Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

དོལ་རྒྱལ་རྗེས་འབྲང་པས་ངོ་རྒོལ་ལ་ལྟོས་མེད་༸གོང་ས་མཆོག་གི་མཛད་འཕྲིན་གང་ལེགས་བྱུང་སོང་།

༸གོང་ས་མཆོག་གིས་ངོས་ནས་བོད་སྤྱིའི་གནད་དོན་དེ་ནམ་ཡང་བརྗེད་ཀྱི་མ་རེད་ཅེས་བཀའ་བསྩལ་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཇར་མན་ Frankfurt གྲོང་ཁྱེར་དུ་ས་གནས་ཀྱི་སློབ་ཕྲུག་དང་མང་ཚོགས་རྣམས་ལ་གོ་ལ་གཅིག་འགྱུར་གྱི་བཟང་སྤྱོད་ཐོག་ཀའ་སློབ་སྩལ་བ་སོགས་མཛད་འཕྲིན་ཁག་ཅིག་སྐྱོང་བཞིན་པ་དང་བསྟུན། ཁ་སང་དགོང་དྲོ་མགོན་པོ་༸གང་ཉིད་མཆོག་ནས་འཇར་མ་ནི་བོད་ཁང་གི་ཚོགས་ཁང་དུ་འཇར་མ་ནི་དང་ཕ་རན་སི། དེ་བཞིན་སུད་སི། ཧོལནྡྲ་སོགས་ཉི་འཁོར་ས་གནས་ཁག་ནས་ཆེད་བཅར་ཞུས་པའི་བོད་རིགས་རྣམས་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བཀའ་དྲིན་བསྩལ་འདུག སྐབས་དེར་༸གོང་ས་མཆོག་ནས་ཕྱི་ལོ་ ༢༠༠༡ ལོར་ཕྱེད་རྒས་ཡོལ་དང་དེ་རྗེས་ ༢༠༡༡ ལོར་རྒས་ཡོལ་ཆ་ཚང་གནང་ཐོག་བོད་ཀྱི་ཆབ་སྲིད་ལས་དོན་དེ་མང་ཚོགས་ཀྱིས་འོས་འདེམས་གནང་པའི་སྲིད་སྐྱོང་གིས་འགན་ཆ་ཚང་བཞེས་བཞིན་ཡོད་ཀྱང་། གལ་ཆེ་བའི་གནད་དོན་ཐོག་ལ་མགོན་པོ་༸གང་ཉིད་མཆོག་ནས་སྲིད་སྐྱོང་ལྷན་དུ་བཀའ་བསྡུར་དང་དགོངས་ཚུལ་སོགས་མུ་མཐུད་གནང་བཞིན་ཡོད་པ་སོགས་བཀའ་སྩལ་དང་ཆབས་ཅིག ངོས་ནས་བོད་སྤྱིའི་གནད་དོན་དེ་ནམ་ཡང་བརྗེད་ཀྱི་མ་རེད་ཅེས་བཀའ་ནན་མཛད་འདུག ༸གོང་ས་མཆོག་གིས་ད་དུང་བོད་ཀྱི་སྐད་ཡིག་གི་གལ་གནད་དང་འབྲེལ་ནས་སྐད་ཡིག་ནི་བོད་མི་རིགས་ཀྱི་མཚོན་བྱེད་ཙམ་མིན་པར་ཐུན་མོང་མ་ཡིན་པའི་རིག་གནས་ཁག་གི་ཐོག་ལ་ཞིབ་ཚགས་སློབ་སྦྱོང་གནང་སྐབས་བོད་ཡིག་ལ་མ་བརྟེན་ཐབས་མེད་ཡིན་པ་མ་ཟད། རང་ཉིད་འཆི་ལ་ཉེ་བའི་སྐབས་སུ་ཡང་རེ་བ་བཅོལ་ས་ཡོད་བསྡད་པའི་སྐད་ཡིག་ཞིག་ཆགས་ཀྱི་ཡོད་སྟབས། བོད་མི་སྤྱི་དང་སྒོས་བོད་རིགས་གཞོན་སྐྱེས་ཚོས་བོད་ཡིག་ལ་དོ་སྣང་དང་སློབ་སྦྱོང་བྱེད་རྒྱུ་ནི་ཆེས་གནད་ཆེ་པ་ལམ་སྟོན་བསྩལ་ཡོད་པ་རེད། བོད་རྒྱའི་གནད་དོན་དང་འབྲེལ་མགོན་པོ་༸གང་ཉིད་མཆོག་ནས་འདས་པའི་ལོ་དུས་ནང་ལ་ཨ་རི་དང་ཨོ་སི་ཊོ་ལི་ཡ། དེ་བཞིན་ཡོ་རོབ་ཁུལ་དུ་ཡོད་པའི་རྒྱ་རིགས་སློབ་མ་དང་མཁས་དབང་བརྒྱ་ཕྲག་ལྷག་དང་མཇལ་འཕྲད་སྐབས་བོད་རྒྱའི་གནད་དོན་ཐོག་གླེང་སློང་གནང་བཞིན་ཡོད་པ་སོགས་བཀའ་སྩལ་དང་སྦྲགས། རྒྱ་ནག་གཞུང་གི་ལངས་ཕྱོགས་གང་ཡིན་ལ་ལྟོས་མེད་བོད་མི་རྣམས་ནས་རྒྱ་མི་རིགས་རྣམས་རང་གི་དགྲ་བོར་ངོས་འཛིན་མ་བཞག་པར་ངོ་ཤེས་བཟོ་ནས་གནད་ལུགས་དངོས་རྒྱུས་ལོན་གནང་རྒྱུ་གལ་ཆེན་པོ་ཡིན་པར་ལམ་སྟོན་མཛད་འདུག མཛད་འཆར་ལྟར་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སང་ཉིན་འཇར་མ་ནི་ནང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་བསྟུན། སང་ཉིན་ཡོ་རོབ་ཨི་ཊ་ལི་རྒྱལ་ཁབ་དུ་ཆིབས་བསྒྱུར་མཛད་ཀྱི་ཡོད་པ་དང་། གནངས་ཉིན་ཚེས་ ༡༦ ནས་ ༡༨ བར་ཉིན་གསུམ་གྱི་རིང་ལ་ Sicily...

