Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

བེུད་ལྷན་ཚོགས།

དོན་ཚན་ལྔའི་ཐོག་ནས་རྒྱ་གར་བྱང་ཤར་ཁུལ་དུ་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་བཞིན་པ།

དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོལ་མ་ལགས་དང་དྲུང་ཆེ་སྐལ་བཟང་སྒྲོལ་མ་ལགས་གཉིས་ཀྱིས་སྣེ་ཁྲིད་དེ་ཟླ་བ་འདིའི་ཕྱི་ཚེས་ ༡༧ ནས་དབུ་འཛུགས་ཀྱིས་རྒྱ་གར་བྱང་ཤར་ཁུལ་གྱི་ས་གནས་ཁག་ཅིག་གི་དཔོན་རིགས་དང་ཐུག་འཕྲད་བརྒྱུད་ནས་དོན་ཚན་ལྔའི་ཐོག་ནས་རྒྱ་གར་བྱང་ཤར་ཁུལ་དུ་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་བཞིན་འདུགབོད་དོན་ཞུ་གཏུག་གི་ལས་འགུལ་དེའི་ཁྲོད་རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་དང་བོད་ནང་གི་རང་བྱུང་ཁོར་ཡུག་གཏོར་བཅོམ་བཏང་བ། དེ་བཞིན་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་གསལ་འདོན་གྱིས་རྒྱ་ནག་གཞུང་གི་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་གྲོས་མོལ་བསྐྱར་གསོ་བྱེད་དགོས་པའི་འབོད་སྐུལ། པེ་ཅིན་དུ་འཚོགས་རྒྱུའི་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་གནང་དགོས་པ་བཅས་དོན་ཚན་ལྔ་ཅན་འཁོད་པའི་ཞུ་ཡིག་ཞིག་ཕུལ་ཏེ་ད་བར་རྒྱ་གར་ RSS དཔོན་རིགས་དང་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Hishey Lachungpa ལགས། འབྲས་ལྗོངས་མངའ་སྡེའི་ནགས་ཚལ་དང་ཁོར་ཡུག་གི་བློན་ཆེན་ཀརྨ་བློ་ལྡན་བྷོཊ་ཡ་ལགས་སོགས་དང་ཐུག་འཕྲད་གནང་འདུགསྐབས་དེར་ནགས་ཚལ་བློན་ཆེན་མཆོག་གིས་བོད་དང་འབྲས་ལྗོངས་དབར་གྱི་འབྲེལ་བའི་སྐོར་དང་ཁོང་ཉིད་བོད་མི་དང་ཐུགས་ཉེ་པོ་ཡོད་པར་འགྲེལ་བརྗོད་དང་སྦྲགས་ཏེ། བོད་དོན་ཐད་རྒྱབ་སྐྱོར་གང་གནང་དགོས་ཀྱང་དེ་ལྟར་གནང་ངེས་ཡིན་ཞེས་གསུངས་འདུག ཁོང་གིས་བོད་ནང་གི་ཤིང་ནགས་གཅོད་འབྲེག་དང་གཏེར་ཁ་སྔོག་འདོན་སོགས་བྱེད་ཕྱོགས་དེས་སླད་མར་འཛམ་གླིང་གི་ཁོར་ཡུག་ལ་ཤུགས་རྐྱེན་ངན་པ་ཞིག་ཐེབས་ངེས་ཡིན་སྐོར་གསུངས་པ་དང་འབྲེལ་རྒྱལ་སྤྱིའི་ཁྲོད་ནས་བོད་ནང་གི་ཁོར་ཡུག་གི་གནས་སྟངས་ཐད་ཐུགས་སྣང་གནང་དགོས་ཞེས་གསུངས་འདུགཚོགས་གཙོ་བསྟན་འཛིན་སྒྲོལ་མ་ལགས་སུ་བོད་དོན་ཞུ་གཏུག་གི་ལས་འགུལ་སྐོར་བཅར་འདྲི་ཞུས་སྐབས་ཁོང་གིས་བོད་དོན་ཞུ་གཏུག་ལས་འགུལ་དེ་སྤེལ་བའི་དམིགས་ཡུལ་གང་ཡིན་འགྲེལ་བརྗོད་དང་སྦྲགས།  བོད་པའི་བུད་མེད་ཚོར་རྒྱལ་ཁབ་གཞན་དང་མི་འདྲ་བར་འགན་འཕར་མ་ཞིག་ཡོད་པ་དང་ལྷག་པར་ད་ཆ་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་རྐྱེན་གྱིས་རྒྱ་གར་གཙོས་རྒྱལ་སྤྱིའི་ཁྲོད་རྒྱ་ནག་ལ་ལྟ་ཕྱོགས་འགྱུར་བ་ཆེན་པོ་ཕྱིན་ཡོད་སྟབས། གོ་སྐབས་དེ་དམ་འཛིན་གྱིས་བོད་དོན་ལས་འགུལ་སྤེལ་བ་ཞིག་ཡིན་སྐོར་དང་ས་གནས་དཔོན་རིགས་ཚོས་རྒྱ་ནག་གིས་ས་མཚམས་ཐོག་རྙོག་ཟིང་བཟོས་པ་གཙོས་ཆུ་མཛོད་གསར་རྒྱག་གི་ལས་གཞི་སོགས་ལ་དགག་བྱ་གནང་བ་དང་འབྲེལ་ནས་བོད་དོན་ཐད་མུ་མཐུད་རྒྱབ་སྐྱོར་གནང་ངེས་ཡིན་གསུངས་ཡོད་སྐོར་ངོ་སྤྲོད་གནང་ཡོད།

བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་གསུམ་པ་ཚོགས་པ།

དེ་རིང་སྔ་དྲོ་ཚོུད་ ༡༠ ཐོག་བཞུགས་སྒར་དྷརྨ་ས་ལའི་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༣ པ་དབུ་འཛུགས་གནང་སོང་།ཚོགས་ཆེན་ཐོག་བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག་དང་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་རྣམ་གཉིས་ཀྱིས་དབུས་པའི་སྐུ་མགྲོན་ཁག་ཅིག་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་ས་གནས་ཀྱི་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་རྣམ་པ་ཕེབས་འདུགསྐབས་དེར་མཛད་སྒོའི་སྐུ་མགྲོན་གཙོ་བོ་བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག་གིས་ཉེ་ཆར་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་འཕོ་འགྱུར་བཏང་བའི་གནད་དོན་དང་འབྲེལ་ནས་སྤྱི་ཚོགས་ནང་དེ་འབྲེལ་གྱི་དོན་རྐྱེན་བྱུང་རྐྱེན་ནི་མི་དང་མིའི་དབར་གྱི་འབྲེལ་བ་གནང་ཕྱོགས་ལ་བརྟེན་ནས་ཡོང་བ་ཞིག་ཡིན་པར་ངོས་འཛིན་གནང་གི་ཡོད་སྟབས། ང་ཚོའི་སྒྲོམ་གཞི་མང་གཙོ་ཡིན་ཀྱང་བཙན་བྱོལ་ནང་ཡོད་པའི་སྒྲིག་འཛུགས་ཤིག་ཡིན་པར་བརྟེན་གནད་དོན་དེ་རིགས་ཐད་བཀའ་བསྡུར་དང་ལྷག་པར་དུ་མང་གཙོའི་ཀ་བ་གསུམ་པོ་གུ་ཡངས་ཇི་ཐུབ་གནང་གནད་ཡིན་སྐོར་གསུངས་སོང་བ་དང་ཆབས་ཅིག མང་གཙོའི་འགྲོ་ལུགས་དང་ཁྲིམས་ཀྱི་དབང་སྒྱུར། བཅའ་ཁྲིམས་དགོངས་དོན། ད་ལྟའི་དཀའ་ངལ་དེ་སེལ་བར་ལས་འགན་གཙོ་བོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཡོད་སྐོར་གསུངས་ཡོད།དེ་བཞིན་བཀའ་ཟུར་མཆོག་གིས་ཆིག་སྒྲིལ་དང་འབྲེལ་ཏེ་ང་ཚོ་ཞལ་ནས་ཆིག་སྒྲིལ་གསུངས་པ་ཙམ་མི་ཕན་པ་དང་རང་ཉིད་ཀྱི་གནང་ཕྱོགས་ལ་ཞིབ་དཔྱད་ཀྱིས་ཆིག་སྒྲིལ་ལ་ཕན་མིན་གཟིགས་དགོས་ཞེས་དང་དུས་ཀྱི་དགོས་མཁོ་དང་འཚམ་པའི་ལས་འགུལ་སྤེལ་ཕྱོགས་དང་བུད་མེད་ལྷན