Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

བཙུན་མའི་ས་སྐྱ་མཐོ་སློབ་ཏུ་བཙུན་མ་གསུམ་ལ་ཆེས་ཐོག་མའི་མཁན་མོའི་མཚན་གནས་སྩལ་བ།

སློབ་དཔོན་མ་དང་དབུ་ཕར་གྱི་ཕྱག་འཁྱེར་འབུལ་བཞེས་ཀྱི་མཛད་སྒོ་ཚོགས་པ།

དེ་རིང་ཕྱི་ཟླ་ ༡༠ ཚེས་ ༢༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པ་ཡོལ་ཙམ་ལ་བཞུགས་སྒར་ཉེ་འཁྲིས་སུ་རྟེན་གཞི་བྱས་པའི་སྔ་འགྱུར་རྙིང་མའི་ཆོས་སྡེ་སྔ་འགྱུར་མཐོ་སློབ་བཙུན་དགོན་ཤུག་གསེབ་ཨོ་རྒྱན་རྫོང་དུ་སྔ་འགྱུར་བསྟན་པའི་ཤིང་རྟ་ཆེན་མོ་ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་པ་གང་ཉིད་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པའི་དུས་ཚིགས་ཁྱད་པར་ཅན་གྱི་ཉིན་མོ་དང་བསྟུན་སློབ་དཔོན་མའི་ཕྱག་འཁྱེར་ལ་ངེས་གསང་ལེགས་བཤད་མཛོད་འཆང་དང་། ལོ་རིམ་དྲུག་པ་དང་བཞི་པ་གཉིས་ལ་ཕར་ཕྱིན་རབ་འབྱམས། མཐའ་བྲལ་སྨྲ་བའི་དབང་ཕྱུག་བཅས་ཀྱི་ཕྱག་འཁྱེར་འབུལ་བཞེས་ཀྱི་མཛད་སྒོ་ཚོགས་སོང་། དེ་རིང་སྔ་དྲོ་ཕྱག་འཁྱེར་འབུལ་བཞེས་ཀྱི་མཛད་སྒོ་དབུ་འཛུགས་དང་འབྲེལ་ཏེ་མཁན་ཆེན་པདྨ་ཤེས་རབ་མཆོག་གིས་ཕྱི་ལོ་ ༢༠༡༠ ནས་ ༢༠༢༢ བར་ཐོན་པའི་བཙུན་མ་རྣམས་ལ་ཕྱག་འཁྱེར་གསོལ་སྩལ་དང་དེ་བཞིན་སློབ་དཔོན་མའི་ཕྱག་འཁྱེར་བཞེས་མཁན་བཙུན་མ་རྣམས་ཀྱིས་མཁན་ཆེན་པདྨ་ཤེས་རབ་མཆོག་གི་དྲུང་ནས་དམ་བཅའ་ཕུལ་སོང་།རྩ་བའི་ཐེངས་འདིར་སློབ་དཔོན་མའི་ཕྱག་འཁྱེར་བཞེས་མཁན་ཁྱོན་བཙུན་མ་ ༡༦ བྱུང་ཡོད་པ་རེད།  གཞི་རྩའི་དེ་རིང་གི་མཛད་སྒོ་ཐོག་མཁན་ཆེན་པདྨ་ཤེས་རབ་མཆོག་དང་བོད་ཀྱི་བཙུན་མའི་ལས་འཆར་གྱི་དམིགས་བསལ་སློབ་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་འཕར་བྱམས་པ་ཕུན་ཚོགས་ལགས། ཆོས་རིག་ལས་ཁུངས་ཀྱི་དྲུང་འཕར་བདུད་འདུལ་རྡོ་རྗེ་ལགས། བོད་ཀྱི་བཙུན་མའི་ལས་འཆར་གྱི་ངེས་སྟོན་པ་སྣང་ས་ཆོས་སྒྲོན་ལགས། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་སོགས་ལྷན་ཞུགས་གནང་ཡོད།གཞི་རྩའི་ཤུག་གསེབ་བཙུན་དགོན་ནི་བོད་ནང་ཕྱི་ལོ་ ༡༡༨༡ ལོར་ཕྱག་བཏབ་པ་དང་ད་ཆ་བཙན་བྱོལ་ནང་གི་ཤུག་གསེབ་བཙུན་དགོན་དུ་བཙུན་མ་ ༡༠༠...