དོལ་རྒྱལ་རྗེས་འབྲང་པས་ངོ་རྒོལ་ལ་ལྟོས་མེད་༸གོང་ས་མཆོག་གི་མཛད་འཕྲིན་གང་ལེགས་བྱུང་སོང་།

འཇར་མ་ནི་ Frankfurt གྲོང་ཁྱེར་ནང་དུ་རྟེན་གཞི་བྱས་པའི་བོད་ཀྱི་ཁང་པས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན།བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་དང་དེ་རིང་བཅས་ཉིན་གཉིས་རིང་ཁུལ་དེའི་སློབ་གྲྭ་ ༦༠ ཙམ་གྱི་སློབ་མ་ ༡༦༠༠ ཡས་མས་དང་ལྷན་དྲི་བ་དྲིས་ལན་གྱི་ལས་རིམ་ཐོག་དབུ་བཞུགས་དང། མང་ཚོགས་སྟོང་ཁྲག་བརྒལ་བར་གོ་ལ་གཅིག་འགྱུར་གྱི་བཟང་སྤྱོད་སྐོར་ལ་བཀའ་སློབ། གཞན་ཡང་བོད་མི་དང་རྒྱ་རིགས། སོག་རིགས་བཅས་ལ་ཟུར་དུ་མཇལ་ཁ་དང་བཀའ་སློབ་སྩལ་བ་མ་ཟད་ནུབ་ཕྱོགས་ཀྱི་ཚན་རིག་དང་ནང་པའི་ལྟ་ཚུལ་ཞེས་པའི་ལྷན་ཚོགས་ཐོག་དབུ་བཞུགས་མཛད་ཡོད་པ་རེད། ཐེངས་འདིའི་འཇར་མ་ནི་ནང་གི་ཆིབས་བསྒྱུར་སྐབས་སུ་ཡུ་རོབ་ཀྱི་ས་གནས་འདྲ་མིན་ཁག་ཅིག་ནས་བོད་རིགས་དོལ་རྒྱལ་རྗེས་འབྲང་པ་མང་དག་ཞིག་ཆེད་མངགས་སླེབས་ནས་༸གོང་ས་མཆོག་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་ཀྱང། སུད་སི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་ལས་འགུལ་དེ་དག་ལ་ལྟོས་མེད་༸གོང་ས་མཆོག་ཆིབས་བསྒྱུར་བསྐྱང་ཡུལ་ས་གནས་སོ་སོར་རྒྱལ་ཁབ་ཀྱི་བདེ་སྲུང་མི་སྣས་༸སྐུ་ཕྱྭའི་སྲུང་ཆ་ཚད་མཐོ་གནང་བཞིན་པའི་ཐོག་མཛད་འཕྲིན་ཚང་མ་གང་ལེགས་བྱུང་ཡོད་པ་འགྲེལ་བརྗོད་གནང་གི་འདུག

Latest news

- Advertisement -spot_img