་ཚོགས་ཀྱི་མི་འབོར་འཕེལ་རྒྱས་ཀྱི་ལས་གཞི་དེ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་། དམིགས་བསལ་སྐུ་མགྲོན་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་དེང་སང་གི་སྤྱི་ཚོགས་ནང་ང་ཚོ་རང་ཉིད་སོ་སོ་ནས་བཙན་བྱོལ་ནང་ཡོང་དགོས་པའི་རྒྱུ་མཚན་སོགས་ལ་དགོངས་པ་བཞེས་དགོས་པ་དང་། གལ་ཏེ་དེ་ལྟར་དགོངས་པ་བཞེས་ཐུབ་ན་རྙོག་གྲ་ཆུང་ཙག་རིགས་འཕྲད་སྐབས་འགོག་རྐྱེན་བཟོ་ཐུབ་རྒྱུ་མེད་པ་དང་། ང་ཚོའི་བློ་རྒྱ་ཆེ་ཙམ་ངང་ནས་དུས་ཀུན་ཏུ་ལས་དོན་གནང་དགོས་སྐོར་གསུངས་སོང་། ཚོགས་འདུའི་ཐོག་མར་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ནས་ལྷན་ཚོགས་ཀྱི་ལས་བསྡོམས་སྒྲོག་སྦྱང་གནང་སོང་བ་དང་། ཉིན་གྲངས་གསུམ་རིང་འཚོགས་རྒྱུའི་ཚོགས་ཆེན་ཐོག་༸གོང་ས་མཆོག་གི་༸སྐུ་ཕྱཱའི་སྲུང་སྐྱོབ་གཙོས་༸པཎ་ཆེན་རིན་པོ་ཆེ་དང་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པ་སོགས་གྲོས་གཞི་དོན་ཚན་དགུའི་ཐོག་གོ་བསྡུར་གནང་རྒྱུ་ཡིན་སྐོར་ཚོགས་གཞོན་སྐལ་བཟང་གཡུ་སྒྲོན་ལགས་ཀྱིས་དེ་ལྟར་འགྲེལ་བརྗོད་གནང་ཡོད།གཞི་རྩའི་དབུ་འབྱེད་མཛད་སྒོའི་ཐོག་བུད་མེད་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་སློབ་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་དང་། དེ་བཞིན་བུད་མེད་ལྷན་ཚོགས་ལ་ཕྱག་རོགས་གནང་མཁན་རྒྱུན་ཟུར་གཙོས་དབུས་ས་གང་རུང་ནང་རྒྱུན་ལས་ལོ་བཅུ་གཉིས་གནང་མྱོང་ཡོད་པ་རྣམས་ལ་གཟེངས་རྟགས་འབུལ་ལམ་ཞུས་ཡོད་པ་རེད། རྣམ་ཀུན་ཚོགས་ཆེན་ཚོགས་སྐབས་ས་གནས་རེ་རེ་ནས་རྒྱུན་ལས་བཞི་འམ་ལྔ་ཕེབས་ཀྱི་ཡོད་པ་དེ་ལྟར་ནའང་། ད་ལན་ནད་ཡམས་རྐྱེན་གྱིས་རྒྱུན་ལས་གཉིས་རེ་མཉམ་ཞུགས་གནང་རྒྱུར་འབོད་སྐུལ་ཞུས་པ་ལྟར་ས་གནས་ ༡༨ ནས་རྒྱུན་ལས་གཉིས་རེ་ཕེབས་འདུག འོན་ཏང་ས་གནས་ ༢༣ ནས་མཉམ་ཞུགས་གནང་ཐུབ་མེད་པ་རེད།

