Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

༸གོང་ས་མཆོག་གིས་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་དང་འབྲེལ་བའི་རིས་མེད་མཁས་པའི་བགྲོ་གླེང་དབུ་འབྱེད་མཛད་གཏན་ཁེལ་བ།

གང་ཟག་ཅིག་གི་མི་ཚེའི་དགོས་དོན་གཙོ་བོ་དེ་གཞན་ཕན་སྒྲུབ་རྒྱུ་རེད།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ཕྱི་ཚེས་  ༦ ཉིན་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་རྒྱ་གར་དང་ཝི་ཏི་ནམ། དེ་བཞིན་ཨུ་རུ་སུའི་ནས་ཆེད་བཅར་ཞུས་པའི་ཚོང་ལས་མགོ་ཁྲིད་དང་ཆེད་ལས་མི་སྣ་ ༩༨ ཙམ་ལ་མཇལ་ཁ་བསྩལ་བ་དང་སྦྲགས། སྐབས་དེར་མི་གང་ཟག་ཅིག་གི་མི་ཚེའི་དགོས་དོན་གཙོ་བོ་དེ་གཞན་ཕན་སྒྲུབ་རྒྱུ་ཡིན་པར་བཀའ་བསྩལ་འདུག༸གོང་ས་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་རྒྱ་གར་ནས་ཆེད་བཅར་བའི་ཚོང་ལས་མགོ་ཁྲིད་དང་ཆེད་ལས་པ་ ༣༥ དང་ཝེ་ཊི་ནམ་ནས་ ༤༥ དེ་བཞིན་ཨུ་རུ་སུ་ནས་ ༡༨ བཅས་ཁྱོན་མི་གྲངས་ ༩༨ ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ། དེ་བཞིན་བཀའ་འདྲི་དགོངས་སྐོར་ཞུས་པར་བཀའ་ལན་བཅས་བསྩལ་ཡོད་པ་རེད། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་མི་གང་ཟག་སྒེར་ཞིག་གི་དགོས་དོན་གཙོ་བོ་དེ་གཞན་ཕན་གང་ཐུབ་ཐུབ་བསྒྲུབ་རྒྱུ་ཡིན་པ་དང། མགོན་པོ་མཆོག་གིས་ཉིན་རེའི་༸སྐུ་ཚེ་ནང་དུའང་སྐུ་གསུང་ཐུགས་གསུམ་གྱི་སྒོ་ནས་གཞན་ཕན་སྒྲུབ་རྒྱུར་ཐུགས་བརྩོན་མཛད་སྐོར་དང་འབྲེལ། དེ་ནི་ཆོས་ཀྱི་གོ་དོན་ངོ་མ་རེད་དམ་ཞེས་བཀའ་འདྲི་གནང་བ་དང་འབྲེལ། ༸གོང་ས་མཆོག་རྒྱ་གར་གྱི་གནའ་བོའི་རིག་གནས་ཀྱི་སློབ་མ་ཞིག་ཡིན་པ་ལྟར་༸སྐུ་ན་ཕྲ་མོའི་དུས་ནས་རྒྱ་གར་གྱི་དཔལ་ནཱ་ལེནྡཱའི་ལྟ་གྲུབ་དང་ཕྱག་དཔེ་ཁག་ལ་བསླབ་པ་སློབ་གཉེར་མཛད་རྗེས་རྒྱུ་མཚན་དང་ཞིབ་འཇུག་གི་ལམ་ནས་དགོངས་དཔྱད་གནང་བས་ཐུགས་ལ་ཞི་བདེ་སྐྲུན་པར་ཧ་ཅང་ཐུགས་ཕན་གསོས་པོ་འདུག་ཅེས་བཀའ་བསྩལ་བ་དང་ཆབས་ཅིག་ཏུ་རྒྱ་གར་གྱི་གཞོན་སྐྱེས་ཁྱེད་རང་ཚོས་རང་རྒྱལ་ཁབ་ཀྱི་ཐུན་མིན་གནའ་བོའི་རིག་གནས་དག་ལ་སློབ་གཉེར་གནང་དགོས་ཞེས་ལམ་སྟོན་མཛད་འདུགམགོན་པོ་༸གང་ཉིད་མཆོག་ལ་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ལ་བཀའ་ལན་བསྩལ་བའི་ཁྲོད་ཚོང་གི་ལས་རིགས་ནང་གྲུང་པོ་གནངརྒྱུ་གལ་ཆེན་པོ་ཡིན་ཀྱང་། དྲང་པོ་གནང་རྒྱུ་དེ་བས་ཀྱང་གནད་ཆེ་བ་མ་ཟད་དྲང་པོ་གནང་བ་ཡིན་ན་མི་གཞན་ནས་རང་ལ་ཡིད་ཆེས་གནང་བ་དང་མཛའ་གྲོགས་ཇེ་མང་དུ་འགྲོ་ངེས་ཡིན་སྐོར་སོགས་བཀའ་ལན་བསྩལ་ཡོད་པ་རེད།དེ་བཞིན་མགོན་པོ་མཆོག་གིས་དེང་སྐབས་གོ་ལའི་ཁྲོད་རྙོག་གྲ་བཟོ་མཁན་ཤུགས་ཆེ་བ་སློབ་སྦྱོང་ཡག་པོ་ཡོད་མཁན་ཤ་སྟག་ཆགས་ཡོད་སྐོར་དང་འབྲེལ། དེ་ནི་ཁོང་ཚོར་ནང་སེམས་དང་བཟང་སྤྱོད་ཀྱི་སློབ་སྦྱོང་མེད་པའི་རྐྱེན་གྱིས་དེ་ལྟར་ཡོང་གི་ཡོད་པ་ལྟར། དེང་སྐབས་དགོན་པ་དང་ཆོས་ཀྱི་སློབ་སྦྱོང་ཐོག་ནས་མིན་པར་ང་ཚོའི་ཤེས་ཡོན་སློབ་གསོའི་ནང་བཟང་སྤྱོད་ཀྱི་སློབ་ཚན་ངེས་འཇོག་དགོས་གལ་ལྟར་དེང་གི་ཤེས་ཡོན་སློབ་གསོའི་ནང་ནང་སེམས་ཀྱི་ཞི་བདེ་བསྐྲུན་རྒྱུའི་ཐོག་སློབ་སྦྱོང་གནང་དགོས་གལ་ཡིན་པར་བཀའ་བསྩལ་འདུགལྷག་པར་དུ་༸གོང་ས་མཆོག་གིས་ཝེ་ཏི་ནམ་དང་ཨུ་རུ་སུ་གཉིས་ལོ་རྒྱུས་ཀྱི་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་དང་འབྲེལ་བ་ཡོད་མཁན་ཞིག་ཡིན་སྟབས་དཔལ་ནཱ་ལེནྡཱེའི་གནའ་བོའི་རིག་གནས་ཐོག་སྦྱང་བརྩོན་གནང་དགོས་གལ་ཡིན་པ་དང་། དེའི་ཁོངས་ནས་ནང་སེམས་ཀྱི་བདེ་སྐྱིད་དང་ཚོར་བའི་སྐོར་ལ་སློབ་སྦྱོང་གནང་གལ་ཡིན་སྐོར་བཀའ་བསྩལ་བ་མ་ཟད་དེ་དག་གལ་ཇི་ལྟར་ཡིན་ཚུལ་མཚན་རིག་དང་མཐུན་པའི་ཐོག་ནས་དཔྱད་དགོས་པའི་སྐུལ་མ་མཛད་ཡོད།རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉེ་ཆར་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་ SEE...