བཙུན་མའི་ས་སྐྱ་མཐོ་སློབ་ཏུ་བཙུན་མ་གསུམ་ལ་ཆེས་ཐོག་མའི་མཁན་མོའི་མཚན་གནས་སྩལ་བ།

ཁ་སང་ས་ག་ཟླ་བའི་ཚེས་པ་ ༡༥ དུས་ཁྱད་ཉིན་མོ་དང་བསྟུན་རྒྱ་གར་བྱང་ཕྱོགས་ལྡེ་ར་ལྡུན་ནང་དུ་ཡོད་པའི་གླིང་ཚང་བོད་མིའི་གཞིས་སྒར་དུ་རྟེན་གཞི་བྱས་པའི་བཙུན་མའི་ས་སྐྱ་མཐོ་སློབ་ཏུ་༸དཔལ་ལྡན་ས་སྐྱ་པའི་བསྟན་པའི་དེ་ལྟ་བུ་བྱུང་བའི་ཁྲོད་ཀྱི་བཙུན་མ་གསུམ་ལ་ཆེས་ཐོག་མའི་མཁན་མོའི་མཚན་གནས་གསོལ་སྩལ་གནང་འདུགཁ་སང་ས་ག་ཟླ་བའི་ཚེས་པ་ ༡༥ ཉིན་བོད་གངས་ཅན་པའི་ལྗོངས་སུ་༸དཔལ་ལྡན་ས་སྐྱ་པའི་བསྟན་པ་ཐོག་མར་དབུ་ཚུགས་པ་ནས་བཟུང་ད་བར་ལོ་ངོ་ ༩༤༩ ཡི་དེ་བྱུང་ཁྲོད་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་བར་གཞུང་ཆེན་དག་ལ་བསླབ་པ་སློབ་གཉེར་གནང་བའི་ཐུན་མིན་སྲོལ་ལུགས་ལས་བཙུན་མ་རྣམས་ཀྱིས་གཞུང་ཆེན་ཁག་ལ་སློབ་གཉེར་གནང་མཐར་མཁན་མོའི་མཚན་གནས་དང་ཕྱག་འཁྱེར་གསོལ་སྩལ་གནང་བའི་སྲོལ་ཐོག་མ་དབུ་འཛུགས་གནང་ཡོད་པ་རེད།མཁན་མོའི་མཚན་གནས་དང་ཕྱག་འཁྱེར་གསོལ་སྩལ་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་༸དཔལ་ས་སྐྱའི་འཁོན་གདུང་ཨ་སངྒ་བཛྲ་རིན་པོ་ཆེ་མཆོག་ཆིབས་བསྒྱུར་བསྐྱངས་ཏེ་༸དཔལ་ས་སྐྱ་པའི་༸གོང་མ་ཁྲི་འཛིན་ ༤༣ པ་འཁོན་གདུང་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་གིས་མཁན་མོ་གསུམ་པོར་སྩལ་བའི་སྐྱབས་སྨོན་བཅས་མཛད་པའི་མངོན་བསྟོད་ཀྱི་ཕྱག་འཁྱེར་གསོལ་སྩལ་གནང་འདུགརླུང་འཕྲིན་ཁང་གིས་བཙུན་མའི་ས་སྐྱ་མཐོ་སློབ་ཀྱི་མཁན་རིན་པོ་ཆེ་ཡེ་ཤེས་ཚེ་རིང་ལགས་དང་མཁན་མོའི་མཚན་གནས་བཞེས་མཁན་བཙུན་མ་ཀུན་དགའ་དཔལ་སྒྲོན་ལགས་རྣམ་གཉིས་ལ་མཁན་མོའི་མཚན་གནས་བཞེས་པ་དང་འབྲེལ་བའི་བཀའ་འདྲི་ཁག་གཅིག་ཞུས་ཡོད།གཞི་རྩའི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རབས་དང་མཐུན་པའི་ལམ་སྟོན་སྔ་རྗེས་སུ་ཡང་ཡང་ཕེབས་དོན་ལྟར་ཕྱི་ལོ་ ༢༠༡༦ ལོ་ནས་བོད་ཀྱི་ལོ་རྒྱུས་ཐོག་གི་ཆེས་ཐོག་མའི་དགེ་བཤེས་མའི་མཚན་གནས་བཞེས་རྒྱུ་དབུ་འཛུགས་གནང་ཡོད་པ་དང་། དེ་བཞིན་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༡ ཉིན་རྡོ་ལན་ཇི་བོན་གཞིས་ནང་རྟེན་གཞི་བྱས་པའི་གཡུང་དྲུང་བོན་གྱི་རཏྣ་སྨན་གླིང་བཙུན་དགོན་གྱི་སྐབས་དང་པོའི་དགེ་བཤེས་མ་ཐོན་མཁན་བཙུན་མ་ལྔ་བྱུང་ཡོད་པ་རེད།

Latest news

- Advertisement -spot_img