སྤྱི་ཚོགས་ལ་སྨན་པའི་ལས་དོན་གཉེར་བར་ཡི་རང་གིས་བེུད་ཉིན་མོ་སྲུང་བརྩི།

དེ་རིང་ཕྱི་ཟླ་ ༣ ཚེས་ ༨ སྟེ་རྒྱལ་སྤྱིའི་བུད་མེད་ཉིན་མོ་དང་བསྟུན་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ནས་ཉིན་མོ་དེ་སྲུང་བརྩི་ཞུས་པ་དང་འབྲེལ་ནས་བུད་མེད་རྣམས་ཀྱིས་རང་ཉིད་རང་ལ་གདེང་ཚོད་ཆེན་པོའི་ཐོག་ནས་སྤྱི་ཚོགས་ལ་ཕན་པའི་ཕྱག་ལས་གནང་དགོས་པ་གསུངས་སོང་། དེ་རིང་རྒྱལ་སྤྱིའི་བུད་མེད་ཉིན་མོ་དང་བསྟུན་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་བཞུགས་སྒར་མེག་གྷན་གྱི་བཞི་མདོར་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་གྱི་ཛ་དྲག་དུས་སྐབས་འདིར་བཙན་བྱོལ་བོད་མིའི་གནས་ཡུལ་ས་གནས་ཁག་ཏུ་བུད་མེད་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པས་བོད་མི་དབུལ་ཕོངས་ཚོར་ཟས་སྦྱིན་དང་ཁ་རས་རིན་མེད་འགྲེམ་སྤེལ། སྨན་པ་དང་སྨན་ཞབས་པར་ཟས་བཅུད་ལྡན་པའི་ཞལ་ལག་ཕུལ་བ། དེ་བཞིན་སེམས་ཁམས་འཕྲོད་བསྟེན་བདེ་ཐང་ཆེད་དབུགས་སྦྱོང་གི་ལས་གཞི་སོགས་གོ་སྒྲིག་གནང་སྟེ་སྤྱི་ཚོགས་ལ་སྨན་པའི་ཞབས་ཞུའི་ལས་དོན་སྣ་མང་གཉེར་བར་ཡི་རང་བསྔགས་བརྗོད་ཞུས་པ་དང་སྦྲགས། བུད་མེད་ཀྱིས་སྣེ་ཁྲིད་པའི་ལས་དོན་བཟང་པོ་དག་ལ་ངོས་འཛིན་གྱིས་རྒྱལ་སྤྱིའི་བུད་མེད་ཉིན་མོར་སྲུང་བརྩི་ཞུས་ཡོད།ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས་བུད་མེད་རྣམས་ནས་སེམས་ཤུགས་མ་ཆགས་པར་སྤྱི་ཚོགས་ལ་སྨན་པའི་ཕྱག་ལས་གནང་དགོས་པའི་འབོད་སྐུལ་དང་ལྷག་པར་དུ་ཉིན་མོ་དེ་བཞིན་རྒྱལ་སྤྱིས་གཏན་འབེབས་གནང་དགོས་པའི་དགོས་དོན། རྣམ་ཀུན་སྤྱི་ཚོགས་ལ་སྨན