Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

༸གོང་ས་མཆོག་གིས་མང་ཚོགས་སྟོང་ཕྲག་བརྒལ་བར་བྱམས་བརྩེའི་ཉམས་ལེན་ཐོག་བཀའ་སློབ་སྩལ་བ།

༸གོང་ས་མཆོག་འཇར་མན་ཧྥ་རན་ཁུ་ཧྥོར་གྲོང་ཁྱེར་ནང་༸ཞབས་སོར་བདེ་བར་འཁོད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབྱིན་ཡུལ་གྱི་བྱང་ Ireland མངའ་ཁུལ་གྱི་ London Derry གྲོང་ཁྱེར་ནང་གི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་ཁ་སང་དགོང་དྲོ་འཇར་མན་ ཧྥ་རན་ཁུ་ཧྥོར་གྲོང་ཁྱེར་ནང་༸ཞབས་སོར་བདེ་བར་འཁོད་འདུག་པ་དང་། སྐབས་དེར་ས་གནས་བོད་ཀྱི་དོན་གཅོད་དང་། ཆིབས་སྒྱུར་གོ་སྒྲིག་ཞུ་མཁན་འཇར་མ་ནི་བོད་ཁང་གི་ལས་བྱེད་གཙོས་པའི་ས་གནས་བོད་རིགས། དེ་བཞིན་དད་ལྡན་མང་ཚོགས་རྣམས་ནས་དགའ་དད་སྤྲོ་གསུམ་འཁོལ་བའི་ཐོག་མགོན་པོ་༸གང་ཉིད་མཆོག་ལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག གཞི་རྩའི་མགོན་པོ་༸གང་ཉིད་མཆོག་ཁ་སང་སྔ་དྲོ་དབྱིན་ཡུལ་ནས་མཁའ་ལམ་བརྒྱུད་འཇར་མ་ནིའི་གྲོང་ཁྱེར་ Frankfurt ཕྱོགས་སུ་ཆིབས་ཞལ་བསྒྱུར་གཏན་འཁེལ་ཡོད་ཀྱང་། ས་གནས་ཀྱི་གནམ་གྲུའི་དུས་ཚོད་རྗེས་ལུས་ཐེབས་སྟབས་༸གང་ཉིད་མཆོག་ཧྥ་རན་ཁུ་ཧྥོར་གྲོང་ཁྱེར་དུ་དགོང་དྲོའི་ཚོུད་ ༥།༣༠ ཙམ་ལ་༸ཞབས་སོར་བདེ་བར་འཁོད་པས་ཁུལ་དེར་གསར་རྒྱག་ལེགས་གྲུབ་བྱུང་བའི་བོད་ཁང་དབུ་འབྱེད་ཀྱི་མཛད་སྒོར་དབུ་བཞུགས་མཛད་ཐུབ་མེད་པ་རེད། འོན་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ Frankfurt གྲོང་ཁྱེར་ནང་དུ་བཞུགས་ཞག་མཛད་པའི་ཁྲོད་བོད་ཁང་ལ་འཚམས་གཟིགས་དང་དབུ་འབྱེད་བཀྲིན་བསྐྱང་རྒྱུའི་བཀའ་བཞེས་བཟང་པོ་སྨིན་བསྩལ་ཐོབ་འདུག གཞི་རྩའི་༸གོང་ས་མཆོག་དེ་རིང་དང་སང་བཅས་ཉིན་གྲངས་གཉིས་རིང་འཇར་མ་ནི་ནང་དུ་བཞུགས་ཞག་མཛད་དེ་མཛད་འཕྲིན་ཁག་ཅིག་བསྐྱང་གནང་གི་ཡོད་པ་དང་། དེ་རིང་སྔ་ཐོག་ས་གནས་བོད་ཁང་གི་གོ་སྒྲིག་འོག་ Frankfurt གྲོང་ཁྱེར་ནང་རྟེན་གཞི་བྱས་པའི Jahrhunderthalle convention center...

