Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

དགེ་ལེགས་རིན་པོ་ཆེ་མཆོག་ཨ་རིའི་མི་ཆི་གྷན་མངའ་སྡེ་ནང་དགོངས་པ་རྫོགས་འདུག

དགེ་ལེགས་རིན་པོ་ཆེ་མཆོག་ཨ་རིའི་མི་ཆི་གྷན་མངའ་སྡེ་ནང་དགོངས་པ་རྫོགས་འདུག

ཨ་རིར་བཞུགས་པའི་དགེ་ལེགས་རིན་པོ་ཆེ་མཆོག་ཁ་སང་རེས་གཟའ་ལྷག་པའི་ཉིན་ཨ་རིའི་ Michigan མངའ་སྡེའི་གྲོང་ཁྱེར་ Ann Arbor ནང་དུ་དགོངས་པ་རྫོགས་འདུག ཁ་སང་ཟླ་ ༢ ཚེས་ ༡༥ ཉིན་ཨ་རིར་ཡོད་པའི་རིན་པོ་ཆེ་དམ་པ་དེ་ཉིད་ཀྱི་ཆོས་ཚོགས་ The Jewel Heart ཞེས་པའི་དྲ་གནས་ཐོག་རིན་པོ་ཆེ་མཆོག་ཁ་སང་སྔ་དྲོ་ཚོུད་ ༦།༠༠ སྟེང་གྲོང་ཁྱེར་ Ann Arbor ནང་དུ་དགོངས་པ་རྫོགས་སྐོར་བཀོད་པ་དང་སྦྲགས། ཆོས་ཚོགས་དེའི་སློབ་མ་དང་ལས་བྱེད་ཡོངས་ཀྱིས་རིན་པོ་ཆེ་མཆོག་གི་བཀའ་དྲིན་དུས་རྟག་ཏུ་དྲན་བཞིན་ཡོད་ཅེས་མྱ་ངན་གུས་འདུད་ཞུས་གནང་འདུག རིན་པོ་ཆེ་མཆོག་དགོངས་པ་རྫོགས་པའི་གནས་ཚུལ་ཐད་ཁོང་གི་སློབ་མ་དང་རྗེས་འབྲང་པ་ཙམ་མིན་པར་རྒྱུན་དུ་རིན་པོ་ཆེ་མཆོག་དང་འབྲེལ་བ་ཆེ་བའི་ཚོགས་སྐྱིད་ཁག་གིས་ཀྱང་མྱ་ངན་གུས་འདུད་དང་ཐུགས་གསོའི་གསུང་འཕྲིན་སོགས་ཀྱང་སྤེལ་འདུག་པ་དང་། ལྷག་པར་དུ་ཨ་རི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རིན་པོ་ཆེ་དམ་པ་དེ་ཉིད་ནི་བོད་ཀྱི་ནང་ཆོས་མཁས་པ་དང་། སློབ་དཔོན་ཆེན་པོ་ཞིག་ཡིན་པར་འགྲེལ་བརྗོད་གནང་པ་དང་སྦྲགས། རིན་པོ་ཆེ་དགོངས་པ་རྫོགས་པའི་གནས་ཚུལ་ཐོན་པར་བློ་ཕམ་ཆེན་པོ་བྱུང་ཞེས་གསུངས་འདུག དེ་བཞིན་ཚོགས་པ་དེའི་འགན་འཛིན་སྐུ་ཞབས་ Matteo...

Latest news

- Advertisement -spot_img