་པའི་ཕྱག་ལས་གནང་མཁན་བུད་མེད་གཞན་ཚོའི་ལས་དོན་གཉེར་ཕྱོགས་ལ་དགོངས་པ་བཞེས་པའི་ཐོག་རང་ཉིད་ངོས་ནས་ཀྱང་དེ་མཚུངས་སྤྱི་ཚོགས་ལ་སྨན་པའི་ལས་དོན་གནང་བར་ནུས་པ་མཉམ་སྤུངས་གནང་ཚེ་དེས་གཞན་ལ་བློ་སྟོབས་འཕེལ་བར་ཐུགས་ཕན་གསོས་ངེས་ཡིན་སྐོར་གསུངས་སོང་། སྤྱི་ཚོགས་ནང་ཕ་མོ་དབྱེ་འབྱེད་ཀྱི་གནད་དོན་དང་འབྲེལ་གདོང་ལེན་གང་གནང་གི་ཡིན་ནམ་ཞེས་པའི་ལས་འགུལ་ཞིག་དབུ་འཛུགས་གནང་བ་དང་། ལས་འགུལ་དེའི་ཐོག་མི་མང་ནས་མཉམ་ཞུགས་ཀྱིས་ཁག་ཅིག་གིས་སྤྱི་ཚོགས་ནང་བུད་མེད་ལ་རྩུབ་སྤྱོད་དང་ཚུལ་མིན་གྱི་བརྙས་བཅོས།  དེ་བཞིན་ཕོ་མོ་གཞིར་བཞག་གིས་དྲང་བདེན་མིན་པའི་བྱ་སྤྱོད་སྤེལ་ཁག་ལ་གདོང་ལེན་གནང་རྒྱུ་ཡིན་ཞེས་པ་སོགས་བྲིས་ཡོད་པ་དང་། དབུས་བུད་མེད་ལྷན་ཚོགས་ཀྱི་ལས་འཆར་འགན་འཛིན་བསྟན་འཛིན་མཁའ་འགྲོ་ལགས་ཀྱིས་ལས་འགུལ་སྤེལ་བའི་དགོས་དམིགས་དང་སྤྱི་ཚོགས་ནང་ཕོ་མོ་དབྱེ་འབྱེད་ཀྱི་དཀའ་ངལ་འཕྲད་ཐོག་བཅར་འདྲི་ཞུས་སྐབས་ང་ཚོའི་སྤྱི་ཚོགས་ནང་ཕོ་མོ་དབྱེ་འབྱེད་ཀྱི་དཀའ་ངལ་དེ་དག་མངོན་གྱུར་མེད་ཀྱང་། དེ་འབྲེལ་ངལ་བ་ཡོད་པར་བརྒྱ་ཆ་བརྒྱ་ཐམ་པ་ངོས་འཛིན་གནང་གི་ཡོད་ཅེས་གསུངས་ཡོད། གཞི་རྩའི་འདས་ལོར་བོད་མིའི་སྒྲིག་འཛུགས་ཀྱི་བུད་མེད་ནུས་སྟོབས་གོང་འཕེལ་ཚན་པས་བོད་པའི་སྤྱི་ཚོགས་ནང་བཙན་གཡེམ་དང་དྲག་སྤྱོད། ཆགས་སྲེད་ཀྱི་རྩུབ་སྤྱོད་སོགས་ཀྱི་ངལ་བ་འཕྲད་སྐབས་ཕོ་མོ་ཆགས་སྲེད་ཀྱི་རྩུབ་སྤྱོད་འགོག་ཐབས་ཀྱི་སྲིད་བྱུས་སམ་ལམ་སྟོན་གྱི་དཔེ་དེབ་ཅིག་བརྩམས་ཡོད་པ་མ་ཟད།  ཚན་པའི་ངོས་ནས་ལས་གཞི་དེའི་འོག་བོད་ཀྱི་བུད་མེད་རོགས་རམ་འབྲེལ་མཐུད་ལས་ཁུངས་ཞེས་པ་ཞིག་གསར་འཛུགས་གནང་ཡོད།

