Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

མཆོང་རྒྱུག་འཕེན་གསུམ།

བོད་རིགས་ལུས་རྩལ་བ་བཞིར་གངས་ཤུད་རྩེད་འགྲན་ལས་གསེར་དང་དངུལ་གྱི་རྟགས་མ་ཐོབ་པ།

བོད་རིགས་ལུས་རྩལ་བ་བཞི་ལ་གངས་ཤུད་རྩེད་འགྲན་ཁྲོད་གསེར་གྱི་རྟགས་མ་གཉིས་དང་དངུལ་གྱི་རྟགས་མ་གཉིས་བཅས་ཐོབ་འདུག ཉེ་ལམ་ཟླ་བ་འདིའི་ཚེས་ ༡༡ ནས་ཉིན་གཉིས་རིང་ཡུ་རོབ་རྒྱལ་ཁབ་ཨི་ཊ་ལིར་ ISMF Youth World cup ཞེས་ཕྱི་ལོ་ ༢༠༢༣ ལོའི་འཛམ་གླིང་བུམ་པ་རྟགས་མའི་ན་གཞོན་གངས་ཤུད་རི་འཛེགས་ཀྱི་རྩེད་འགྲན་ཞིག་ཚོགས་ཡོད་པ་ལྟར་བོད་རིགས་རྩེད་འགྲན་པ་ཚེ་བརྟན་གཡུ་སྒྲོན་ལགས་སུ་ལོ་ན་ ༡༨ མན་གྱི་བུ་མོའི་རྩེད་འགྲན་ནང་ཨང་དང་པོ་ཐོབ་པ་དང་ལོ་ན་ ༡༦ མན་གྱི་སྐྱེས་པའི་རྩེད་འགྲན་ནང་བོད་རིགས་རྩེད་འགྲན་པ་ཀུན་བཟང་རྣམ་རྒྱལ་ལགས་སུ་གསེར་གྱི་རྟགས་མ་ཐོབ་ཡོད་པ་དང་། དངོས་གྲུབ་ཚེ་རིང་ལགས་སུ་དངུལ་གྱི་རྟགས་མ་དང་ནམ་མཁའ་བུ་ཁྲིད་ལགས་ལ་ཨང་གཉིས་པ་བཅས་ཀྱི་བྱ་དགའ་ཐོབ་འདུག་པ་མ་ཟད། ལོ་ ༢༠ མན་གྱི་བུ་མོའི་འགྲན་བསྡུར་ཁྲོད་བསོད་ནམས་ཆོས་སྒྲོན་ལ་ཨང་བཞི་པ་ཐོབ་པ་དང་། གཡུ་སྒྲོན་ལྷ་མོ་ལགས་ཨང་ལྔ་པ་བཅས་བླངས་འདུགཐེངས་འདིའི་གངས་ཤུད་རྩེད་འགྲན་ཁྲོད། ཕ་རན་སི་དང་ནོར་ཝེ། སུད་སི། རྒྱ་ནག་སོགས་རྒྱལ་ཁབ་ ༡༢ ཀྱི་འཛམ་གླིང་གི་ལུས་རྩལ་པ་མི་གྲངས་...

སྟོབས་རྒྱལ་ལགས་སླར་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཁྲོད་ཨང་དང་པོ་བླངས་པ།

སྟོབས་རྒྱལ་ལགས་རྒྱ་ནག་རྒྱལ་ཡོངས་ཀྱི་རྒྱང་རྒྱུག་འགྲན་བསྡུར་ཁྲོད་སླར་ཨང་དང་པོ་བླངས་ཏེ་གསེར་གྱི་རྟགས་མ་ཐོབ་འདུགཉེ་ལམ་ཟླ་ ༩ ཚེས་ ༢༡ ཉིན་སྐབས་བཅུ་བཞི་པའི་རྒྱ་ནག་རྒྱལ་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་སྐྱེས་པའི་རྨིད་ ༡0000 ཅན་གྱི་མཐའ་མའི་འགྲན་བསྡུར་དེ་ཞི་ཨན་དུ་ཚོགས་ཡོད་པ་ལྟར་བོད་རིགས་སྟོབས་རྒྱལ་ལགས་ཀྱིས་སྐར་མ་ ༢༨ དང་སྐར་ཆ་ ༣༥ ཡི་གྲུབ་འབྲས་སོན་པར་བརྟེན་ནས་ཨང་དང་པོ་བླངས་འདུགདེ་བཞིན་ཁ་སང་སྐབས་བཅུ་བཞི་པའི་མཆོང་རྒྱུག་འཕེན་གསུམ་གྱི་སྐྱེས་པའི་རྨིད་ ༥༠༠༠ གི་རྟིང་རྩོད་འགྲན་བསྡུར་ཁྲོད་དུའང་སྟོབས་རྒྱལ་ལགས་ཀྱིས་བསྐྱར་དུ་སྐར་མ་ ༡༣ དང་སྐར་ཆ་ ༤༩༌༡༦ གི་གྲུབ་འབྲས་སོན་སྟབས་ཨང་དང་པོ་ཐོབ་འདུགགཞན་ཡང་ཐེངས་འདིའི་འགྲན་ཞུགས་ནང་བོད་མི་བསོད་ནམས་ཚེ་རིང་ལགས་དང་རྟ་མགྲིན་ཚེ་དབང་ལགས་གཉིས་ཀྱང་མཉམ་ཞུགས་གནང་ཡོད་པ་རེད་འདུག གཞི་རྩའི་གྲགས་ཅན་རྒྱང་རྒྱུག་པ་སྟོབས་རྒྱལ་ལགས་ནི་འདས་པའི་དུས་ཡུན་ཁྲོད་རྒྱལ་སྤྱིའི་ཨོ་རྩལ་འགྲན་བསྡུར་ལ་མཉམ་ཞུགས་གནང་མྱོང་མཁན་ཞིག་ཡིན་ཞིག་ཅིང་། ཕྱི་ལོ་ ༢༠༡༧ ལོར་ཁོང་གིས་གྲོང་ཁྱེར་ཐེན་ཅཱན་དུ་ཚོགས་པའི་རྒྱ་ནག་རྒྱལ་ཡོངས་ཀྱི་རྨིད་ ༡༠༠༠༠ ལྷག་གི་རྒྱང་རྒྱུག་འགྲན་བསྡུར་ལས་རྣམ་པར་རྒྱལ་ཏེ་གྲུབ་འབྲས་ཆེན་པོ་བླངས་ཡོད་པ་རེད།

Latest news

- Advertisement -spot_img