Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

༸གོང་ས་མཆོག་གིས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ལ་འཛམ་གླིང་ཞི་བདེ་དང་བྱམས་བརྩེ་ལྡན་པ་ཞིག་ཡོང་སླད་བོད་ཀྱི་རིག་གཞུང་ཕྱུག་པོ་དེ་མི་ཉམས་རྒྱུན་འཛིན་གནང་གལ་ཡིན་པ་བཀའ་སྩལ་བ།

མ་འོངས་པར་འཛམ་བུ་གླིང་འདི་གང་ཆགས་མིན་ད་ལྟའི་དུས་རབས་ཀྱི་མི་ཚོའི་ལག་ཏུ་ཡོད།

དེ་རིང་ཟླ་ ༡༠ ཚེས་ ༢༤ ཉིན་གྱི་སྔ་ཐོག་ཚོུད་ ༩ སྟེང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྒྱལ་སྤྱིའི་རྒྱལ་ཁབ་འདྲ་མིན་ནང་ཞི་བདེ་དང་སྤྱི་ཚོགས་ལ་ཕན་པའི་ལས་འཆར་འགན་ཁུར་བ་ཁག་ཅིག་དང་ལྷན་དུ་དམིགས་བསལ་མཇལ་མོལ་གྱི་ལྷན་ཚོགས་ཐེངས་གསུམ་པ་དབུ་འཛུགས་གནང་བ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་ནས་མ་འོངས་པར་འཛམ་བུ་གླིང་འདི་གང་ཆགས་མིན་ད་ལྟའི་དུས་རབས་ཀྱི་མི་ཚོའི་ལག་ཏུ་ཡོད་ཅེས་བཀའ་བསྩལ་སོང་།དེ་ཡང་ཨ་རི་ནང་རྟེན་གཞི་བྱས་པའི་ United States Institute of Peace ཞེས་པའི་ཞི་བདེའི་བསྟི་གནས་ཁང་གིས་ཕྱི་ལོ་ ༢༠༡༦ ལོ་ནས་དེང་སྐབས་དམག་འཁྲུག་དང་མི་གསོད་ཁྲག་སྦྱོར་སོགས་ཆེས་ཛ་དྲག་གི་དཀའ་ངལ་འཕྲད་བཞིན་པའི་ཡུལ་གྲུ་ཁག་ཅིག་གི་གཞོན་སྐྱེས་མགོ་ཁྲིད་མི་ཉུང་བ་ཞིག་འདུ་བསྐོང་ཐོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་མཆོག་དང་ལྷན་དུ་མཇལ་མོལ་གྱི་ལྷན་ཚོགས་ཤིག་གོ་སྒྲིག་ཞུ་བཞིན་ཡོད་པ་དང་། ཐེངས་འདིའི་ལྷན་ཚོགས་ཐོག་ Afghanistan དང་ Tunisia དེ་བཞིན་བྷར་མ། ཨ་ཕི་རི་ཀ། སུ་དཱན། སོ་མཱ་ལི་ཡ། ...

