Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

ཁེ་ན་ཌའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་བླ་རུང་སྒར་གཏོར་བཤིག་ལས་དོན་ལ་བློ་ཕམ་ཡོད་ཅེས་གསུངས་པ།

 ཁེ་ན་ཌའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་བོད་ནང་གི་བཅའ་སྡོད་སློབ་གྲྭའི་ཐོག་ཉན་ཞིབ་ཚོགས་པ།

ཁ་སང་ཁེ་ན་ཌའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་བོད་ནང་གི་བཅའ་སྡོད་སློབ་གྲྭའི་སྐོར་ཉན་ཞིབ་ཀྱི་ལས་རིམ་ཞིག་བསྐོང་ཚོགས་གནང་འདུགཉན་ཞིབ་ཀྱི་ལས་རིམ་ཐོག་རྒྱ་གཞུང་གིས་བོད་ནང་བཅའ་སྡོད་སློབ་གྲྭ་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་མཐོང་ཐོས་མྱོང་གསུམ་ཡོད་མཁན་འབུམ་རམས་པ་རྒྱལ་ལོ་ལགས་དང་བོད་དོན་ལས་འགུལ་བསྟི་གནས་ཁང་གི་འགན་འཛིན་བཀྲེས་མཐོང་ལྷ་སྒྲོན་ལགས།  བོད་དོན་ལས་འགུལ་བ་འཆི་མེད་ལྷ་མོ་ལགས་བཅས་མཉམ་ཞུགས་གནང་འདུག ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ Heather Mcpherson ལགས་ཀྱིས་ Twitter དྲ་ལམ་ཐོག་ཉན་ཞིབ་ལས་རིམ་བརྒྱུད་ནས་བོད་ནང་གི་བཅའ་སྡོད་སློབ་གྲྭའི་སྐོར་ཐོས་སྐབས་ཧ་ཅང་ཡིད་སྐྱོ་བ་དང་ཁེ་ན་ཌའི་གཞུང་མང་ཡོངས་ཀྱི་ངོས་ནས་རྒྱ་ནག་གིས་བོད་མིའི་ངོ་བོ་དང་རིག་གཞུང་རྩ་མེད་གཏོང་བཞིན་ཡོད་པའི་ཁར་བོད་དེ་བཞིན་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་སྲིད་བྱུས་ལ་ཡོངས་གྲགས་ཀྱིས་ངོ་རྒོལ་སྐྱོན་བརྗོད་ཤུགས་ཆེ་གནང་དགོས་པ་གསུངས་འདུག གཞི་རྩའི་ཁ་སྔོན་ཕྱི་ཚེས་ ༦ ཉིན་རྒྱལ་ཚོགས་ཀྱི་རང་དབང་ཅན་གྱི་དམིགས་བསལ་ཆེད་མཁས་པ་ཁག་གཅིག་གིས་རྒྱ་གཞུང་གིས་བོད་ནང་མི་སེར་སྤེལ་ཡུལ་གྱི་བཅའ་སྡོད་སློབ་གྲྭ་ཆེད་འཛུགས་བརྒྱུད་དེ་བོད་ཕྲུག་ས་ཡ་ ༡ ལྷག་རང་ཉིད་ཀྱི་ཁྱིམ་དང་ཁ་བྲལ་བཏང་སྟེ་བོད་ཀྱི་ཆོས་དང་རིག་གཞུང་།  སྐད་ཡིག་སོགས་རྒྱ་ནག་ཅན་དུ་བསྒྱུར་ཐབས་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་བློ་འཚབ་ཆེས་ཆེར་བསྟན་པ་དང་སྦྲགས། རྒྱ་ནག་གི་བྱེད་ཕྱོགས་དེ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་དང་ཡོངས་སུ་འགལ་བ་ཞིག་ཆགས་ཡོད་པར་སྐྱོན་བརྗོད་ནན་པོ་གནང་ཡོད།

ཁེ་ན་ཌའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་བླ་རུང་སྒར་གཏོར་བཤིག་ལས་དོན་ལ་བློ་ཕམ་ཡོད་ཅེས་གསུངས་པ།

ཁེ་ན་ཌའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Arif Virani ལགས་ཀྱིས་རྒྱ་གཞུང་གིས་བླ་རུང་སྒར་གཏོར་བཤིག་གི་ལས་གཞི་སྤེལ་བཞིན་པར་བློ་ཕམ་ཆེན་པོ་ཡོད་ཅེས་གསུངས་འདུག དེ་ཡང་ཁེ་ན་ཌའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་ཁ་སང་ངོ་དེབ་བརྒྱུད་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་པའི་ནང་། ཚོགས་གཙོ་ Arif Virani ལགས་ཀྱིས་རྒྱ་གཞུང་གིས་འཛམ་གླིང་ནང་གི་ནང་ཆོས་སློབ་གཉེར་ཁང་ཆེ་ཤོས་བོད་སེར་རྟ་བླ་རུང་ཆོས་སྒར་དུ་གཏོར་བཤིག་གི་ལས་གཞི་སྤེལ་བཞིན་པར་ཆེས་བློ་ཕམ་ཡོད་ཅེས་གསུངས་པ་སྦྲགས། ལས་གཞི་དེའི་ཁྲོད་གྲྭ་བཙུན་སློབ་གཉེར་བ་ ༥༠༠༠ ལྷག་གི་བསྡོད་ཁང་གཙོས་ཆོས་བྱ་རྒྱུའི་གོ་སྐབས་མེད་པ་ཆགས་པ་མ་ཟད། བོད་མི་དེ་དག་རྣམས་ཀྱི་བསམ་བློར་རང་ཉིད་ལུང་པ་དེའི་མི་ཡིན་བསམ་པའི་གདེང་སྤོབས་དང་བདེ་འཇགས་ལ་དོ་ཕོག་ཤུགས་ཆེ་བྱུང་སྟབས། དཀའ་ངལ་དེ་དག་ལ་མི་བཟོད་པར་བརྟེན་མཐར་དགོན་པ་དེའི་བཙུན་མ་རིག་འཛིན་སྒྲོལ་མ་ལགས་ཀྱིས་རང་སྲོག་བཅད་ཡོད་སྐོར་གསུངས་འདུག ཁོང་གིས་ད་དུང་བླ་རུང་ཆོས་སྒར་ནི་བོད་པའི་ནང་པ་སྟོང་ཕྲག་མང་པོས་ནང་ཆོས་ལ་སློབ་གཉེར་གནང་ཡུལ་གཙོ་གྲས་ཤིག་ཡིན་པ་དང་། ལྷག་དོན་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག དེ་བཞིན་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱ་རྒྱུའི་གོ་སྐབས་ཀྱང་དེ་ནས་རག་གི་ཡོད་སྐོར་གསུངས་པ་དང་འབྲེལ། བོད་གཞིས་བྱེས་གཉིས་ཀྱི་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཡོད་པའང་གསུངས་འདུག   དེ་བཞིན་བླ་རུང་སྒར་གྱི་གྲྭ་བཙུན་རྣམས་དང་བོད་མི་མང་ཚོགས་ཚོའི་བསམ་བློ་བརྟན་པོའི་ཐོག་གནས་རྒྱུ་དང་། ཆོས་སྒར་དེའི་སློབ་གཉེར་བ་ཚོས་ཀྱང་མུ་མཐུད་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་ཐུབ་པ་ཡོང་བའི་རེ་བ་ཡོད་པ་བཅས་འཁོད་ཡོད་པ་རེད། དེའི་བར་ན་ཁ་སང་ཧྥ་རན་སིའི་རྒྱལ་ས་པེ་རི་སི་ནང་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ ༡༥༠ ལྷག་གིས་ཁུལ་དེའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བླ་རུང་ཆོས་སྒར་གཏོར་བཤིག་གི་ལས་གཞི་དེ་མཚམས་འཇོག་དགོས་པའི་ཞི་རྒོལ་གྱི་ལས་འགུལ་སྤེལ་འདུག ལས་འགུལ་དེའི་རྐང་འགན་འཁུར་བ་ཧྥ་རན་སི་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། བོད་རིགས་ཚོགས་པ། ས་གནས་གཞོན་ནུ།...

Latest news

- Advertisement -spot_img