༸གོང་ས་མཆོག་གིས་ནུབ་ཕྱོགས་པ་ཚོས་ཨེ་ཤ་ཡའི་འགྲམ་ནས་སེམས་ཁམས་ཐོག་སློབ་སྦྱོང་བྱེད་དགོས་པ་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཕྱི་ཚེས་ ༩ ནས་དབྱིན་ཡུལ་གྱི་བྱང་ Ireland མངའ་ཁུལ་གྱི་གྲོང་ཁྱེར་ London Derry ནང་མཛད་འཕྲིན་ཁག་ཅིག་སྐྱོང་བཞིན་ཡོད་པ་ལྟར། ཁ་སང་སྔ་ཐོག་མགོན་པོ་༸གང་ཉིད་མཆོག་ནས་ཁུལ་དེར་རྟེན་གཞི་བྱས་པའི་ Children in CrossFire ཞེས་སྡུག་རྩུབ་དང་དབུལ་ཕྱུག་གིས་མནར་བའི་བྱིས་པ་སྲུང་སྐྱོབ་ཚོགས་པས་གོ་སྒྲིག་ཞུས་པའི་བསམ་བློའི་སློབ་གསོ་ Educating the Heart ཞེས་པའི་ལྷན་ཚོགས་ཐོག་དབུ་བཞུགས་མཛད་འདུག སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་ལོ་དུས་ནང་ལ་འཛམ་གླིང་དམག་ཆེན་གཉིས་པ་དང་། རྒྱ་ནག་དང་ཉི་ཧོང་དབར་གྱི་དམག་འཁྲུག དེ་བཞིན་ཉེ་ས་ནས་ཨཧྥ་གྷ་ནིས་ཏན་དང་ཨི་རག་ནང་གི་ཟིང་འཁྲུག་སོགས་མང་དག་ཞིག་བྱུང་ཡོད་པ་བཀའ་སྩལ་དང་སྦྲགས། དེང་གི་དུས་སྐབས་འདིར་བྱམས་བརྩེ་ནི་འགྲོ་བ་མིའི་ལྷན་སྐྱེས་སུ་ཡོད་པ་ཞིག་ཏུ་ངོས་འཛིན་བཞིན་ཡོད་ཀྱང་། འགྲོ་བ་མིའི་སྤྱི་ཚོགས་ནང་ལ་དེ་ལྟ་བུའི་དཀའ་རྙོག་མུ་མཐུད་འཕྲད་བཞིན་པ་དེས་ད་ལྟ་ལག་བསྟར་བྱེད་བཞིན་པའི་དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ཁྲོད་འགྲོ་བ་མིའི་རིན་ཐང་དང་འབྲེལ་བའི་ཤེས་བྱ་ཁག་སློབ་ཁྲིད་ཐུབ་ཀྱི་མེད་པ་གསལ་པོ་རེད་ཅེས་བཀའ་ནན་བསྩལ་འདུག མགོན་པོ་༸གང་ཉིད་མཆོག་ནས་དཀའ་རྙོག་དེ་དག་འགྲོ་བ་མི་རྣམས་ནས་ཁོང་ཁྲོ་དང་ཞེ་སྡང་སོགས་ཀྱི་སེམས་ཚོར་དྲག་པོའི་དབང་གིས་བཟོས་པ་འབའ་ཞིག་ཡིན་སྟབས། འགྲོ་བ་མི་རྣམས་ནས་མིའི་སེམས་ཁམས་ཀྱི་བྱེད་ལས་ཐོག་ལ་སློབ་སྦྱོང་བྱེད་དགོས་གལ་ཡིན་པ་དང་། ལྷག་པར་དུ་འདས་པའི་ལོ་དུས་ནང་ལ་ཨེ་ཤ་ཡའི་མི་རིགས་རྣམས་ཀྱིས་ནུབ་ཕྱོགས་ནས་ཚན་རིག་ཐོག་སློབ་སྦྱོང་བྱེད་བཞིན་ཡོད་པ་ལྟར་ནུབ་ཕྱོགས་པ་ཚོས་ཀྱང་ཕྱིའི་དངོས་པོ་ཡར་རྒྱས་ཁོ་ནར་དོ་སྣང་མ་བྱེད་པར། ཨེ་ཤ་ཡའི་མི་རིགས་ཚོའི་འགྲམ་ནས་སེམས་ཁམས་ཐོག་སློབ་སྦྱོང་བྱེད་དགོས་ཀྱི་རེད་ཅེས་བཀའ་སྩལ་འདུག དེ་བཞིན་མགོན་པོ་མཆོག་ནས་སྐབས་དེར་ཚོགས་པ་དེའི་དགེ་ལས་དང་སློབ་མ་ཁག་ཅིག་ནས་བཀའ་འདྲི་ཞུས་པར་བཀའ་ལན་གནང་པའི་ཁྲོད་ཕོ་མོ་འདྲ་མཉམ་དང་འབྲེལ་བའི་བཀའ་ལན་མཛད་པར་འདས་པའི་དུས་སྐབས་སུ་སྤྱི་ཚོགས་ནང་གི་འགོ་ཁྲིད་མང་ཆེ་བ་སྐྱེས་པ་ཆགས་ཡོད་ཀྱང་།...

༸གོང་ས་མཆོག་གིས་མང་ཚོགས་སྟོང་ཕྲག་བརྒལ་བར་བྱམས་བརྩེའི་ཉམས་ལེན་ཐོག་བཀའ་སློབ་སྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་ཉིན་ཕྱི་ཚེས་ ༩ ཉིན་དབྱིན་ཡུལ་གྱི་གྲོང་ཁྱེར་ London Derry ནང་༸ཞབས་སོར་བདེ་བར་འཁོད་ཡོད་པ་དང་།  ཁ་སང་ཕྱི་ ༡༠ ཉིན་མགོན་པོ་༸གང་ཉིད་མཆོག་ནས་ཁུལ་དེའི་བྱང་ Ireland མངའ་ཁུལ་གྱི་གྲོང་ཁྱེར་ London Derry འི་ནང་རྟེན་གཞི་བྱས་པའི་སྡུག་རྩུབ་དང་དབུལ་ཕྱུག་གིས་མནར་བའི་བྱི་པ་སྲུང་སྐྱོང་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༢༠ འཁོར་བ་དང་བསྟུན། ཁུལ་དེའི་ Millennium Forum ཞེས་པའི་ཚོགས་ཁང་དུ་ཚོགས་པ་དེའི་ཚོགས་མི་དང་སློབ་མ། དེ་བཞིན་ས་གནས་མང་ཚོགས་བཅས་ཁྱོན་མི་མང་སྟོང་ཕྲད་བརྒལ་བར་བྱམས་བརྩེའི་ཉམས་ལེན་ Compassion in Action...

Latest news

- Advertisement -spot_img