༸གོང་ས་མཆོག་གིས་རྒྱལ་སྤྱིའི་ན་གཞོན་འགོ་ཁྲིད་ཚོས་འཛམ་གླིང་ཞི་བདེའི་ཆེད་འཆར་སྣང་ལྡན་པའི་ཐོག་ནས་རྩོལ་ཤུགས་བསྐྱེད་དགོས་པ་ལམ་སྟོན་བསྩལ་སོང་།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟིང་འཁྲུག་ཆེ་བའི་རྒྱལ་ཁབ་ནང་ཞི་བདེ་གོང་འཕེལ་གནང་བཞིན་པའི་ན་གཞོན་འགོ་ཁྲིད་ཁག་ཅིག་ལ་རེ་བ་བཟང་ས་ནས་རྒྱབ་སྟེ་རྩོལ་ཤུགས་བསྐྱེད་དགོས་གལ་ཡིན་པའི་ལམ་སྟོན་རྒྱ་ཆེ་བསྩལ་སོང་། དེ་རིང་འདི་ག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཨ་རིའི་ཞི་བདེའི་ལྟེ་གནས་ཁང་གིས་གོ་སྒྲིག་འོག་༸གོང་ས་མཆོག་དབུ་བཞུགས་འཛམ་གླིང་འདིའི་སྟེང་དྲག་གནོན་དང་ཟིང་འཁྲུག་ཧ་ཅང་ཆེ་བའི་རྒྱལ་ཁབ་ཁག་ཅིག་གི་ནང་འཚེ་བ་མེད་པ་དང་ཞི་བདེ་གོང་འཕེལ་གྱི་ལས་དོན་གཉེར་བཞིན་པའི་ན་གཞོན་འགོ་ཁྲིད་ཁག་ཅིག་དབར་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་པ་ཚོགས་གནང་སོང་། ཚོགས་འདུའི་ཐོག་ལ་ Africa འི་ Sudan ལྷོ་བྱང་གཉིས་དང་ Nigeria དཀྱིལ་ཤར་ཨེ་ཤ་ཡ་ནས་ Syria དང་ Afghanistan དེ་བཞིན་ Myanmar སོགས་རྒྱལ་ཁབ་ ༡༢ ནས་གཞོན་སྐྱེས་འགོ་ཁྲིད་མི་སྣ་ ༢༥ བཅར་འདུག ཨ་རིའི་ཞི་བདེའི་ལྟེ་གནས་ཁང་གི་ལྕམ་ Zeleny ལགས་ཀྱིས་༸གོང་ས་མཆོག་ནི་དུས་རབས་རྗེས་མ་དེ་བཞིན་བདེ་ལྡན་པའི་དུས་རབས་ཤིག་བསྐྲུན་ཐབས་གནང་མཁན་གྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་དང་། ལྷག་པར་དུ་མ་འོངས་མི་རབས་གཞོན་པ་ཚོ་ལ་ཐུགས་སྣང་ཆེན་པོ་ཡོད་མཁན་ཞིག་ཡིན་སྟབས་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་འཛམ་གླིང་རྒྱལ་ཁབ་འདྲ་མིན་གྱི་ན་གཞོན་འགོ་ཁྲིད་ཁག་ཅིག་༸གོང་ས་མཆོག་དང་ལྷན་དུ་བསམ་བློ་བརྗེ་རེས་དང་ས་གནས་འདྲ་མིན་གྱི་གནས་སྟངས་རྒྱུས་ལོན། ཁྱད་པར་དུ་༸གང་ཉིད་མཆོག་གི་དྲུང་ནས་ལམ་སྟོན་བློ་བསྐྱེད་ཐོབ་ཆེད་དམིགས་གནང་ཡོད་པ་གསུངས་སོང་། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟིང་འཁྲུག་ཆེ་བའི་རྒྱལ་ཁག་ཅིག་གི་ནང་ཞི་བདེ་གོང་འཕེལ་གནང་བཞིན་པའི་ན་གཞོན་འགོ་ཁྲིད་རྣམས་ལ་རེ་བ་བཟང་ས་ནས་རྒྱབ་སྟེ་རྩོལ་ཤུགས་བསྐྱེད་དགོས་གལ་ཡིན་པའི་ལམ་སྟོན་རྒྱ་ཆེ་བསྩལ་བ་དང་སྦྲགས། དེང་སང་འཛམ་གླིང་འདིའི་ནང་དམག་འཁྲུག་དང་མི་གསོད་ཁྲག་སྦྱོར། མུ་གེ་སོགས་དཀའ་ངལ་མང་ཆེ་བ་མིས་བཟོས་པ་ཤ་སྟག་ཅིག་ཡིན་སྟབས། དེ་ཡང་གཙོ་བོ་གཙོ་བོ་མི་རིགས་དང་རྒྱལ་ཁབ་སོགས་རིམ་པ་གཉིས་པའི་སྒོ་ནས་དབྱེ་བ་ཕྱེས་རྐྱེན་ཡོང་གི་ཡོད་པ་མ་ཟད།...

