Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

༸གོང་ས་མཆོག་གིས་འཇིག་རྟེན་ཀུན་ཁྱབ་འགན་འཁུར་དང་བཟང་སྤྱོད་ཐོག་བཀའ་སློབ་བསྩལ་བ།

༸གོང་ས་མཆོག་གིས་ཨོ་ཌི་ཤ་མངའ་སྡེའི་སྤྱི་ཁྱབ་བློན་མཆོག་དང་མཇལ་འཕྲད་གནང་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་ཨོ་ཌི་ཤ་མངའ་སྡེའི་སྤྱི་ཁྱབ་བློན་མཆོག་དང་མཇལ་འཕྲད་གནང་བ་དང་འབྲེལ། རྒྱ་གར་གྱི་གནའ་བོའི་རིག་གནས་ནི་དེང་གི་འཛམ་གླིང་ཐོག་ཧ་ཅང་གི་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད་ཅེས་བཀའ་བསྩལ་འདུག དེ་ཡང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱལ་ས་ལྡི་ལིའི་ནང་གི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་ཁ་སང་རྒྱ་གར་ཤར་ཕྱོགས་མངའ་སྡེའི་ Odisha འིས་གྲོང་ཁྱེར་Bhubaneswar ནང་དུ་༸ཞབས་སོར་བདེ་བར་འཁོད་བསྟུན་གནམ་ཐང་དུ་ཨོ་ཌི་ཤ་མངའ་སྡེའི་རིག་གཞུང་དང་ཡུལ་འཁོར་སྤྲོ་འཆམ་གྱི་བློན་ཆེན་སྐུ་ཞབས་ Ashok Panda མཆོག་དང་བློན་ཆེན་ Surya Naryana Patra མཆོག་སོགས་ནས་གཞུང་འབྲེལ་གྱི་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཐོག་མགོན་པོ་མཆོག་ལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱིས་བཞུགས་གནས་སུ་ཕེབས་སྐྱེལ་ཞུས་འདུག དེ་བཞིན་སྐབས་དེར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Naveen Patnaik མཆོག་གིས་མགོན་པོ་མཆོག་ལ་ཕེབས་བསུ་སྣེ་དང་བཅས་བློན་ཆེན་མཆོག་གི་བཞུགས་གནས་སུ་དབུ་ཁྲིད་རྣམ་གཉིས་དབར་མཇལ་མོལ་གནང་ཡོད་པ་དང་དེ་རྗེས་༸གང་ཉིད་མཆོག་གི་ཐེངས་འདིའི་ཆིབས་བསྒྱུར་དང་འབྲེལ་བའི་གསར་འགོད་པའི་བཅར་འདྲི་ཁག་ལ་བཀའ་ལན་སྩལ་བའི་ཁྲོད་ཨོ་ཌི་ཤ་མངའ་སྡེའི་ནི་གནའ་བོའི་དུས་ནས་བོད་དང་འབྲེལ་བ་ཡོད་པའི་ས་ཁུལ་ཞིག་ཡིན་པ་དང། ད་རེས་སླར་༸གང་ཉིད་མཆོག་ས་གནས་སུ་ཆིབས་བསྒྱུར་མཛད་ཐུབ་པ་ནི་སྐལ་བ་བཟང་པོ་བྱུང་ཞེས་བཀའ་བསྩལ་བ་མ་ཟད། ལྷག་པར་དུ་མགོན་པོ་མཆོག་གིས་འདས་པའི་ལོ་ངོ་ ༣༠ ལྷག་གི་རིང་འཛམ་གླིང་ནང་གི་ཤེས་ཡོན་ཅན་དང་ཚན་རིག་པ་ཚོ་དང་མཇལ་འཕྲད་གནང་བའི་སྐུ་མྱོང་ཁྲོད། བོད་མི་ཚོས་ད་བར་གཅེས་ཉར་བྱས་པའི་རྒྱ་གར་གྱི་གནའ་བོའི་རིག་གཞུང་དེ་དག་ནི་གནའ་བོའི་རིག་གཞུང་ལྟ་བུ་ཞིག་མ་ཡིན་པར་དེང་གི་འཛམ་གླིང་ཐོག་ཧ་ཅང་གི་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད་ཅེས་བཀའ་བསྩལ་འདུག ད་དུང་མགོན་པོ་༸གང་ཉིད་མཆོག་གིས་འཛམ་གླིང་ཐོག་ཡིད་སྐྱོ་དགོས་པ་དང་བློ་ཡུལ་ལས་འདས་པའི་ཐབས་སྡུག་གི་ངལ་བ་དུ་མ་འཕྲད་བཞིན་ཡོད་པ་དེ་དག་ནི་དོན་དངོས་ཀྱི་དེང་གི་འཛམ་ གླིང་གི་རྣམ་པ་ཞིག་ཡིན་པ་དང། དེ་ལྟ་བུའི་འཁྲུགས་འཛིངས་དང་མི་གསོད་རེས་ཀྱི་རྣམ་པ་འདི་ནི་འགྲོ་བ་མིའི་ལྷན་སྐྱེས་ཀྱིས་བཟོས་པ་ཞིག་ཡིན་མིན་དྲི་བ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་དང། ངལ་བ་དེ་དག་འགྲོ་བ་མིའི་གཞི་རྩའི་རང་བཞིན་ལས་བྱུང་བ་ཞིག་ཡིན་ཚེ་དེར་འགྱུར་བ་གང་ཡང་གཏང་རྒྱུ་མེད་པ་དེ་ལྟར་ཡང་། ཚན་རིག་པ་ཚོས་མིའི་རང་བཞིན་དེ་བྱམས་པ་དང་སྙིང་རྗེའི་རང་བཞིན་ཡིན་པ་ར་སྤྲོད་བྱས་ཡོད་ཅེས་བཀའ་བསྩལ་འདུག གཞན་ཡང་༸གོང་ས་མཆོག་གིས་ལུས་ཁམས་བདེ་ཐང་ནི་སྨན་གཅིག་པོར་བརྟེན་ནས་ཡོང་རྒྱུ་ཞིག་མིན་པར་གཙོ་བོ་སེམས་ནང་ཞི་བདེ་དགོས་གལ་ཡིན་པར་ལམ་སྟོན་རྒྱ་ཆེ་བསྩལ་བ་དང་ཆབས་ཅིག་...

