྲུབ་མཆོད་རྒྱས་པ་སྨིན་སྒྲུབ་མཛད་པ།

དེ་རིང་ཟླ་ ༣ ཚེས་ ༢༢ ཉིན་གྱི་སྔ་དྲོ་ཚོུད་ ༩།༣༠ སྟེང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་དབུ་བཞུགས་ཀྱིས་གཙོས་རྣམ་གྲྭ་མཁན་རིན་པོ་ཆེ་མཆོག་དང་སློབ་དཔོན་རྣམ་པ། དགེ་འདུན་པ་བཅས་ཆེད་ཕེབས་ཐོག་དཔལ་ཆེན་རྡོ་རྗེ་གཞོན་ནུའམ་ཕུར་པ་ཡང་སྙིང་སྤུ་གྲིའི་གོ་ཆའི་སྒོ་ནས་སྒྲུབ་མཆོད་རྒྱས་པ་སྨིན་སྒྲུབ་མཛད་ཡོད་པ་རེད། གཞི་རྩའི་དཔལ་ཆེན་རྡོ་རྗེ་གཞོན་ནུའམ་ཕུར་པ་ཡང་སྙིང་སྤུ་གྲིའི་སྒྲུབ་མཆོད་ནི། དེ་སྔ་རྒྱལ་མཆོག་༸སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གི་༸སྐུ་དུས་སུ་བོད་ཀྱི་བསྟན་སྲིད་ཕན་བདེ་སྤྱིའི་སླད་དུ་གཏེར་བཏོན་བསོད་རྒྱལ་ལམ་གཏེར་ཆེན་ལས་རབ་གླིང་པ་མཆོག་དང་ལྷན་དུ་བོད་ཀྱི་རྒྱལ་ས་ལྷ་སའི་ནོར་བུ་གླིང་གར་དམིགས་བསལ་ཕྱོགས་སྒྲིག་ཞུས་པའི་ཆོ་ག་ཞིག་དང་། སྐབས་དེར་རྒྱལ་མཆོག་ཐུབ་བསྟན་རྒྱ་མཚོ་མཆོག་གིས་ཆོ་ག་དེ་བཞིན་རྒྱུན་སྐྱོང་ཡོང་ཆེད་༸སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་གནས་ཆུང་སྒྲ་དབྱངས་གླིང་བཅས་གྲྭ་ཚང་གཉིས་ལ་ཆོ་ག་དེ་དངོས་སུ་བཙུགས་པ་ལྟར། དུས་དེ་ནས་བཟུང་ད་ལྟ་བར་རྒྱུན་ཆད་མེད་པར་ལོ་སྟར་ཆགས་སྒྲུབ་མཆོད་གནང་གི་ཡོད་པ་རེད། རྩ་བའི་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་ངོས་ནས་༸སྐུ་ཕྱྭའི་ཞབས་རིམ་སྒྲུབ་མཆོད་གནང་དགོས་པ་ཁག་ལྔ་ཡོད་པ་ལས་འདི་ནི་ཡ་གྱལ་ཞིག་ཡིན་པ་རེད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་དུ་ཚུར་ཞབས་སོར་བདེ་བར་འཁོད་གནང་མཛད་པ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནང་ལ་ཟླ་བ་གཅིག་དང་ཕྱེད་ཙམ་རིང་༸སྐུའི་འཕྲོད་བཞེས་སྨན་གཅོས་བརྟག་དཔྱད་གཙོས་པའི་ཆོས་འབྲེལ་གྱི་མཛད་འཆར་ཁག་ཅིག དེ་བཞིན་ཡུ་རོབ་ཁུལ་གྱི་མཛད་འཆར་ཁག་ལེགས་གྲུབ་ཀྱིས་བཞུགས་སྒར་དུ་ཕྱིར་ཞབས་སོར་བདེ་བར་འཁོད་གནང་མཛད་སོང། དེ་ཡང་ཁ་སང་སྔ་དྲོ་ཚོུད་ ༡༠།༠༠ ཙམ་ལ་བཞུགས་སྒར་གྱི་ཉེ་འདབས་སུ་ཡོད་པའི་གྷ་གལ་གནམ་ཐང་དུ་ཞབས་སོར་བདེ་བར་འཁོད་སྐབས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་མཆོག་དང་།  བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་ཁག་ཅིག