Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

བོད་པའི་བུད་མེད་རྣམས་ནས་ཆུང་སྲིད་པན་ཆེན་རིན་པོ་ཆེ་མཆོག་གི་ཆེད་རྔམ་སྟོན་གནང་བ།

༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དགུང་གྲངས་ ༣༠ ལ་ཕེབས་པ་དང་བསྟུན་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་རྒྱུ།

དེ་རིང་སྔ་ཐོག་ཚོུད་ ༡༠༌༣༠ ཐོག་དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ལས་ཁུངས་མདུན་དུ་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་དང་ཚོགས་གཞོན་སྐལ་བཟང་གཡུ་སྒྲོན་ལགས་རྣམགཉིས་གཙོ་བཞུགས་ཐོག་ནས་གསར་འགོད་ལྷན་ཚོགས་ཤིག་གནང་སོང་། དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱིས་རིང་མིན་ཟླ་ ༤ ཚེས་ ༢༥ ཉིན་༸ཀུན་གཟིགས་པཎ་ཆེན་༸སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༠ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ཉིན་མོ་དང་སྟབས་བསྟུན། རྒྱ་གར་གཞུང་དང་བོད་དོན་རྒྱབ་སྐྱོར་ཚོགས་ཁག་ནས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གང་དུ་བཞུགས་ཡོད་མེད་སོགས་ཀྱི་གནས་ཚུལ་གསལ་སྟོན་གནང་རྒྱུ་དང་འདི་བཞིན་རྒྱ་གར་གཞུང་ནས་རིན་པོ་ཆེ་མཆོག་མགྱོགས་མྱུར་གློད་བཀྲོལ་ཡོང་ཕྱིར་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་གནང་ཡོང་བའི་དགོས་འདུན་གཉིས་ཆེད་བཏོན་གནང་བའི་ཐོག་ནས་རྒྱ་གར་གྱི་ས་གནས་ལྔའི་ནང་གཞི་རྒྱ་ཆེ་བའི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་དབུ་འཛུགས་གནང་རྒྱུའི་ཡོངས་བསྒྲགས་གནང་ཡོད།སྐབས་དེར་དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱིས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཐོག་མཉམ་ཞུགས་གནང་མཁན་ཡོངས་ལ་རིན་པོ་ཆེ་མཆོག་ལྟ་བུར་མཚོན་ན་ད་བར་རྒྱའི་འཛིན་བཟུང་བཀར་ཉར་འོག་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ ༢༤ ཧྲིལ་པོ་ཕྱིན་ཡོད་པ་མ་ཟད། ད་ལྟའི་ཆ་ལའང་རྒྱ་གཞུང་གིས་ཆེས་དྲག་དམ་བཀག་ཉར་འོག་མི་སྤྱོད་ལས་འདས་པའི་དཀའ་སྡུག་ཚད་མེད་མྱངས་དང་མྱོང་མུས་ཡིན་སྟབས། ཚང་མས་རིན་པོ་ཆེ་མཆོག་གི་དཀའ་སྡུག་ཡིད་ལ་དྲན་པའི་ཐོག་ནས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ནང་མཉམ་ཞུགས་གང་མང་གནང་བའི་སེམས་ཤུགས་འཕར་མ་ཞིག་བསྐྱེད་དགོས་པའི་ཞུ་སྐུལ་གནང་ཡོད།

བོད་པའི་བུད་མེད་རྣམས་ནས་ཆུང་སྲིད་པཎ་ཆེན་རིན་པོ་ཆེ་མཆོག་གི་ཆེད་རྔམ་སྟོན་གནང་བ།

ཕྱི་ཟླ་ ༥ པའི་ཚེས་ ༡༧ སྟེ་ཆུང་སྲིད་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གི་འཛིན་བཟུང་བཙོན་འཇུག་བྱས་ནས་ལོ་ ༢༣ འཁོར་བའི་ཉིན་མོ་དང་བསྟུན། བོད་ཀྱི་བེུད་ལྷན་ཚོགས་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་དབུ་འཛུགས་ཀྱིས་ཀི་ལོ་མི་ཊར་ ༩ ཙམ་གྱི་སར་ཆགས་པའི་ཀ་ཅེ་རི་ས་ཚིག་བར་གོམ་བགྲོད་དང་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་བའི་ཐོག་ནས་ཉིན་མོ་དེ་རྗེས་དྲན་ཞུས་སོང་།   ཁ་སང་བཞུགས་སྒར་དུ་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༢ པ་མཇུག་སྒྲིལ་དང་བསྟུན། ཚོགས་ཆེན་དེའི་ཐོག་ཕེབས་པའི་རྒྱ་གར་དང་བལ་ཡུལ། དེ་བཞིན་རྒྱལ་སྤྱིའི་ཁྲོད་ཀྱི་བེུད་ལྷན་ཚོགས་ཀྱི་ཡན་ལག་ ༣༧ གྱི་ཚོགས་བཅར་བ་ཁྱོན་ ༢༠༠ ཙམ་ཡོད་པ་རྣམས་དེ་རིང་སྔ་དྲོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འཁྲིས་དཔའ་བོ་དཔའ་མོའི་རྡོ་རིང་མདུན་དུ་འདུ་འཛོམས་གནང་ཐོག་དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས་གསར་འགོད་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་ཡོད་པ་དེ་སྙན་སྒྲོན་ཞུས་ཡོད། གསར་འགོད་གསལ་བསྒྲགས་འདི་བརྒྱུད་བེུད་ལྷན་ཚོགས་ཀྱི་ངོས་ནས་རྒྱ་ནག་གཞུང་ལ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་འཚོ་བཞུགས་ཡོད་ཟེར་བ་ཙམ་གྱི་མི་འགྲིག་པར། ད་ལྟའི་ཁོང་གི་བཞུགས་གནས་དང་སྐུ་གཟུགས་ཀྱི་གནས་སྟངས། དེ་བཞིན་འདྲ་པར་སོགས་ཡོངས་གྲགས་འདོན་སྤེལ་བྱེད་དགོས་པ་དང། རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་མི་སྣར་པན་ཆེན་རིན་པོ་ཆེ་མཆོག་དང་མཇལ་འཕྲད་གནང་བཅུག་དགོས་པ། དེ་བཞིན་པན་ཆེན་རིན་པོ་ཆེའི་ཡང་སྲིད་རྩད་གཅོད་གནང་མཁན་གདན་ས་བཀྲིས་ལྷུན་པོའི་མཁན་པོ་བྱ་བྲལ་རིན་པོ་ཆེ་མཆོག་གི་གནས་སྟངས་གསལ་བཤད་དགོས་པ།...

Latest news

- Advertisement -spot_img