༸གོང་ས་མཆོག་གིས་འཇིག་རྟེན་ཀུན་ཁྱབ་འགན་འཁུར་དང་བཟང་སྤྱོད་ཐོག་བཀའ་སློབ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཟླ་ ༡༡ ཚེས་ ༡༨ ཉིན་སྔ་དྲོ་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Salwan སློབ་གྲྭས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། སློབ་གྲྭའི་དགེ་ལས་སློབ་གཉེར་དང་ཕ་མ་སྟོང་ཕྲག་ཁ་ཤས་ལ་འཇིག་རྟེན་ཀུན་ཁྱབ་ཀྱི་འགན་འཁུར་དང་བཟང་སྤྱོད་ཀྱི་རིན་ཐང་སྐོར་ལ་བླང་དོར་བཀའ་སློབ་བཀྲིན་བསྩལ་ཡོད་པ་རེད། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་ཁོང་ལྟ་བུ་ལོ་ན་བགྲེས་པ་ཚོ་དུས་རབས་ཉི་ཤུའི་མི་རབས་ཤིག་ཡིན་ཡང་ལོ་ན་ཆུང་བ་ཚོ་དང་མཉམ་དུ་བཀའ་མོལ་གནང་རྒྱུའི་གོ་སྐབས་བྱུང་སྟབས་ལོ་ཆུང་ཆུང་ཞིག་ཡིན་པའི་ཚོར་བ་ཡོང་གི་འདུག་ཅེས་བཀའ་སྩལ་གནང་བ་མ་ཟད། ༸གང་ཉིད་མཆོག་ནས་རྒྱུན་དུ་ལོ་ན་ཆུང་བའི་མི་རབས་ཚོ་དང་མཉམ་དུ་བཀའ་མོལ་གནང་རྒྱུ་བྱུང་བ་དེ་ནི་གོ་སྐབས་བཟང་པོར་དགོངས་བཞེས་མཛད་ཀྱི་ཡོད་པ་བཀའ་སྩལ་བ་དང་འབྲེལ། ང་ཚོ་དུས་རབས་ཉི་ཤུའི་མི་རབས་ཚོས་དཀའ་སྡུག་སྣ་ཚོགས་ཤིག་མྱངས་ཡོད་པ་དང་། དཀའ་ངལ་དེ་དག་ཕལ་ཆེ་བ་མིས་བཟོས་པའི་དཀའ་ངལ་ཞིག་ཡིན་པས་ད་ཆ་ཁྱེད་རང་ཚོ་དུས་རབས་ ༢༡ གི་མི་རབས་གཞོན་པ་ཚོས་གནས་སྟངས་དེར་འགྱུར་བ་ཞིག་གཏང་དགོས་པ་རེད། དེ་ཡང་སྨོན་ལམ་བརྒྱབ་པ་ཙམ་མིན་པར་དོན་དངོས་དང་མཐུན་པའི་ལས་ཀ་བྱེད་དགོས་གལ་ཡིན་པ་མ་ཟད། ཕུགས་རྒྱང་རིང་པོའི་བསམ་བློ་དོ་ནན་གཏང་དགོས་པ་སོགས་ཀྱི་ལམ་སྟོན་རྒྱ་ཆེ་བསྩལ་སོང་། ལས་དོན་གང་ཞིག་བྱེད་སྐབས་འཛམ་གླིང་གི་མི་འབོར་དུང་ཕྱུར་བདུན་ཅུའི་བདེ་སྐྱིད་ཐོག་བསམ་བློ་རྒྱ་བསྐྱེད་ཀྱིས་གནང་དགོས་ཚེ་བློ་རྒྱ་དེ་རང་བཞིན་ཆེ་རུ་འགྲོ་ངེས་ཡིན་པ་དང་དོན་དངོས་ཀྱི་གནས་ལུགས་གང་ཡིན་ཇི་མ་ཇི་བཞིན་ཤེས་ཐུབ་པའི་དགེ་མཚན་ཡོད་པ་བཀའ་བསྩལ་ཡོད་པ་རེད། ལྷག་དོན་དུ་མགོན་པོ་མཆོག་གིས་དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ནང་ཕྱི་དངོས་པོའི་བདེ་སྐྱིད་བསྐྲུན་ཐབས་ཙམ་ལས་ནང་སེམས་ཀྱི་བདེ་སྐྱིད་བསྐྲུན་ཐབས་ཐོག་ཞན་ཆ་ཆེན་པོ་ཡོད་པ་གསལ་པོ་ཡིན་སྟབས། ནང་སེམས་ཀྱི་བདེ་སྐྱིད་བསྐྲུན་ཐབས་སུ་རྒྱ་གར་གྱི་གནའ་བོའི་རིག་གཞུང་དེ་ཤིན་ཏུ་ནས་ཕྱུག་པོ་ཡིན་པར་ངོ་སྤྲོད་གནང་པ་དང་ཆབས་ཅིག རྒྱ་གར་གྱི་སློབ་ཕྲུག་ཚོས་སོ་སོའི་རྩ་ཆེའི་རིག་གཞུང་དེ་དག་ལ་དོ་སྣང་གནང་ཐོག་རང་ཉིད་ཙམ་མིན་པར་སྤྱི་ཚོགས་ཁྱོན་ལ་ཕན་ཐོགས་ཡོང་བར་འབད་བརྩོད་རྒྱ་གང་ཆེ་གནང་དགོས་གལ་ཡིན་པ་སོགས་ཀྱི་བཀའ་སློབ་ལམ་སྟོན་བཀྲིན་ཆེ་བ་བསྩལ་བ་མ་ཟད། མགོན་པོ་༸གང་ཉིད་མཆོག་གིས་ཀྱང་རྒྱ་གར་མི་མང་ཚོར་ཤིན་ཏུ་ནས་ཕྱུག་པའི་རིག་གཞུང་དེ་དག་བསྐྱར་གསོ་ཡོང་ཐབས་ཐོག་ཐུགས་འགན་གཙོ་བཞེས་མཛད་ཀྱི་ཡོད་པ་གསུངས་སོང་། ༸གོང་ས་མཆོག་ནས་བཀའ་སློབ་བསྩལ་གྲུབ་རྗེས་སློབ་གྲྭའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Harpal Singh མཆོག་ནས་༸གང་ཉིད་མཆོག་ལ་གསོལ་འདེབས་ཞུས་པ་ལྟར་སློབ་གྲྭར་དངོས་སུ་༸ཞབས་སོར་བཀྲིན་བསྐྱང་པར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་ཁྱོན་ནས་ཞི་བདེའི་དེད་དཔོན་ཞིག་དང་། བྱམས་སྙིང་རྗེའི་བདག་ཉིད་ཞིག་ཏུ་ངོས་འཛིན་ཞུ་གི་ཡོད་པ་སོགས་ཡི་རང་བསྔགས་བརྗོད་ཞུས་ཡོད་པ་རེད། སློབ་ཕྲུག་ཞིག་ནས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་དོན། ངས་འདས་པའི་ལོ་གསུམ་བཞི་ཙམ་ནས་༸གོང་ས་མཆོག་གིས་མཛད་པའི་ཕྱག་དེབ་ཁག་ཅིག་བཀླགས་ཡིན།...

Latest news

- Advertisement -spot_img