མདུན་ངོས།
ངོ་སྤྲོད།
༸གོང་ས་མཆོག
བོད།
བཙན་བྱོལ།
རྒྱ་ནག
རྒྱལ་སྤྱི།
རྒྱང་སྲིང་འོད་ཚད།
སྒྲ་མཛོད།
བརྙན་མཛོད།
འབྲེལ་ལམ།
Search
VOICE OF TIBET
ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་།
Pulses PRO
Tibetan Royal Year of 2151 | Year of the Wood Dragon
中文
Facebook
RSS
Soundcloud
Twitter
Youtube
ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་།
Voice Of Tibet
text
འཚོལ་བཤེར།
མདུན་ངོས།
ངོ་སྤྲོད།
༸གོང་ས་མཆོག
བོད།
བཙན་བྱོལ།
རྒྱ་ནག
རྒྱལ་སྤྱི།
རྒྱང་སྲིང་འོད་ཚད།
སྒྲ་མཛོད།
བརྙན་མཛོད།
འབྲེལ་ལམ།
མདུན་ངོས།
ངོ་སྤྲོད།
༸གོང་ས་མཆོག
བོད།
བཙན་བྱོལ།
རྒྱ་ནག
རྒྱལ་སྤྱི།
རྒྱང་སྲིང་འོད་ཚད།
སྒྲ་མཛོད།
བརྙན་མཛོད།
འབྲེལ་ལམ།
འཚོལ་བཤེར།
- Advertisement -
TAG
༸གོང་ས་མཆོག་གིས་བསྔོ་སྨོན་ཁོ་ནས་དཀའ་རྙོག་སེལ་ཐབས་མེད་པ་རེད་ཅེས་གསུངས་འདུག
༸གོང་ས་མཆོག
༸གོང་ས་མཆོག་གིས་བསྔོ་སྨོན་ཁོ་ནས་དཀའ་རྙོག་སེལ་ཐབས་མེད་པ་རེད་ཅེས་གསུངས་འདུག
vot.org
-
18/11/2015
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཉེ་ཆར་ཕ་རན་སི་ནང་ལ་འཇིགས་སྐུལ་བས་གོད་ཆག་བཏང་པར་བསྔོ་སྨོན་གནང་པ་ཁོ་ནས་དཀའ་རྙོག་དེ་དག་སེལ་ཐུབ་རྒྱུ་མེད་པ་གསུངས་ཡོད་པ་རེད། དེ་ཡང་ཇར་མན་གྱི་གསར་ཁང་ Deutche Welle ཡིས་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕ་རན་སི་ནང་གོད་ཆག་ཆེན་པོ་བྱུང་བའི་གནད་དོན་ཐད་ལ་བཅར་འདྲི་ཞུས་སྐབས་། མགོན་པོ་མཆོག་ནས་ང་ཚོའི་བསྔོ་སྨོན་གཅིག་པོར་བརྟེན་ནས་དཀའ་ངལ་དེ་དག་སེལ་ཐུབ་རྒྱུ་མེད་སྟབས། དུས་དང་རྣམ་པ་ཀུན་ཏུ་འཛམ་གླིང་གི་ཞི་བདེའི་ཆེད་འབད་པ་གནང་དགོས་པ་གསུངས་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་ནང་པ་ཞིག་ཡིན་པས་བསྔོ་སྨོན་སོགས་གནང་རྒྱུར་ཡིད་ཆེས་ཡོད་ཀྱང་། དཀའ་རྙོག་དེ་དག་ང་ཚོ་འགྲོ་བ་མིས་བཟོས་པ་ཞིག་ཡིན་སྟབས། ད་ཆ་དཀོན་མཆོག་ལ་དཀའ་ངལ་དེ་དག་སེལ་རོགས་ཅེས་གསོལ་འདེབས་ཞུས་པ་ནི་རྣམ་དཔྱོད་དང་མི་ལྡན་པ་ཞིག་དང་། དེ་ལས་ལྡོག་སྟེ་དཀོན་མཆོག་གིས་དེ་ནི་མི་རང་ཉིད་ཀྱིས་བཟོས་པས་རང་ཉིད་ཀྱི་སེལ་དགོས་ཅེས་གསུངས་ངེས་ཡིན་པ་བཀའ་སྩལ་མཛད་འདུག