དེ་བཞིན་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འགན་འཛིན་དང་སྐུ་ཚབ་རྣམ་པ། གཞན་ཡང་གོ་པལ་པུར་བོད་ཁྱིམ་སློབ་གྲྭ་དང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་དགེ་ལས་སློབ་མ་ཁག་ཅིག་གཙོས་ས་གནས་བོད་རིགས་དང་དད་ལྡན་མང་ཚོགས་རྣམས་ཀྱིས་ཕྱག་ཏུ་དྭངས་གཙང་མཇལ་དར་གཙོས་བདུག་སྤོས་བསྣམས་ཤིང། བཀྲིས་ཞོལ་པ་འཁྲབ་སྟོན་དང་གྲོ་སོ་ཕྱེ་མར་ཆང་ཕུད་བཅས་འདེགས་འབུལ་གྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་སོང། སྐབས་དེར་གསར་འགོད་པས་མགོན་པོ་༸གང་ཉིད་མཆོག་ལ་བཀའ་འདྲི་ཞུས་པར་བཀའ་ལན་གནང་དོན་ལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེངས་འདིའི་༸སྐུའི་འཕྲོད་བཞེས་སྨན་བཅོས་བརྟག་དཔྱད་དང་སྐུ་ངལ་གསོ་བཞུགས་གང་ལེགས་བྱུང་ཡོད་པ་དང་། སྐུ་གཟུགས་གསལ་ཐང་ཐོག་བཞུགས་སྒར་དུ་ཕྱིར་ཕེབས་ཐུབ་པ་བྱུང་བར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་སྩལ་གནང་པ་དང་ཆབས་ཅིག་ཏུ་༸གང་ཉིད་མཆོག་༸སྐུའི་འཕྲོད་བཞེས་སྨན་བཅོས་གནང་རིང་ལ་གཞིས་བྱེས་གཉིས་ཀྱི་བོད་མི་གཙོས་དད་ལྡན་གྲོགས་ཕོ་མོ་བཅས་ཀྱིས་ཐུགས་གསོའི་སྨོན་ལམ་དང་བྱིས་པ་ཚོས་ཀྱང་དྲག་སྐྱེད་ཡོང་སླད་ནད་གསོའི་འཚམས་འདྲིར་ཕྱག་བྲིས་ཕུལ་བར་ཐུགས་རྗེ་ཆེ་གནང་ཞེས་བཀའ་སྩལ་གནང་ཡོད་པ་རེད། གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༡ ཕྱི་ཚེས་ ༢༠ ནས་དབུ་ཚུགས་ཀྱིས་ད་ལྟ་བར་ཨ་རིའི་ Rochester གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་མཱ་ཡོ་སྨན་ཁང་དུ་ཟླ་བ་གཅིག་དང་ཕྱེད་ཙམ་རིང་༸སྐུའི་འཕྲོད་བཞེས་སྨན་གཅོས་བརྟག་དཔྱད་གནང་པའི་སྐབས་སུ་གཞིས་བྱིས་གཉིས་ཀྱི་བོད་མི་ཡོངས་ལ་སེམས་འཚབ་ཆེན་པོ་བྱུང་ཡོད་ཀྱང་། ད་ལན་༸གོང་ས་མཆོག་༸སྐུའི་འཕྲོད་བཞེས་སྨན་གཅོས་བརྟག་དཔྱད་ལེགས་གྲུབ་ཀྱིས་སྐུ་གཟུགས་གསལ་ཐང་ཐོག་བཞུགས་སྒར་དུ་ཕྱིར་ཞབས་སོར་བདེ་བར་འཁོད་སྟབས། བཞུགས་སྒར་རྡ་སར་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པ་ཀུན་གྱིས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་བརྗོད་པ་དཀའ་བའི་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་ཀྱི་འདུག རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཆོག་ཕྱི་ཟླ་ ༡ ཕྱི་ཚེས་ ༢༠ ནས་ཨ་རིའི་མཱ་ཡོ་སྨན་ཁང་དུ་༸སྐུའི་འཕྲོད་བཞེས་སྨན་གཅོས་བརྟག་དཔྱད་དང་སྐུ་ངལ་གསོ་བཞུགས་མཛད་རིང་ལ་མཱ་ཡོ་སྨན་ཁང་གི་སྨན་པ་དང་སྨན་ཞབས་པ། དེ་བཞིན་འབྲེལ་ཡོད་ལས་བྱེད་རྣམས་ལ་འཕྲོད་བསྟེན་དང་སྙིང་རྗེའི་འབྲེལ་བ་ཞེས་པའི་སྐོར་ལ་བླང་དོར་བཀའ་སློབ་སྩལ་ཡོད་པ་དང་།...