༸གོང་ས་མཆོག་གིས་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་དང་འབྲེལ་བའི་རིས་མེད་མཁས་པའི་བགྲོ་གླེང་དབུ་འབྱེད་མཛད་གཏན་ཁེལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཞུགས་སྒར་དུ་རྟེན་གཞི་བྱས་པའི་༸སྐུ་བཅར་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། མགོན་པོ་༸གང་ཉིད་མཆོག་ནས་ཟླ་བ་འདིའི་ཕྱི་ཚེས་ ༥ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་དང་འབྲེལ་བའི་ཆེས་ཐོག་མའི་རིས་མེད་མཁས་པའི་བགྲོ་གླེང་ཐོག་དབུ་བཞུགས་བཀྲིན་བསྐྱང་གཏན་ཁེལ་ཡོད་པ་རེད། དེའང་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་ངོས་ནས་འཇམ་མགོན་བླ་མ་༸རྗེ་ཙོང་ཁ་པ་ཆེན་པོ་མཆོག་གདུལ་བྱ་རྟག་འཛིན་ཅན་གྱི་ངོར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ནས་མི་ལོ་  ༦༠༠ འཁོར་བ་བསྟུན་༸རྗེ་རིན་པོ་ཆེ་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པའི་ལས་འགུལ་གྱི་ཆ་ཤས་ཤིག་ངོ་བོའི་ཐོག་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་རེད།འདི་ག་རླུང་འཕྲིན་ཁང་གིས་ཐེངས་འདིའི་རིས་མེད་མཁས་པའི་བགྲོ་གླེང་གོ་སྒྲིག་གནང་མཁན་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་སློབ་སྤྱི་གྲྭ་ཐུབ་བསྟན་ཡར་འཕེལ་ལགས་སུ་བགྲོ་གླེང་གི་དགོས་དམིགས་གཙོ་བོ་གང་ཡིན་པ་དང་། རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་དང་དཔལ་དུས་ཀྱི་འཁོར་ལོའི་ཆོ་ག་ཕྱག་ལེན་གནང་སྒོ་ཁག་དང་ཐུན་མིན་གྱི་འབྲེལ་བ། དེ་བཞིན་འབྲོག་རི་བོ་དགེ་ལྡན་པའི་ཤིང་རྟའི་སྲོལ་འབྱེད་འཇམ་མགོན་བླ་མ་༸རྗེ་ཙོང་ཁ་པ་ཆེན་པོ་མཆོག་དང་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་དབར་ཐུན་མིན་གྱི་འབྲེལ་བ་ཇི་ཡོད་སོགས་ཀྱི་ཐོག་བཅར་འདྲི་ཁག་གཅིག་ཞུས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན་༸སྐུ་བཅར་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་ཤེས་ཡོན་ལྷན་ཚོགས་ཀྱི་ངོས་ནས་རིས་མེད་མཁས་པའི་བགྲོ་གླེང་གོ་སྒྲིག་གནང་དོན་ལྟར། བགྲོ་གླེང་ཉིན་དང་པོའི་དབུ་འབྱེད་མཛད་སྒོའི་ཚོགས་མགོན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་གྱིས་དབུ་བཞུགས་མཛད་རྒྱུ་དང་། བགྲོ་གླེང་ཉིན་གཉིས་པའི་སྐུ་མགྲོན་གཙོ་བོ་བཀའ་ཁྲི་ཟུར་པ་༸སྐྱབས་རྗེ་མཁས་དབང་ཟམ་གདོང་རིན་པོ་མཆོག་དབུ་བཞུགས་གནང་གི་ཡོད་པ་དང་། བགྲོ་གླེང་ཉིན་གསུམ་པའམ་མཇུག་སྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ཕེབས་ཀྱི་འདུག ཐེངས་འདིའི་རིས་མེད་མཁས་པའི་བགྲོ་གླེང་ཐོག་གསུང་གནང་མཁན་ས་དགེ་བཀའ་རྙིང་དང་རྒྱལ་བ་ཇོ་ནང་པ། དེ་བཞིན་བུ་སྟོན་བཅས་ཀྱི་སྐུ་ཚབ་ཕེབས་ཀྱི་ཡོད་པ་རེད།

Latest news

- Advertisement -spot_img