༸གོང་ས་མཆོག་གིས་རྒྱལ་ས་ལྡི་ལིའི་ས་གནས་མི་མང་ལ་བདེ་སྐྱིད་ཀྱི་གཞི་རྩའི་སྐོར་ལ་ལམ་སྟོན་སྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཟླ་ ༨ ཚེས་ ༡༠ ཉིན་དབྱིན་ཇིའི་ཉམས་ཞིབ་ཚོགས་པ་ Association of British Scholars  ཞེས་པ་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། རྒྱལ་ས་ལྡི་ལིའི་ siri fort ཚོགས་ཁང་དུ་ས་གནས་ཀྱི་སློབ་གྲྭ་གྲགས་ཅན་དང་གཙུག་ལག་ཁང་། དེ་བཞིན་མཐོ་སློབ་ཁག་ཅིག་གིས་གཙོས་པའི་ས་གནས་མི་མང་བཅས་ཁྱོན་མི་གྲངས་ཉིས་སྟོང་ལྷག་ལ་བདེ་སྐྱིད་ཀྱི་གཞི་རྩའི་སྐོར་ལ་ལམ་སྟོན་སྩལ་བ་མ་ཟད། སྐབས་དེར་༸གོང་ས་མཆོག་གི་ཞལ་མཇལ་དང་གསུང་ཐོས་ཕྱིར་ཆེད་བཅར་ཞུས་པའི་ས་གནས་ཀྱི་བོད་མི་རྣམས་ལ་མགོན་པོ་༸གང་ཉིད་མཆོག་གིས་སོ་སོའི་རྩ་ཆེ་བའི་རིག་གཞུང་དང་སྐད་ཡིག་ལ་དམིགས་བསལ་དོ་སྣང་བྱེད་དགོས་ཞེས་ལམ་སྟོན་བཀའ་སློབ་བཀྲིན་བསྩལ་གནང་ཡོད་པ་རེད། མགོན་པོ་༸གང་ཉིད་མཆོག་གིས་ཐོག་མར་ང་ཚོ་འགྲོ་བ་མི་ཡོངས་རྫོགས་བདེ་སྐྱིད་འདོད་པ་ཞིག་དང་།  ད་ཆ་ཚན་རིག་པ་ཚོས་ཀྱང་མིའི་གཞི་རྩའི་རང་བཞིན་དེ་བྱམས་བརྩེ་ལྡན་པ་ཞིག་ཡིན་པར་ངོས་འཛིན་ཐུབ་ཡོད་སྐོར་སོགས་ངོ་སྤྲོད་གནང་པ་དང་སྦྲགས། ང་ཚོའི་འདས་པའི་དུས་རབས་ཉེ་ཤུའི་ནང་མི་བསད་ཁྲག་སྦྱོར་གྱི་གནས་ཚུལ་མང་དག་ཞིག་བྱུང་ཡོད་པའི་ཉམས་མྱོང་ལ་གཞིགས་ཏེ་ད་ཆ་བསམ་ཤེས་ཡོད་པའི་མི་ཚང་མས་དུས་རབས་ཉེར་གཅིག་འདི་བདེ་སྐྱིད་ལྡན་པ་ཞིག་ཡོང་ཐབས་གནང་དགོས་གལ་ཡིན་པ་སོགས་ཀྱི་ལམ་སྟོན་བཀའ་སློབ་བསྩལ་སོང་། ལྷག་དོན་༸གོང་ས་མཆོག་གིས་སྨོན་ལམ་ཁོ་ན་བརྒྱབ་པ་དང་ཆོས་བྱས་པ་དེས་ཞི་བདེ་ཡོང་ཐུབ་ཀྱི་མེད་པ་རེད། དཔེར་ན་ང་ཚོ་བོད་མིར་ཆ་མཚོན་ན་ ༡༩༤༠ དང་། ༡༩༥༠ ནང་ང་ཚོས་སྨོན་ལམ་མང་པོ་བརྒྱབ་ཡོད་ཀྱང་དེས་དོན་གང་ཡང་ལེགས་གྲུབ་བྱུང་མེད་པ་རེད། དེར་བརྟེན་སྨོན་ལམ་བརྒྱབ་པ་ཙམ་མིན་པར་ཕུགས་རྒྱང་རིང་པོར་ཕན་པའི་ཀུན་སློང་བཟང་པོ་དེ་དངོས་སུ་ལག་ལེན་དུ་འཁེལ་བ་ཞིག་བྱེད་དགོས་ཞེས་བཀའ་སློབ་བསྩལ་ཡོད་པ་རེད། འདས་པའི་དུས་རབས་ནང་དུ་བྱུང་བའི་དཀའ་ངལ་དེ་དག་ཚང་མ་ང་ཚོ་འགྲོ་བ་མིའི་རིགས་ཀྱིས་བཟོས་པའི་དཀའ་ངལ་ཞིག་ཡིན་སྟབས།...