ཤེས་འཇོན་གཉིས་ལྡན་གྱི་བོད་པའི་བེུད་ཁག་ཅིག་ལ་ཆེ་བསྟོད་ཞུ་ཐོག་རྒྱལ་སྤྱིའི་བེུད་ཉིན་མོ་སྲུང་བརྩི།

བཞུགས་སྒར་དུ་བོད་པའི་སྤྱི་ཚོགས་ཁྲོད་གཟེངས་སུ་ཐོན་པའི་ཕྱག་ལས་གནང་མཁན་ཤེས་འཇོན་གཉིས་ལྡན་གྱི་བེུད་ཁག་ཅིག་གི་པར་རིས་དང་ལོ་རྒྱུས་འགྲེམས་སྟོན་བརྒྱུད་རྒྱལ་སྤྱིའི་བེུད་ཉིན་མོ་སྲུང་བརྩི་ཞུས་སོང་།དེ་རིང་ཕྱི་ཟླ་ ༣ ཚེས་ ༨ ཉིན་ International Women’s Day འམ་རྒྱལ་སྤྱིའི་བེུད་ཉིན་མོ་ཡིན་པ་དང་། དེ་རིང་ཉིན་མོ་འདིར་འཛམ་གླིང་ས་ཕྱོགས་གང་སར་གཞུང་སྒེར་ཚོགས་པ་ཁག་གིས་མང་ཚོགས་ཁྲོད་ཉིན་མོ་འདི་དང་འབྲེལ་བའི་གོ་རྟོགས་ཀྱི་གནང་སྒོ་འདྲ་མིན་སྤེལ་བཞིན་ཡོད་པ་ལྟར། བཞུགས་སྒར་དུ་སྔ་དྲོ་ཚོུད་ ༡༠ ཐོག་དྷ་ས་མེག་གྷན་ཁྲོམ་གཞུང་བཞི་མདོར་དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འདི་ལོའི་བེུད་ཉིན་མོའི་བརྗོད་གཞི་གཙོ་བོ་ Balance for Better འམ་ཕོ་མོ་སྤྱི་སྙོམ་ཡོང་ཐུབ་ཚེ་འཛམ་གླིང་ཇེ་ལེགས་ཡོང་ཞེས་པ་གཏན་འབེབས་གནང་དོན་ལྟར་གོ་རྟོགས་ལས་འགུལ་སྤེལ་ཡོད།སྐབས་དེར་བོད་ཀྱི་བེུད་ལྷན་ཚོགས་ཀྱིས་བོད་མིའི་སྤྱི་ཚོགས་ཁྲོད་ཆབ་སྲིད་དང་ཤེས་ཡོན། ཆོས་ལུགས་དང་སྒྱུ་རྩལ། དེ་བཞིན་སྤྱི་ཚོགས་ཞབས་ཞུ་བཅས་ཀྱི་ཐོག་ནས་ད་བར་གཟེངས་སུ་ཐོན་པའི་ཕྱག་ལས་གནང་མཁན་ཤེས་འཇོན་གཉིས་ལྡན་གྱི་བེུད་ཁག་ཅིག་གི་བྱས་རྗེས་ལ་ངོས་འཛིན་དང་ཆེ་བསྟོད་ཞུས་ཏེ་ཁོང་རྣམས་ཀྱི་པར་རིས་དང་ལོ་རྒྱུས་འགྲེམས་སྟོན་གནང་ཡོད། བེུད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་སུ་དེ་རིང་གི་ཉིན་མོའི་གལ་གནད་སྐོར་བཅར་འདྲི་ཞུས་པར་ཁོང་གིས་དེ་རིང་བོད་ཀྱི་བེུད་ལྷན་ཚོགས་ཀྱིས་རྒྱལ་ཚོགས་ཀྱིས་འདི་ལོའི་བརྗོད་གཞི་གཏན་འབེབས་གནང་བ་ལྟར་ལས་འགུལ་སྤེལ་ཡོད་པ་དང་། ལྷག་དོན་སྤྱི་ཚོགས་གང་ཞིག་ལ་མཚོན་ན་ལས་དོན་གང་གི་ཐད་ཕོ་མོ་གཉིས་སྤྱི་སྙོམ་ཡོང་ཐུབ་ཚེ་ཁྱིམ་ཚང་དང་ཚོགས་སྡེ་གང་དུའང་རྩོད་རྙོག་རིགས་ཇེ་ཉུང་སོང་ནས་འཛམ་གླིང་ཡོངས་ལ་བདེ་སྐྱིད་ལྡན་པ་ཡོང་ཐུབ་ངེས་ཡིན་སྟབས། བོད་ཀྱི་བེུད་ལྷན་ཚོགས་ནས་དེ་རིང་གི་ཉིན་མོ་དང་བསྟུན་སྤྱི་ཚོགས་ཁྲོད་བེུད་ལ་གུས་བརྩི་དང་གོ་སྐབས་གང་ཐུབ་བསྐྲུན་དགོས་པའི་རེ་འདུན་ཞུ་ཐོག་སྲུང་བརྩི་ཞུས་ཡོད་སྐོར་གསུངས་སོང་།གཞི་རྩའི་བོད་ཀྱི་བུད་མེད་ལྷན་ཚོགས་ཕྱི་ལོ་ ༡༩༥༩ ཟླ་ ༣...

