Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

བཀའ་སྤྱི་གཉིས་ནས་ཐེ་ཝན་སྲིད་འཛིན་གསར་པར་འཚམས་འདྲི་གནང་པ།

བཀའ་སྤྱི་གཉིས་ནས་ཐེ་ཝན་སྲིད་འཛིན་གསར་པར་འཚམས་འདྲི་གནང་པ།

ཐེ་ཝན་གྱི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ཁྲོད་མང་གཙོ་ཡར་ཐོན་ཚོགས་པའི་འགོ་ཁྲིད་ལྕམ་སྐུ་ Tsai Ing-wen མཆོག་ལ་རྒྱལ་ཁ་ཐོབ་པར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དགའ་བསུའི་འཚམས་འདྲི་གནང་པ་དང་ཆབས་ཅིག སྲིད་འཛིན་མཆོག་ནས་བོད་དོན་ཐོག་སྔར་ལྷག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་གནང་འདུག དེ་ཡང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ལྕམ་སྐུ་ Tsai Ing-wen མཆོག་ལ་འཚམས་འདྲི་དང་འབྲེལ། ཁོང་གི་མ་འོངས་པའི་ལས་དོན་མཐའ་དག་བྱ་བ་ལམ་ལྷོང་ཡོང་བའི་སྨོན་འདུན་དང་།  ལྷག་པར་ལྕམ་སྐུ་མཆོག་ནས་ད་བར་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ཐུགས་འཚབ་དང་བོད་མིའི་བདེན་དོན་ལ་རྒྱབ་སྐྱོར་གང་ཐུབ་གནང་བར་ཡི་རངས་བསྔགས་བརྗོད་གནང་འདུག   ད་དུང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འབྱུང་འགྱུར་ཡང་ད་ལྟའི་བོད་ནང་གི་དཀའ་ངལ་དེ་འཚེ་མེད་ཞི་བའི་ལམ་ནས་སེལ་རྒྱུར་ལྕམ་སྐུ་མཆོག་གི་རྒྱབ་སྐྱོར་གནང་རྒྱུའི་རེ་བ་དང་འབོད་སྐུལ་ཞུ་བཞིན་ཡོད་སྐོར་གསུངས་འདུག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ལྕམ་སྐུ་ Tsai Ing-wen ཡི་མང་གཙོ་ཡར་ཐོན་ཚོགས་པར་མང་མོས་རྒྱལ་ཁ་ཐོབ་པ་དེ་ནིི་ཐེ་ཝན་མང་ཚོགས་ནས་ལྕམ་སྐུ་མཆོག་གི་ཆོད་སེམས་དང་ལྷག་བསམ། དེ་བཞིན་འཆར་སྣང་བཅས་ལ་རྒྱབ་སྐྱོར་གྱི་རྣམ་པ་ཞིག་ཀྱང་ཆགས་པ་མ་ཟད། ད་ལན་གྱི་རྒྱལ་ཁ་དེས་ཁུལ་དེའི་ནང་མང་གཙོའི་ལམ་ལུགས་སྲ་བརྟན་གནས་ཡོད་པའི་རྣམ་པ་མངོན་གསལ་ཞིག་དང་།  བོད་མི་ཚོ་ལའང་མིག་དཔེ་བཟང་པོ་ཞིག་དང་སེམས་སྐུལ་ཐེབས་གཞི་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་འདུག དུས་མཚུངས་སུ་དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཚམས་འདྲིི་གནང་པའི་ནང་འཁོད་དོན།  ལྕམ་སྐུ་ Tsai Ing-wen མཆོག་གིས་དེ་སྔ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་ཡོད་པ་མ་ཟད། ལྷག་དོན་ཁོང་་གི་ཆབ་སྲིད་ཚོགས་པས་ཡུན་རིང་ནས་བོད་མིའི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་པར་ཐུགས་རྗེ་ཆེ་ཞུ་གསུངས་པ་དང་སྦྲགས། ད་ལན་ལྕམ་སྐུ་ Tsai...

Latest news

- Advertisement -spot_img