ལྷག་དོན་མགོན་པོ་༸གང་ཉིད་མཆོག་གིས་དུས་རབས་ཉེར་གཅིག་འདིའི་ནང་སླར་ཡང་མི་བསད་ཕྲག་སྦྱོར་དང་དྲག་སྤྱོད་རིགས་མི་ཡོང་བའི་ཐུགས་རེ་གནང་བཞིན་ཡོད་སྐོར་གསུངས་པ་དང་སྦྲགས་ཏེ། ང་ཚོས་ངེས་པར་དུ་འགྲོ་བ་མིའི་བསམ་བློའི་ནང་མཐུན་སྒྲིལ་གྱི་བསམ་བློ་ཞིག་སླེབས་ཐབས་བྱ་དགོས་པ་དང་། གལ་སྲིད་ང་ཚོས་དུས་ད་ལྟ་ནས་ཞི་བདེ་དང་ལྷིང་འཇགས་ལྡན་པའི་བྱ་གཞག་ལ་འབད་ཚེ། ང་ཚོའི་དུས་རབས་འདི་བཞིན་སྔར་ལས་ལྷག་པ་ཞིག་ཡོང་ངེས་ཡིན་པ་བཀའ་སྩལ་གནང་པ་དང་། དེ་ཡང་གཙོ་བོ་རང་ཉིད་ཀྱི་ནང་ནས་འགོ་འཛུགས་བྱས་ཏེ་སྤྱི་ཚོགས་དང་རྒྱལ་སྤྱིའི་ཁྱོན་ཡོངས་ནས་མཉམ་རུབ་ཐོག་གནང་དགོས་པ་ལས། དཀོན་མཆོག་དང། ལྷ། དེ་བཞིན་གཞུང་སོགས་ལ་རེ་བ་བཅོལ་ནས་བསྡད་ན་ཡོང་ཐབས་མེད་པ་ཞིག་རེད་ཅེས་བཀའ་གནང་འདུག ད་དུང་མགོན་པོ་མཆོག་གིས་དེང་སྐབས་འཛམ་བུ་གླིང་འདིའི་ཐོག་འཕྲད་བཞིན་པའི་དཀའ་རྙོག་དེ་དག་གཙོ་བོ་རྒྱལ་ཁབ་དང་ཆོས་ལུགས་སོགས་ཀྱི་འཐེན་འཁྱེར་འོག་སྣང་ཚུལ་མི་མཐུན་པ་མང་དག་ཞིག་བྱུང་བར་བརྟེན་ཡོང་བ་ཞིག་ཡིན་སྟབས། རྣམ་པ་ཀུན་ཏུ་ང་ཚོ་ཚང་མ་འགྲོ་བ་མིའི་རིགས་གཅིག་འགྱུར་ཡིན་བསམ་པའི་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་ཡིན་པ་གསུངས་འདུག དེ་བཞིན་མགོན་པོ་མཆོག་ནས།...
Latest news
Saturday 04/05/2024
04/05/2024
Friday 03/05/2024
03/05/2024
ཧྥ་རན་སི་དང་རྒྱ་ནག་གི་སྲིད་འཛིན་གྲོས་མོལ་སྐབས་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་དགོས་པའི་ནན་སྐུལ།
03/05/2024
འཛམ་གླིང་གསར་འགོད་རང་དབང་ཉིན་མོ་སྲུང་བརྩི།
03/05/2024
༸གོང་ས་མཆོག་གིས་བཙུམ་དང་ནུབ་རི་ཁུལ་ནས་ཕེབས་པའི་དད་ལྡན་མི་མང་ཁག་གཅིག་ལ་མཇལ་ཁ་སྩལ་བ།
03/05/2024
- Advertisement -