Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

བོད་ནང་གཉན་རིམས་ཁྱབ་བརྡལ་ཁྲོད་ལས་བྱེད་གནས་དབྱུང་བཏང་བ་དེ་མཚོན་དོན་ཙམ་ཞིག་ཡིན་པར་གསུངས་འདུག

བོད་ནང་གཉན་རིམས་ཁྱབ་བརྡལ་དང་འབྲེལ་ལས་བྱེད་བརྒྱ་ཙམ་ལ་ཉེས་ཆད་བཏང་འདུག

ཕྱི་ཟླ་ ༨ ཚེས་ ༨ ནས་བཟུང་སྟེ་བོད་ནང་དུ་ཏོག་དབྱིབས་གཉན་རིམས་ ༡༩ ཁྱབ་བརྡལ་ཤུགས་ཆེར་འགྲོ་བཞིན་པའི་དུས་སྐབས་འདིར་རྒྱ་གཞུང་གིས་ས་གནས་ལས་བྱེད་པ་ཁྱོན་ ༡༠༠ ཙམ་ལ་གཉན་རིམས་ཁྱབ་བརྡལ་འགོག་ཐབས་ཀྱི་ལས་དོན་འཐུས་ཚང་གནང་མེད་པའི་ཉེས་འཛུགས་འོག་ཉེས་ཆད་བཏང་བའི་ཁོངས་ནས་ལས་བྱེད་ ༡༧ གནས་དབྱུང་བཏང་འདུག ཁ་སང་ལྷོ་རྒྱ་ནག་སྔ་དྲོའི་འཆར་འཕྲིན་གྱིས་བོད་ནང་ཏོག་དབྱབས་གཉན་རིམས་ཁྱབ་བརྡལ་དང་འབྲེལ་བའི་གནས་ཚུལ་སྤེལ་བར་ཉེ་ཆར་རེས་གཟའ་སྤེན་པའི་ཉིན་རྒྱ་ནག་ཁྱོན་ཡོངས་ནང་དུ་གཉན་རིམས་ཕོག་པའི་ནད་པ་གསར་པ་ ༡༣༠༠ ཙམ་ཐོན་ཡོད་ཚུལ་བཤད་པའི་ཁོངས་ནས་མི་གྲངས་ ༥༠༠ བོད་ནང་ནས་ཡིན་སྐོར་དང་འབྲེལ་ཏེ་བོད་ནང་ཉིན་རེ་བཞིན་གཉན་རིམས་ཁྱབ་བརྡལ་ཆེས་ཆེར་འཕེལ་འགྲོ་བཞིན་པའི་གནས་སྟངས་མངོན་གསལ་དང་སྦྲགས། བོད་ཀྱི་རྒྱལ་ས་ལྷ་ས་ནང་ལས་བྱེད་ཁྱོན་ ༢༢ ལ་ཉེས་ཆད་བཏང་བའི་ཁོང་ནས་ ༥ གནས་དབྱུང་དང་གཞན་རྣམས་ལ་ཉེན་བརྡའི་འོག་ཏུ་བཞག་འདུག དེ་བཞིན་ལྷོ་ཁ་ཁུལ་ནས་ལས་བྱེད་ ༦ ལ་ཉེས་ཆད་བཏང་བའི་ཁོངས་ནས་ ༢ གནས་དབྱུང་བཏང་འདུག་པ་དང་།...

བོད་ནང་གཉན་རིམས་ཁྱབ་བརྡལ་ཁྲོད་ལས་བྱེད་གནས་དབྱུང་བཏང་བ་དེ་མཚོན་དོན་ཙམ་ཞིག་ཡིན་པར་གསུངས་འདུག

ད་ལྟ་བོད་ནང་དུ་ཏོག་དབྱིབས་གཉན་རིམས་ ༡༩ ཁྱབ་བརྡལ་ཤུགས་ཆེར་འགྲོ་བཞིན་པ་དང་འབྲེལ། རྒྱ་ནག་གཞུང་གི་ངོས་ནས་ཏོག་དབྱིབས་གཉན་རིམས་སྔོན་འགོག་དང་འབྲེལ་བའི་ལས་དོན་ཁག་འཐུས་ཚང་སྤེལ་མེད་པའི་ཉེས་འཛུགས་འོག་བོད་ཀྱི་རྒྱལ་ས་ལྷ་ས་དང་གཞིས་ཀ་རྩེ་ནང་གི་ས་གནས་ལས་བྱེད་པ་ཁག་གཅིག་གནས་དབྱུང་བཏང་ཡོད་པ་དེ་ལྟར་ཡང་བོད་གནས་དབྱེ་ཞིབ་པ་རྣམས་ཀྱིས་གསུངས་པར་ལས་བྱེད་གནས་དབྱུང་བཏང་བ་དེ་མཚོན་དོན་ཙམ་ཞིག་ལས་དོན་དངོས་ཀྱི་འགན་འཁུར་བའི་བྱ་འགུལ་ཞིག་མིན་པར་གསུངས་འདུགཁ་སང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲ་གནས་ཐོག་བོད་ནང་གཉན་རིམས་ ༡༩ ཁྱབ་བརྡལ་གྱི་གནད་དོན་དང་འབྲེལ་བའི་གནས་ཚུལ་སྤེལ་བར་ཟླ་ ༨ ཚེས་ ༩ ནས་བཟུང་སྟེ་བོད་ཀྱི་རྒྱལ་ས་ལྷ་ས་དང་གཞིས་ཀ་རྩེ། བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ། བོད་ཀྱི་ས་ཁུལ་གཞན་ཁག་གཅིག་ཏུའང་ཏོག་དབྱིབས་གཉན་རིམས་གསར་པ་ཁྱབ་བརྡལ་ཤུགས་ཆེར་ཕྱིན་པའི་ཁྲོད་ཟླ་ ༨ ཚེས་ ༡༤ ཉིན་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བའི་ས་གནས་སྲིད་གཞུང་གིས་རྒྱལ་ས་ལྷ་སའི་འཕྲོད་བསྟེན་ལྷན་ཚོགས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་དང་ངེས་སྟོན་པ་གཞོན་པ་ Fan Yueping ཟེར་བ་དང་ངེས་སྟོན་པ་ཚེ་བརྟན་སྒྲོལ་དཀར། དེ་བཞིན་ལྷ་སའི་གཉན་རིམས་འགོག་ཐབས་དང་སྔོན་འགོག་བསྟི་གནས་ཁང་གི་དམར་ཤོག་ཚོགས་པའི་དྲུང་ཆེ་ Amik ཟེར་བ་བཅས་གསུམ་ལ་ཏོག་དབྱིབས་གཉན་རིམས་གསར་པའི་སྔོན་འགོག་གི་ལས་དོན་འཐུས་ཚང་སྤེལ་མེད་པའི་ཉེས་འཛུགས་འོག་ལས་གནས་ནས་གནས་དབྱུང་བཏང་ཡོད་པ་དང་། ཚེས་ ༡༢...

Latest news

- Advertisement -spot_img