༸གོང་ས་མཆོག་གིས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ལ་འཛམ་གླིང་ཞི་བདེ་དང་བྱམས་བརྩེ་ལྡན་པ་ཞིག་ཡོང་སླད་བོད་ཀྱི་རིག་གཞུང་ཕྱུག་པོ་དེ་མི་ཉམས་རྒྱུན་འཛིན་གནང་གལ་ཡིན་པ་བཀའ་སྩལ་བ།

དེ་རིང་ཟླ་ ༩ ཚེས་ ༨ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྷེལ་ཇམ་གྱི་རྒྱལ་ས་ Brussels ནང་དུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་དབུ་འབྱེད་བཀྲིས་བསྐྱངས་པ་དང་ཆབས་ཅིག ཚོགས་ཆེན་ཐོག་བཅར་བའི་རྒྱ་རིགས་གཙོ་བོར་གྱུར་པའི་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་ད་བར་བོད་དོན་ཐོག་དོན་དམ་གྱི་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་གནང་པར་བོད་མི་ས་ཡ་དྲུག་གི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་འདུག ཚོགས་ཆེན་དབུ་འབྱེད་མཛད་སྒོའི་ཚོགས་དགོན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་གཙོས། ཡོ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Thomas Mann མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་སོགས་སྐུ་མགྲོན་དུ་ཕེབས་ཡོད་པ་རེད། དེའང་དེ་རིང་ས་གནས་ཀྱི་སྔ་དྲོ་ཚོུད་ ༡༠། ༠༠ སྟེང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་ཆེན་དབུ་འབྱེད་ཀྱི་བཀའ་སློབ་བཀྲིན་བསྩལ་འདུག་པ་དང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་འཛམ་གླིང་རྒྱལ་ཁབ་འདྲ་མིན་ནས་བཅར་བའི་བོད་དོན་རྒྱབ་སྐྱོར་བ་བརྒྱ་སྐོར་ཡས་མས་ཙམ་ཞིག་ལ་༸སྐུའི་ཐུགས་བསྐྱེད་དམ་བཅའ་གསུམ་སྟེ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས་དང་འཛམ་གླིང་ཆོས་ལུགས་མཐུན་འབྲེལ། དེ་བཞིན་༸སྐུ་ཉིད་བོད་མི་གཅིག་ཡིན་པའི་ཆ་ནས་བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་མཛད་རྒྱུའི་སྐོར་ལ་བཀའ་སྩལ་གནང་འདུག་པ་མ་ཟད། ལྷག་པར་དུ་༸གང་ཉིད་མཆོག་གིས་ཕྱི་ལོ་  ༢༠༡༡ ལོ་ནས་བཟུང་ཆབ་སྲིད་ཀྱི་༸སྐུ་དབང་ཡོངས་རྫོགས་མང་ཚོགས་ཀྱིས་བདམས་པའི་ཆབ་སྲིད་ཀྱི་འགོ་ཁྲིད་ལ་གསོལ་བསྩལ་གནང་པ་དང་། དེ་བཞིན་བོད་མིའི་མང་གཙོའི་འགྱུར་བགྲོས་དང་འཕེལ་རིམ་སོགས་ཀྱི་སྐོར་ལ་བཀའ་སློབ་བསྩལ་འདུག མགོན་པོ་༸གང་ཉིད་མཆོག་གིས་ཚོགས་ཆེན་ཐོག་བཅར་བའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ལ་༸སྐུའི་ཐུགས་བསྐྱེད་དམ་བཅའ་གསུམ་པོའི་ཐོག་དགོངས་པ་བཞེས་ནས་གང་ཐུབ་ཀྱིས་ལག་ལེན་འཁྱེལ་རྒྱུར་འབད་བརྩོན་དགོས་པའི་སྐུལ་མ་གནང་པ་དང་། ལྷག་དོན་ཚོགས་མི་རྣམས་ནས་བོད་ཀྱི་གནད་དོན་ངོ་མ་ཤེས་པའི་ཐོག་ནས་རྒྱབ་སྐྱོར་གནང་རྒྱུ་ཤིན་ཏུ་ནས་གལ་ཆེ་ཡིན་སྐོར་བཀའ་གནང་པ་དང་སྦྲགས། བོད་ཀྱི་གནད་དོན་འདི་ནི་ཆབ་སྲིད་ཁོ་ན་དང་འབྲེལ་བ་ཡོད་པ་ཞིག་ཏན་ནས་མ་ཡིན་ཞིང་།...

Latest news

- Advertisement -spot_img