Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

ཌེས་མིན་ཊུ་ཊུ།

༸གོང་ས་མཆོག་གིས་ཡི་ཤུ་ཆོས་དཔོན་ཌེས་མིན་ཊུ་ཊུ་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸གང་ཉིད་མཆོག་གི་ཐུགས་ཉེ་བའི་མཛའ་གྲོགས་ཡི་ཤུ་ཆོས་དཔོན་ Desmond Tutu མཆོག་དགུང་གྲངས་ ༨༦ ཕེབས་པའི་འཁྲུངས་སྐར་ལ་དགའ་བསུའི་འཚམས་འདྲི་དང་འབྲེལ། ཆེས་དཀའ་རྙོག་ཆེ་བའི་ད་ལྟའི་འཛམ་གླིང་འདིར་ཆོས་དཔོན་ཊུ་ཊུ་མཆོག་ད་དུང་ལོ་ཤས་རིང་སྐུ་འཚོ་བཞུགས་གནང་དགོས་ཞེས་བཀའ་བསྩལ་མཛད་འདུག ཟླ་བ་འདིའི་ཚེས་ ༧ ཉིན་ལྷོ་ཨ་ཕི་རི་ཀའི་ཡི་ཤུའི་ཆོས་དཔོན་དང་ནོ་བེལ་ཞེ་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཆོས་དཔོན་ཊུ་ཊུ་མཆོག་དགུང་གྲངས་ ༨༦ ཕེབས་པའི་འཁྲུངས་སྐར་དང་བསྟུན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་པར་བརྒྱུད་ནས་ཆོས་དཔོན་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་སྩལ་བ་དང་འབྲེལ། ཆེས་དཀའ་རྙོག་ཆེ་བའི་ད་ལྟའི་འཛམ་གླིང་འདིར་ཆོས་དཔོན་མཆོག་གི་ཚེ་སྲོག་ནི་ཧ་ཅང་གི་རྩ་ཆེན་པོ་དང་། སྐུ་ཉིད་མཆོག་ལྟ་བུ་ང་ཚོར་དགོས་མཁོ་ཆེ་བའི་མི་སྣ་ཞིག་ཆགས་ཡོད་ཅེས་བཀའ་སྩལ་བ་མ་ཟད། ཆེས་དཀའ་རྙོག་ཆེ་བའི་ད་ལྟའི་འཛམ་གླིང་འདིར་ཆོས་དཔོན་ཊུ་ཊུ་མཆོག་ད་དུང་ལོ་ཤས་རིང་སྐུ་འཚོ་བཞུགས་གནང་དགོས་ཞེས་བཀའ་སྩལ་མཛད་འདུག མགོན་པོ་༸གང་ཉིད་མཆོག་གིས་ཆོས་དཔོན་ཊུ་ཊུ་མཆོག་ནས་འཛམ་གླིང་ཐོག་གི་ངལ་བ་དེ་དག་བྱམས་པ་དང་བརྩེ་བ། གུ་ཡངས། བཟོད་བསྲན་བཅས་ཀྱི་ཐབས་ལམ་བརྒྱུད་ནས་སེལ་དགོས་པར་ལམ་སྟོན་གནང་བཞིན་ཡོད་པ་དང་། སྐུ་ཉིད་མཆོག་ནས་ཀྱང་རྣམ་ཀུན་དེ་དག་ཕྱག་བསྟར་གནང་མུས་ཡིན་པས་འཛམ་གླིང་འདིའི་མི་མང་ས་ཡ་མང་པོར་ཤུགས་རྐྱེན་སྤྲོད་བཞིན་ཡོད་ཅེས་ཆེ་བསྟོད་གནང་འདུག ༸གང་ཉིད་མཆོག་གིས་ཉེ་སྔོན་ཆིབས་བསྒྱུར་ཁྲོད་ལ་སྐུ་ཐང་ཆད་པའི་དབང་གིས་ལྷོ་ཨ་ཕི་རི་ཀ་ཁུལ་གྱི་ Botswana ནང་གི་ཆིབས་བསྒྱུར་ཕྱིར་འཐེན་གནང་དགོས་བྱུང་སྐོར་བཀའ་སྩལ་དང་ཆབས་ཅིག་ཏུ་མ་འོངས་པར་༸གང་ཉིད་མཆོག་གི་སྐུ་གཟུགས་གནས་སྟངས་ཡག་པོ་བྱུང་ཚེ་ཆོས་དཔོན་མཆོག་དང་མཇལ་མོལ་ཡོང་རྒྱུར་ཐུགས་རེ་ཡོད་ཅེས་བཀའ་བསྩལ་འདུག ལྷག་དོན་མཇལ་མོལ་མ་བྱུང་བར་ཆོས་དཔོན་མཆོག་གི་སྐུ་གཟུགས་ལ་ཐུགས་ཅགས་དང་སྐུ་ངལ་མང་ཙམ་གསོ་བཞུགས་གནང་དགོས་ཞེས་བཀའ་སྩལ་ཡོད་པ་རེད། ཕྱི་ལོ་ ༢༠༡༡ ལོར་ཡི་ཤུ་ཆོས་དཔོན་ Desmond...

Latest news

- Advertisement -spot_img