དགོས་འདུན་དོན་ཚན་གསུམ་གྱི་ཐོག་ནས་རྒྱ་གར་རྒྱལ་ཡོངས་ལ་སྐོར་བསྐྱོད་གནང་རྒྱུ།

བཞུགས་སྒར་ངྷ་སར་རྟེན་གཞི་བྱས་པའི་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་རྒྱུན་ནས་དེ་རིང་ཚེས་ ༡༠ ཉིན་དབུ་འཛུགས་ཀྱིས་དགོས་འདུན་དོན་ཚན་གསུམ་གྱི་ཐོག་ནས་རྒྱ་གར་རྒྱལ་ཡོངས་ལ་བོད་དོན་ཞུ་གཏུག་སྐོར་བསྐྱོད་གནང་གི་འདུགབོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་དབུ་འཛུགས་གནང་བའི་ཐེངས་འདིའི་སྐོར་བསྐྱོད་བརྒྱུད་ནས་རྒྱ་གར་དབུས་གཞུང་གི་བློན་ཆེན་ཁག་དང་། མངའ་སྡེ་དབུ་ཁྲིད། བོད་དོན་རྒྱབ་སྐྱོར་ཚོགས་པའི་མི་སྣའི་དྲུང་དུ་ཆེད་བཅར་གྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ལ་ཐུགས་སྣང་དང་མུ་མཐུད་ནས་བོད་དོན་རྒྱབ་སྐྱོར་ཤུགས་ཆེ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན་པ་གསུངས་སོང་། རྩ་བའི་དེ་རིང་ཉིན་མོ་འདི་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་ཀྱང་གོ་སྐབས་འདིའི་བརྒྱུད་ནས་བོད་དོན་ཞུ་གཏུག་གིརྒྱལ་ཡོངས་སྐོར་བསྐྱོད་ལས་འགུལ་དབུ་འཛུགས་གནང་བ་ཞིག་ཡིན་པ་དང།  ལས་འགུལ་དེའི་ཁོངས་སུ་དགོས་འདུན་གསུམ་ཡོད་པ་བཞིན། རྒྱ་གར་གྱི་དཔོན་རིགས་ཁག་ལ་བོད་དོན་རྒྱབ་སྐྱོར་ཀྱི་རེ་འབོད་ཞུ་རྒྱུ་དང་། རྒྱ་གར་གྱི་མི་མང་དཀྱུས་མ་ཚོར་བོད་དོན་གོ་རྟོགས་ཀྱི་ལས་འགུལ་སྤེལ་རྒྱུ་ཡིན་པ་རེད་འདུག