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་དུ་ཚུར་ཆིབས་སྒྱུར་བསྐྱངས་སོང།

དེ་རིང་སྔ་ཐོག་ཚོུད་ ༡༠།༠༠ ཡོལ་ཙམ་ལ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་རྡ་སར་ཞབས་གསོ་བདེ་བར་འཁོད་གནང ་མཛད་སོང་། དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནང་ལ་ཟླ་བ་གཅིག་དང་ཕྱེད་ཙམ་རིང་༸སྐུའི་འཕྲོད་བཞེས་སྨན་གཅོས་བརྟག་དཔྱད་དང་། ཁུལ་དེའི་ནང་གི་ཆོས་འབྲེལ་གྱི་མཛད་འཆར་ཁག་ཅིག དེ་བཞིན་ཡུ་རོབ་ཀྱི་རྒྱལ་ཁབ་སུད་སི་ཇི་ནེ་ཝ་གྲོང་ཁྱེར་དུ་ཚོགས་པའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཟུར་ཚོགས་ཐོག་དབུ་བཞུགས་མཛད་པ་སོགས་ཀྱི་མཛད་འཆར་ཁག་ལེགས་གྲུབ་ཟིན་རྗེས། དེ་རིང་སྔ་ཐོག་ལྡི་ལི་ནས་ཆིབས་ཐོན་གྱིས་མཁའ་ལམ་བརྒྱུད་སྔ་དྲོ་ཚོུད་ ༡༠།༠༠ ཙམ་ལ་བཞུགས་སྒར་གྱི་ཉེ་འདབས་སུ་ཡོད་པའི་ Gagal གནམ་ཐང་དུ་ཞབས་སོར་བདེ་བར་འཁོད་གནང་ཡོད་པ་དང། སྐབས་དེར་གསར་འགོད་པས་མགོན་པོ་༸གང་ཉིད་མཆོག་ལ་བཀའ་འདྲི་ཞུས་པར་བཀའ་ལན་གནང་དོན་ལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེངས་འདིའི་༸སྐུའི་འཕྲོད་བཞེས་སྨན་བཅོས་བརྟག་དཔྱད་དང་སྐུ་ངལ་གསོ་བཞུགས་གང་ལེགས་བྱུང་ཡོད་པ་དང་། སྐུ་གཟུགས་གསལ་ཐང་ཐོག་བཞུགས་སྒར་དུ་ཕྱིར་ཕེབས་ཐུབ་པ་བྱུང་བར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་སྩལ་གནང་པ་དང་ཆབས་ཅིག་ཏུ་༸གང་ཉིད་མཆོག་༸སྐུའི་འཕྲོད་བཞེས་སྨན་བཅོས་གནང་རིང་ལ་གཞིས་བྱེས་གཉིས་ཀྱི་བོད་མི་གཙོས་དད་ལྡན་གྲོགས་ཕོ་མོ་བཅས་ཀྱིས་ཐུགས་གསོའི་སྨོན་ལམ་དང་བྱིས་པ་ཚོས་ཀྱང་ཐུགས་གསོའི་ཕྱག་བྲིས་ཕུལ་བར་ཐུགས་རྗེ་ཆེ་གནང་ཞེས་བཀའ་སྩལ་གནང་ཡོད་པ་རེད།

རེག་དུག་ནད་གཞིའི་སྔོན་འགོག་སླད་བོད་སྐད་ཐོག་འགུལ་གཟུགས་གློག་བརྙན་གསར་བཟོ་གནང་པ།

བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཉེན་ཚབས་ཆེ་བའི་གཉན་ནད་རེག་དུག་ནད་གཞིའི་སྔོན་འགོག་གནང་སྟངས་དང་འབྲེལ་བའི་བོད་སྐད་ཐོག་སློབ་གསོའི་འགུལ་གཟུགས་གློག་བརྙན་ཞིག་དབུ་འབྱེད་གནང་སོང། དེ་ཡང་སྔ་དྲོ་ཚོུད་ ༡༡།༣༠ སྟེང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་འཕྲོད་བསྟེན་ལས་ཁུངས་ཀྱི་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས་ཟླ་ཤས་གོང་ནས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་ ཨ་རིར་རྟེན་གཞི་བྱས་པའི་ Stand ford University གཙུག་ལག་སློབ་ཁང་གི་གཞུང་འབྲེལ་མིན་པའི་ཚོགས་པ་ Teach AIDS གཉན་ནད་སློབ་གསོ་ཚོགས་པ་གཉིས་ཟུང་སྦྲེལ་གྱིས་བོད་ཀྱི་སྐད་ཡིག་རིག་གཞུང་དང་འཚམ་པའི་གཉན་ནད་རིག་དུག་སློབ་གསོའི་འགུལ་གཟུགས་གློག་བརྙན་གསར་སྐྲུན་ཞུས་པ་དེ་དབུ་འབྱེད་གནང་པ་དང་ཆབས་ཅིག བཀའ་སློན་མཆོག་གིས་གཉན་ནད་རེག་དུག་ནད་གཞི་དེར་རྒྱལ་སྤྱིའི་ཁྱོན་ཡོངས་ནས་གདོང་ལེན་གནང་བཞིན་ཡོད་པ་ལྟར། ང་ཚོ་བོད་མིའི་སྤྱི་ཚོགས་ཁྲོད་དུའང་ནད་གཞི་དེ་ཉིན་རེ་བཞིན་རྒྱ་ཁྱབ་ཏུ་འགྲོ་བཞིན་ཡོད་པའི་དངོས་ཀྱི་གནས་སྟངས་ཁག་ངོ་སྤྲོད་གནང་པ་མ་ཟད། ལྷག་དོན་ང་ཚོ་བོད་མིའི་སྤྱི་ཚོགས་ཁྲོད་ནས་ནད་གཞིའི་སྐོར་ལ་གོ་རྟོག་རྒྱ་གང་ཆེ་སྤེལ་ཐབས་སུ་ད་ལན་གོ་རྟོགས་ཀྱི་སློབ་གསོའི་འགུལ་གཟུགས་གློག་བརྙན་དེ་གསར་སྐྲུན་གནང་ཡིན་སྐོར་གསུངས་ཡོད། ད་དུང་ཁོང་གིས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་སྙན་ཐོའི་ནང་བོད་མིའི་གཞིས་ཁག་ ༡༩ ནས་བོད་མི་ ༦༠ ཙམ་ལ་ནད་གཞི་དེ་ཕོག་ཡོད་པ་མ་ཟད། དེའི་རྐྱེན་པས་མི་དམངས་ཕན་ཚུལ་དབར་དབྱེ་འབྱེད་དང་མཐོང་ཆུང་རིགས་མི་ཡོང་གི་ཡོད་པ་དེ་དག་མི་ཡོང་བའི་སླད་དུ་གོ་རྟོགས་སྤེལ་མུས་ཡིན་སྐོར་གསུངས་སོང་། དབུས་བོད་ཀྱི་སྨན་རྩིས་ཁང་ནས་བཟོ་བསྐྲུན་བྱས་པའི་བོད་སྨན་དེས་ནད་འབུ་རྩ་མེད་དུ་གཏང་མ་ཐུབ་ཀྱང་། ནད་པའི་གཟུགས་སྟོབས་གསོ་རྒྱུར་དགེ་མཚན་ཆེན་པོ་བྱུང་ངེས་ཡིན་པ་གསུངས་པ་དང་སྦྲགས། གཞིས་ལུས་རྒྱ་ཆེ་བོད་མི་རྣམས་ལ་ཐུགས་ཕན་གསོ་ཐབས་སུ་ད་ལན་གྱི་འགུལ་གཟུགས་གློག་བརྙན་དེ་རྐང་དྲ་རྒྱའི་བརྒྱུད་ཁྱབ་སྤེལ་གནང་རྒྱུ་ཡིན་པ་སོགས་གསུངས་ཡོད་པ་རེད། གཞི་རྩའི་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་གཉན་ནད་རེག་དུག་སྔོན་འགོག་བྱ་ཐབས་དང་འབྲེལ་བའི་སློབ་གསོའི་འགུལ་གཟུགས་གློག་བརྙན་དེ་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་དྲ་བརྙན་གླེང་སྟེགས་བརྒྱུད་ལོ་གསར་གྱི་ཚེས་ ༡ ནས་དངོས་སུ་གཟིགས་འབུལ་ཞུ་རྒྱུ་རེད་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་སྡེ་བཀྲིས་ལྷུན་པོར་བྱང་ཆུབ་ལམ་རིམ་གྱི་ཆོས་འབྲེལ་དབུ་འཛུགས་བསྐྱངས་པ།

ཁ་སང་ཕྱི་ཟླ་ ༡༢ ཚེས་ ༢༠ སྔ་དྲོ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་སྡེ་བཀྲིས་ལྷུན་པོར་ལོ་སྔོན་མའི་བྱང་ཆུབ་ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ཀྱི་གཞུང་འཕྲོ་སྐྱོང་ཞྭ་དམར་ལམ་རིམ་ནས་ ཆོས་འབྲེལ་དབུ་འཛུགས་མཛད་ཡོད་པ་རེད།     ༸གོང་ས་མཆོག་ནས་ལམ་རིམ་གྱི་བཀའ་ཁྲིད་དབུ་འཛུགས་མ་མཛད་གོང་སྔོན་འགྲོའི་ཆོས་བཤད་བཀའ་སློབ་བསྩལ་བའི་ཁྲོད་ཐོག་མར་བོད་ནང་སངས་རྒྱས་ཀྱི་ཆོས་འབྱུང་དར་འཕེལ་གྱི་ངོ་སྤྲོད་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་སྐབས་རྒྱ་གར་གྱི་མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་པདྨ་འབྱུང་གནས་གདན་འདྲེན་ཞུས་ཏེ་བོད་དུ་ནང་ཆོས་དར་རྒྱས་བྱུང་བ་དང་། རྗེས་སུ་རིམ་བཞིན་བོད་བརྒྱུད་ནང་བསྟན་ལ་དར་གུད་སྣ་ཚོགས་བྱུང་ནས་བོད་སིལ་བུར་ཐོར་རྗེས་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་སྙིང་སྟོབས་ཆེན་པོས་རང་སྲོག་བློས་གཏོང་དང་དཀའ་བ་བརྒྱ་ཕྲག་ཁྱད་དུ་སད་ནས་རྒྱ་གར་ནས་ཇོ་བོ་རྗེ་བོད་དུ་གདན་དྲངས་ཏེ་སངས་རྒྱས་པའི་བསྟན་པ་ཉམས་གསོ་མཛད་དེ། ད་བར་དཔལ་ན་ལེནྡྲའི་མཁས་པའི་གཞུང་དེ་དག་བོད་པ་ཁོ་ནས་འཛིན་སྐྱོང་སྤེལ་གསུམ་བྱས་ཡོད་པ་བཀའ་གནང་འདུག་པ་མ་ཟད། ལོ་ངོ་ ༢༦༠༠ ལྷག་སོང་བའི་ནང་པའི་ཆོས་དེ་དུས་ད་ལྟའང་འཛམ་གླིང་འདིར་གལ་ཆེན་པོ་བྱས་ཏེ་གནས་ཡོད་པ་ཙམ་མ་ཟད། ལྷག་དོན་ནང་ཆོས་ལ་དོ་སྣང་བྱེད་མཁན་ཡང་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད་ཅེས་བཀའ་སློབ་གནང་འདུག མགོན་༸གང་ཉིད་མཆོག་ནས་མུ་མཐུད་གསུངས་པར་བོད་དང་ཧི་མཱ་ལ་ཡའི་རི་རྒྱུད་སོགས་ནང་པའི་ཡུལ་ལུང་་ཁག་ནང་དར་ཁྱབ་བྱུང་བའི་ནང་ཆོས་ལ་བརྟེན་ནས་མིའི་སེམས་འདུལ་བར་ཕན་ཐོགས་ཅན་ཞིག་ཡིན་པ་དང། དེ་བཞིན་སྤྱི་ཚོགས་དང་ཁྱིམ་ཚང་ནའང་རང་ཉིད་ཀྱི་ལུས་སེམས་བདེ་ཐང་ཡོང་གི་ཡོད་ཅིང། སྤྱིར་ཆོས་ལུགས་ཚང་མས་བྱམས་བརྩེའི་བསླབ་བྱ་གཅིག་གྱུར་དུ་བསྟན་ཡོད་ཀྱང། ནང་པ་སངས་རྒྱས་པའི་ཉམས་ལེན་གནང་ཕྱོགས་ནི་འཚེ་བ་མེད་པའི་ལྟ་བ་དང་དེའི་རྒྱབ་རྟེན་དུ་བདག་མེད་རྟེན་འབྱུང་གི་ལྟ་བར་བརྟེན་ཡོད་པ་ནི་ཐོུང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན་པ་སོགས་ངོ་སྤྲོད་མཛད་འདུག      རྩ་བའི་ཐེངས་འདིའི་བྱང་ཆུབ་ལམ་རིམ་གྱི་བཀའ་ཆོས་སུ་ཆོས་ཞུ་བའི་གྲངས་འབོར་ནི་ ༣༠༠༠༠...

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སེར་སྨད་སྤོ་འབོར་ཁམས་ཚན་དབུ་འབྱེད་དང་ཆོས་འབྲེལ་མཛད་པ།

དེ་རིང་ཕྱི་ཟླ་ ༡༢ ཚེས་ ༡༥ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔོན་དོལ་རྒྱལ་བསྟེན་སྲོལ་བྱེད་མཁན་དང་ཆོས་དང་ཟང་ཟིང་གི་འབྲེལ་བ་བཅད་མཁན་སེར་སྨད་སྤོ་འབོར་ཁམས་ཚན་དུ་གྲྭ་ཤག་དང་གཙུག་ལག་ཁང་གི་རྟེན་དང་བརྟེན་པ་བཅས་པ་གསར་བཞེངས་ལེགས་པར་གྲུབ་པར་དབུ་འབྱེད་རབ་གནས་དང་ལམ་གཙོ་རྣམ་གསུམ་གྱི་བཤད་ལུང་གི་ཆོས་འབྲེལ་མཛད་ཡོད་པ་རེད། སྐབས་དེར་༸གོང་ས་མཆོག་གིས་སེར་སྤོར་ཁམས་ཚན་དང་དགའ་ལྡན་ཤར་རྩེ་གྲྭ་ཚང་གཉིས་ནས་དཀའ་ལ་གདོང་ལེན་གྱིས་༸གོང་ས་མཆོག་༸གང་ཉིད་ཀྱི་བཀའ་སློབ་ལམ་སྟོན་འོག་ཤར་བསྐྱོད་ཀྱིས་དོལ་རྒྱལ་བསྟེན་སྲོལ་སྤང་བླང་ཚུལ་བཞིན་གནང་བར་ཡི་རང་བསྔགས་བརྗོད་གནང་པ་དང་སྦྲགས་ཏེ། ༸གང་ཉིད་མཆོག་ཀྱང་ཐོག་མར་གྲོ་མོར་ཆིབས་སྒྱུར་སྐབས་ནས་དོལ་རྒྱལ་དང་འབྲེལ་བ་བྱུང་སྟངས་དང་། རྗེས་སུ་མགོན་པོ་མཆོག་གིས་བརྟག་དཔྱད་མཛད་པ་མ་ཟད། ༸གང་ཉིད་མཆོག་གི་༸སྐྱབས་རྗེ་ཡོངས་འཛིན་རྣམ་པ་གཉིས་ལ་བཀའ་དྲི་དགོངས་བསྐོར་ཞུས་པ། ལྷག་དོན་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་མཆོག་ནས་ཀྱང་ཞལ་བཞེས་གཙང་མ་ཐོབ་པའི་ཐོག་དོལ་རྒྱལ་བསྟེན་སྲོལ་མཚམས་འཇོག་མཛད་པའི་བརྒྱུད་རིམ་ཁག་གསལ་བཤད་གནང་ཡོད་པ་རེད། ༸གོང་ས་མཆོག་གིས་མུ་མཐུད་བཀའ་བསྩལ་མཛད་པར་དེ་སྔོན་བྱང་རྩེ་གྲྭ་ཚང་དུའང་དོལ་རྒྱལ་བསྟེན་སྲོལ་བྱས་པའི་རྐྱེན་གྱིས་ལྷ་མོ་འཁོན་པའི་སྐོར་གྱི་ལོ་རྒྱུས་ལུང་འདྲེན་མཛད་པ་དང་། ཆབས་ཅིག་ཏུ་མགོན་པོ་མཆོག་གིས་དོལ་རྒྱལ་བསྟེན་སྲོལ་ཐོག་སྤང་བླང་གི་བསླབ་བྱ་གནང་བ་དེ་ཡང་བོད་བསྟན་སྲིད་སྤྱི་དང་སྒོས་སུ་འཇམ་མགོན་བླ་མའི་བསྟན་པ་ལ་དགོངས་པ་བཞེས་ནས་གནང་བ་ཞིག་ཡིན་པའི་བཀའ་བསྩལ་ཕེབས་ཡོད་འདུག དེ་རྗེས་མཁན་ཟུར་སྒོ་སོག་རིན་པོ་ཆེ་མཆོག་ནས་༸གང་ཉིད་མཆོག་སེར་སྨད་སྤོ་འབོར་ཁམས་མཚན་དུ་ཞབས་སོར་འཁོད་གནང་མཛད་པར་ཐུགས་རྗེ་ཆེ་ཞུ་དང་སྦྲགས། དོལ་རྒྱལ་བསྟེན་སྲོལ་སྤང་བླང་བྱ་རྒྱུ་ནི་ཚོགས་སྡེ་རེ་གཉིས་ཀྱི་གནད་དོན་ཞིག་མིན་པར་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་གྲོ་བ་ཡོངས་ཀྱི་བདེ་སྡུག་དང་འབྲེལ་ནས་ཡོད་པར་བརྟེན་སྤང་བླང་གི་འཇུག་སྡོག་མ་ནོར་བ་བྱ་གལ་ཆེ་བ་ཆགས་ཡོད་པ་གསུངས་འདུག ད་དུང་ཁོང་གིས་དེའི་ཐད་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བླང་དོར་གྱི་བཀའ་སློབ་མཛད་པ་དེ་དེ་བཞིན་ཞུ་རྒྱུ་ཡིན་ཞེས་དང་དེ་ལྟར་བཀའ་སློབ་མཛད་པར་འདུས་མང་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད་པ་རེད། གཞི་རྩའི་དེ་རིང་སྔ་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སེར་སྨད་སྤོ་འབོར་ཁམས་ཚན་དུ་ཆིབས་བསྒྱུར་མ་མཛད་པའི་སྔ་རོལ་དུ་སེར་བྱེས་འབྲིང་རིམ་སློབ་གྲྭའི་ཚན་རིག་གི་འགྲེམས་སྟོན་ཞིག་ལ་ཆེད་ཕེབས་ཀྱིས་གཟིགས་སྐོར་མཛད་པ་དང། དེ་རྗེས་མུ་མཐུད་སེམས་དང་སྲོག་གི་བགྲོ་གླེང་གི་ཚོགས་མགོན་དུ་བཀྲིན་ཆེན་པོས་དབུ་བཞུགས་མཛད་ཡོད་པ་རེད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་སུ་ཞབས་སོར་བདེ་བར་འཁོད་གནང་མཛད་པ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེའི་གྲོང་ཁྱེར་སྦེང་ལོར་དུ་ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ་རེད།  དེ་ཡང་རིང་ཟླ་ ༡༢ ཕྱི་ཚེས་ ༥ ཉིན་གྱི་སྔ་ཐོག་ཚོུད་ ༩།༤༠ ཐོག་ལ་༸གང་ཉིད་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་ལྷོ་ཕྱོགས་ཀྱི་མངའ་སྡེའི་གྲོང་ཁྱེར་སྦེང་ལོར་གནམ་ཐང་དུ་ཞབས་སོར་བདེ་བར་འཁོད་མ་ཐག་ཕེབས་བསུར་བྱང་ཆུབ་ལམ་རིམ་ཆེན་མོའི་གསུང་ཆོས་གསོལ་འདེབས་ཞུ་མཁན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གཙོས་པའི་གདན་ས་ཁག་གི་མཁན་པོ་རྣམ་པ། ལྷོ་སྤྱི་དང་ས་གནས་འགོ་འཛིན་སོགས་གནམ་ཐང་དུ་ཕེབས་བསུར་ཆེད་བཅར་ཞུས་ཡོད་པ་རེད།   འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པས་ཧུན་སུར་ས་གནས་འགི་འཛིན་དགེ་ལེགས་འབྱུང་གནས་ལགས་སུ་ཆིབས་སྒྱུར་དང་འབྲེལ་བའི་མཛད་འཆར་ཐོག་བཅར་འདྲི་ཞུས་པར། ཁོང་གིས་༸གོང་ས་མཆོག་གནམ་ཐང་ནས་བཞུགས་གནས་མགྲོན་ཁང་དུ་ཞབས་སོར་འཁོད་མཚམས་དགའ་ལྡན་ལྔ་མཆོད་དང་འབྲེལ་བའི་གསོལ་ཚོགས་ཤིག་ཕུལ་པ་དང་ཉིན་དགུང་ལྗགས་སྨིན་གྲུབ་རྗེས།  ཉིན་རྒྱབ་ཚོུད་དང་པོ་ནས་ IDC ཞེས་པའི་ཁུལ་དེའི་ཁེ་ལས་ཁང་ཞིག་གིས་གོ་སྒྲིག་བྱས་པའི་བགྲོ་གླེང་གི་ཚོགས་མགོན་དུ་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་དབུ་བཞུགས་གནང་ཡོད་པ་རེད།  དེ་བཞིན་སང་ཕྱི་ཚེས་ ༦ ཉིན་སླར་ཡང་༸གོང་ས་མཆོག་བགྲོ་གླེང་གི་ཚོགས་མགོན་དུ་མུ་མཐུད་ཕེབས་གནང་མཛད་ཀྱི་ཡོད་འདུག   དེ་རྗེས་ཕྱི་ཚེས་ ༨ ཉིན་གྱི་ཞོགས་པ་༸གོང་ས་མཆོག་གྲོང་ཁྱེར་སྦེང་ལོར་ནས་མཁའ་ལམ་བརྒྱུད་ཐད་ཀར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཁུལ་གྱི་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཞབས་སོར་བཀའ་དྲིན་བསྐྱང་ཏེ། དེ་གའི་དགའ་ལྡན་ཁྲི་ཐོག་ཁང་གསར་བཞེངས་ལེགས་གྲུབ་བྱུང་བར་དབུ་འབྱེད་རབ་གནས་མཛད་རྒྱུ་དང་། ཉིན་དགུང་ལྗགས་སྨིན་གྲུབ་རྗེས། མཁའ་ལམ་བརྒྱུད་ཧུན་སུར་རབ་རྒྱས་གླིང་དུ་རྟེན་གཞི་བྱས་པའི་རྒྱུད་སྨད་གྲྭ་ཚང་ལ་ཕེབས་གནང་མཛད་རྒྱུ་ཡིན་པ་རེད་འདུག དེ་བཞིན་ཕྱི་ཚེས་ ༩...

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཅེན་ནའི་ཆུ་ལོག་གི་འཇིག་པ་བྱུང་བར་གདུང་སེམས་མཉམ་བསྐྱེད་ཀྱི་གསུང་འཕྲིན་སྩལ་བ།

ཁ་སང་ཟླ་ ༡༢ ཚེས་ ༤ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཏ་མིལ་ན་དུའི་ Tamil Nadu མངའ་སྡེའི་བློན་ཆེན་ Jayalalitha མཆོག་ལ་གསུང་འཕྲིན་ཞིག་སྩལ་ཏེ། མངའ་སྡེ་དེའི་ནང་དེ་སྔ་ལོ་བཅུ་ཕྲག་ནང་ཆར་ཤུགས་ཆེ་བའི་དབང་གིས་བྱུང་མྱོང་མེད་པའི་ཆུའི་འཇིག་པ་དང། ལྷག་དོན་ཅེན་ནའི་གྲོང་ཁྱེར་གྱི་མིའི་ཚེ་སྲོག་ལ་གོད་ཆགས་བྱུང་བར་ཐུགས་ཕམ་ཆེན་པོ་ཡོད་པ་བཀའ་སྩལ་མཛད་འདུག  ༸གང་ཉིད་མཆོག་གིས་གསུང་འཕྲིན་དེའི་ནང་ཅེན་ནའི་གྲོང་ཁྱེར་ནི་མགོན་པོ་མཆོག་ཕྱི་ལོ་ ༡༩༥༦ ལོར་སྟོན་པ་སངས་རྒྱས་སྐུ་མྱ་ངན་ལས་འདས་པའི་དུས་མཆོད་ལ་ཕེབས་སྐབས་ཆེས་ཐོག་མར་ཕེབས་སའི་གྲོང་ཁྱེར་ཞིག་ཆགས་ཡོད་པ་གསུངས་པ་མ་ཟད། ༸གོང་ས་མཆོག་ལོ་ཤས་གོང་ལ་མཛེས་སྡུག་ལྡན་པའི་གྲོང་ཁྱེར་དེའི་ནང་ལ་ཐེངས་འགའ་ཕེབས་མྱོང་ཡོད་པ་དང་གོད་ཆགས་དེ་མ་བྱུང་བའི་གཟའ་འཁོར་གསུམ་གྱི་གོང་ལ་༸གང་ཉིད་མཆོག་ཁུལ་དེར་ཕེབས་ཡོད་སྐོར་གསུངས་འདུག  ད་ལན་འབྱུང་བའི་རྐྱེན་ངན་གྱིས་གོད་ཆགས་འོག་གནོད་འཚེ་ཕོག་པ་རྣམས་ལ་སྐྱོབ་གསོ་དང་ཉེན་སྐྱོབ་ཡོང་བར་མགོན་པོ་༸གང་ཉིད་མཆོག་གིས་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ཏཱ་ལའི་བླ་མའི་དགེ་རྩ་ནས་རོགས་དངུལ་ཧིན་སྒོར་ས་འབུམ་བཅོ་ལྔ་( ༡༥༠༠༠༠༠༠) གསོལ་སྩལ་གནང་རྒྱུ་ཡིན་སྐོར་བཀའ་སྩལ་བ་དང་སྦྲགས།  བློན་ཆེན་མཆོག་དང་། ལྷག་དོན་ད་ལན་གྱི་དོན་རྐྱེན་འོག་གོད་ཆགས་ཕོག་པའི་ཏ་མིལ་ན་དུའི་ཡུལ་མི་རྣམས་ལ་ཐུགས་སྨོན་སྩལ་འདུག          

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ཆོས་འབྲེལ་བསྐྱང་འཆར།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་བཅུ་གཉིས་ནང་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ཆིབས་བསྒྱུར་གྱིས་བྱང་ཆུབ་ལམ་རིམ་ཆེན་མོའི་བཀའ་ཁྲིད་གཙོས་པའི་གཞུང་ཆེན་ཁག་ཅིག་གི་ཐད་ལ་ཟླ་བ་གཅིག་མིན་ཙམ་རིང་ཆོས་འབྲེལ་མཛད་གཏན་འཁེལ་ཡོད་པ་རེད་འདུག  དེ་ཡང་ལྷོ་ཕྱོགས་བོད་མིའི་སྤྱི་ཁྱབ་པ་ཀརྨ་དགྲ་འདུལ་ལགས་སུ་མགོན་པོ་གང་ཉིད་མཆོག་གི་ཆོས་འབྲེལ་གྱི་མཛད་འཆར་དང་རྒྱལ་བའི་༸སྐུ་ཕྱྭ། དེ་བཞིན་བཀའ་ཆོས་གནང་ཡུལ་སོགས་གྲ་སྒྲིག་གནང་ཕྱོགས་ཐད་བཅར་འདྲི་ཞུས་སྐབས་ཁོང་གིས་བཀའ་ལན་གནང་དོན་ལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་བཅུ་གཉིས་པའི་ཚེས་ ༥ ཉིན་བཞུགས་སྒར་ནས་ཆིབས་ཐོན་གྱིས་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་དུ་ཞབས་སོར་འཁོད་གནང་མཛད་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༦ དང་། ༧ བཅས་ཉིན་གཉིས་རིང་མངའ་སྡེའི་གྲོང་ཁྱེར་སྦེང་ལོར་དུ་རྒྱ་གར་གི་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་གསུངས་པ་མ་ཟད། ཕྱི་ཚེས་ ༨ ནས་དབུ་འཛུགས་ཀྱིས་ཕྱི་ཚེས་ ༡༢ བར་ཧུན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་རྒྱུད་སྨད་གྲྭ་ཚང་དུ་བཀའ་ཆོས་གནང་རྒྱུུ་ཡིན་པ་དང། ཕྱི་ཉིན་ཕྱི་ཚེས་ ༡༣ ཉིན་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་སེ་ར་ཐེག་ཆེན་གླིང་དུ་ཞབས་སོར་བཀའ་དྲིན་བསྐྱང་གནང་མཛད་དེ་ཕྱི་ཚེས་ ༡༤ ནས་ ༡༧ བཅས་ཉིན་གྲངས་བཞི་རིང་དེ་གར་སེམས་དང་སྲོག་གི་ཚན་རིག་བགྲོ་གླེང་གི་ཚོགས་མགོན་དུ་བཀྲིན་ཆེན་པས་དབུ་བཞུགས་མཛད་པ་དང་སྦྲགས། ཕྱིཚེས་...

Latest news

- Advertisement -spot_img