Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

བཞུགས་སྒར་དུ་བཙོན་འོག་ཚུད་པའི་རྒྱལ་སྤྱིའི་རྩོམ་པ་པོའི་ཉིན་མོ་སྲུང་བརྩི་ཞུས་པ།

བཞུགས་སྒར་དུ་བཙོན་འོག་ཚུད་པའི་རྒྱལ་སྤྱིའི་རྩོམ་པ་པོའི་ཉིན་མོ་སྲུང་བརྩི་ཞུས་པ།

རྒྱ་གཞུང་གི་བཙོན་ཁང་ནང་དཀའ་སྡུག་མྱོང་བཞིན་པའི་བོད་ནང་གི་བོད་མི་རྩོམ་པ་པོ་རྣམས་ཀྱི་སྙིང་སྟོབས་ལ་ཆེ་བསྟོད་དང་གདུང་སེམས་མཉམ་བསྐྱེད་ཞུ་ཕྱིར་བཞུགས་སྒར་དུ་རྒྱལ་སྤྱིའི་རྩོམ་པ་པོའི་ཉིན་མོ་ཐེངས་ ༣༥ སྲུང་བརྩི་གཟབ་རྒྱས་ཞུས་སོང། དེ་རིང་ཟླ་ ༡༡ ཚེས་ ༡༥ ཉིན་རྒྱབ་བཞུགས་སྒར་དུ་ཀིརྟི་དགེ་རྩ་ཚོགས་པའི་ཞི་བདེ་ཚོགས་ཁང་དུ་ཕྱི་སྡོད་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་དང། རྡ་སར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གཉིས་ཟུང་འབྲེལ་གྱིས་གོ་སྒྲིག་འོག་བཞུགས་སྒར་ཁུལ་གྱི་བོད་རིགས་རྩོམ་པ་པོ་དང་སྙན་ངག་པ་སོགས་འདུ་འཛོམས་ཀྱིས་བཙོན་འོག་ཏུ་ཚུད་པའི་རྒྱལ་སྤྱིའི་རྩོམ་པ་པོའི་ཉིན་མོ་ཐེངས་ ༣༥ སྲུང་བརྩི་ཞུས་སོང་། སྐབས་དེར་བོད་མདོ་དབུས་ཁམས་གསུམ་གྱི་ན་གཞོན་ཁག་ཅིག་གིས་བོད་ནང་གི་རྩོམ་པ་པོ་གྲགས་ཅན་ཁག་གི་སྙན་ངག་སྒེར་འདོན་གནང་ཐོག་ཁོང་རྣམས་ནས་བོད་མི་རིགས་དང་རིག་གཞུང་ལ་བཅངས་པའི་གདུང་བ་ལ་ཆེ་བསྟོད་ཀྱི་རྗེས་དྲན་ཞུས་ཡོད་པ་རེད། ལྷག་པར་དུ་ད་རེས་ཀྱི་དུས་ཚིགས་ཐོག་རྒྱའི་བཙོན་ཁང་ནང་དུ་ལོ་གསུམ་གྱི་བཙོན་བཅུག་ཁྲིམས་ཐག་བཅད་པའི་རྩོམ་པོ་ཞོགས་ལྗང་ལགས་དང། ལོ་བདུན་གྱི་བཙོན་འཇུག་མྱོང་བཞིན་པའི་རྩོམ་པོ་བློ་བཟང་འཇམ་དབྱངས་ལགས། དེ་བཞིན་ལོ་༡༥ བཙོན་བཅུག་ཁྲིམས་ཐག་བཅད་པའི་དཀོན་མཆོག་ཚེ་འཕེལ་ལགས་དང། ཡེ་ཤེས་ཆོས་སྒྲོན་ལགས་བཅས་ད་ལྟའི་ཆར་རྒྱའི་བཙོན་ཁང་ནང་དུ་དཀའ་སྡུག་མྱོང་བཞིན་པའི་རྩོམ་པ་པོ་བཞིའི་གནས་སྟངས་གཙོ་བོ་གླེང་སློང་གནང་ཡོད་པ་མ་ཟད། པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཞོན་སྨན་ཤར་བློ་གྲོས་ལགས་ཀྱིས་དེ་རིང་གི་ཉིན་མོ་དེའི་བརྒྱུད་བོད་ནང་གི་རྩོམ་པ་པོ་རྣམས་ཀྱི་གནས་སྟངས་དང་དེ་བཞིན་རྒྱ་གཞུང་གིས་བཀག་སྡོམ་བྱས་པའི་ཁོང་རྣམ་པའི་བརྩམས་ཆོས་ཁག་རྒྱལ་སྤྱིའི་ཁྲོད་ལ་ཡོངས་གྲགས་ཀྱི་ངོས་འཛིན་ཐུབ་རྒྱུ་དེ་གནད་ཆེར་ངོས་འཛིན་ཞུ་བཞིན་ཡོད་པ་གསུངས་སོང་། དེ་བཞིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་ pen ཕྱི་སྡོད་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་གཉིས་ནས་རྒྱའི་བཙོན་འོག་ཏུ་ཡོད་པའི་རྩོམ་པ་པོ་ཞོགས་ལྗང་ལགས་ཀྱི་བརྩམས་ཆོས་ཕྱོགས་སྒྲིག་ཞུས་པའི་རང་དབང་དང་འདྲ་མཉམ་ཆེད་ཞེས་པའི་དཔེ་དེབ་གཅིག་དབུ་འབྱེད་གནང་ཡོད་པ་རེད། གཞི་རྩའི་བཞུགས་སྒར་དུ་རྟེན་གཞི་བྱས་པའི་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་དེ་ནི་ཕྱི་ལོ་ ༡༩༩༩ ལོར་ཐོག་མར་གསར་འཛུགས་གནང་ཞིང་། ད་ལྟའི་ཆར་ཚོགས་པ་དེ་རྒྱ་གར་གཙོས་པའི་ཕྱི་རྒྱལ་ཡུ་གྲུ་ཁག་ནང་ཚོགས་མི་ ༡༠༠ ལྷག་ཡོད་པ་དང་། ཚོགས་པ་དེ་ཡང་གཙོ་བོ་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཐོག་ཟབ་སྦྱོང་དང་བགྲོ་གླེང་གོ་སྒྲིག་ཞུ་རྒྱུ།...

Latest news

- Advertisement -spot_img