འཛམ་གླིང་དབུ་ཁྲིད་རྣམས་ནས་དབུ་མའི་ལམ་གྱི་ཐབས་བྱུས་ཐོག་གྲོས་མོལ་སླར་གསོ་ཡོང་བར་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས།

བཞུགས་སྒར་དུ་བཙན་བྱོལ་ནང་བོད་ཀྱི་བུད་མེད་ལྷན་ཚོགས་སླར་གསོ་གནང་སྟེ་ལོ་ངོ་ ༣༤ ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩི་དང་བསྟུན། འཛམ་གླིང་དབུ་ཁྲིད་རྣམས་ལ་དབུ་མའི་ལམ་གྱི་ཐབས་བྱུས་ཐོག་གྲོས་མོལ་སླར་གསོ་ཡོང་བར་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་ཞུ་སྐུལ་གནང་སོང་། དེ་རིང་ཟླ་ ༩ ཚེས་ ༡༠ ཉིན་སྔ་དྲོ་ཚོུད་ ༩༌༣༠ ཐོག་དྷ་ས་མེག་གྷན་དུ་རྟེན་གཞི་བྱས་པའི་ club house ཚོགས་ཁང་དུ་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་གཏན་འཕེལ་མཆོག་དང་། དམིགས་གསལ་སྐུ་མགྲོན་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག བུད་མེད་ཀྱི་སྤྱི་འཐུས་དང་ལས་ཟུར་རྣམ་པ། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ། མི་མང་བཅས་ཁྱོན་མི་གྲངས་བརྒྱ་སྐོར་ཞིག་ལྷན་འཛོམས་ཐོག་བཙན་བྱོལ་དུ་བོད་ཀྱི་བུད་མེད་ལྷན་ཚོགས་སླར་གསོ་གནང་སྟེ་ལོ་ངོ་ ༣༤ ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་སོང་། སྐབས་དེར་དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས་འཛམ་གླིང་དབུ་ཁྲིད་རྣམས་ལ་དབུས་བོད་མིའི་སྒྲིག་འཛུགས་དང་ལྷན་དུ་༸གོང་ས་༸སྐྱབས་མགོན་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ལམ་སྟོན་གནང་བའི་དབུ་མའི་ལམ་གྱི་ཐབས་བྱུས་ཐོག་གྲོས་མོལ་སླར་གསོ་ཡོང་བར་རྒྱ་གཞུང་གི་དབུ་ཁྲིད་ཚོར་གནོན་ཤུགས་སྤྲོད་དགོས་པ་དང་། རྒྱལ་ཚོགས་ཀྱི་གང་སོང་ཆ་མེད་དུ་གྱུར་བའི་ཚོགས་ཆུང་ལ་རྒྱ་ནག་གཞུང་གིས་ལོ་ངོ་ ༢༣ ལྷག་གི་རིང་བཙན་ཁྲིད་བཀག་ཉར་བྱས་པའི་༸པཎ་ཆེན་༸སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་བཀྲོལ་ཡོང་བར་གནོན་ཤུགས་སྤྲོད་དགོས་ཞེས་འབོད་སྐུལ་ཞུས་སོང་།སྐུ་མགྲོན་གཙོ་བོ་བོད་མི་མངསྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་གཏན་འཕེལ་མཆོག་གིས་བོད་མི་རིགས་ཀྱི་ལོ་རྒྱུས་ཁྲོད་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་དེ་ཆེས་ཐོག་མའི་དམིགས་ཡུལ་གཞིར་བཟུང་ཤར་བསྐྱོད་གནང་བ་དང་། བོད་ཀྱི་ཆབ་སྲིད་དང་། སྤྱི་ཚོགས་ཀྱི་བདེ་དོན།...

Latest news

- Advertisement -spot_img