Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

མོན་གྷོ་འདོད་རྒུ་གླིང་གི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་སླར་དབུས་ཀྱི་བོད་ཀྱི་གཞོན་ནུའི་སྒྲིག་འཛུགས་ནང་ཞུགས་ཐུབ་པ་བྱུང་བ།

མོན་གྷོ་འདོད་རྒུ་གླིང་བོད་མིས་ས་གནས་ཡུལ་མིར་ཆུའི་དཀའ་ངལ་སེལ་རོགས་གནང་བ།

རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཀྱི་ལེགས་བཅོས་ཡར་རྒྱས་ཚོགས་པས་རྒྱ་གར་མངའ་སྡེ་གཞུང་མང་ལ་ཐུགས་རྗེ་ཆེ་ཞུ་མཚོན་ཕྱིར་ཟླ་བ་འདིའི་ཕྱི་ཚེས་ ༡༢ ཉིན་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཉེ་ཁུལ་དུ་ཡོད་པའི་རྒྱ་གར་ས་གནས་ཀོ་པ་གྲོང་གསེབ་ལ་འཐུང་ཆུའི་དཀའ་ངལ་སེལ་བའི་རོགས་རམ་གནང་ཡོད་པ་རེད། ལེགས་བཅོས་ལས་འཆར་ཚོགས་པའི་འཐུང་ཆུའི་འགན་འཛིན་བསྟན་འཛིན་དྭགས་པོ་ལགས་ཀྱིས་མོན་གྷོ་འདོད་རྒུ་གླིང་དུ་ལོ་ལྟར་ཕྱི་ཟླ་གསུམ་པ་ནས་བཟུང་ཟླ་བ་གསུམ་ཙམ་རིང་ལ་འཐུང་ཆུའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་ལྟར་ཚོགས་པ་དེའི་ངོས་ནས་དེ་སྔོན་རྭ་སྟོད་གྲྭ་ཚང་གིས་བརྩམས་པའི་ཆར་ཆུ་བསགས་ཏེ་འཐུང་ཆུར་སྤྱོད་སྟངས་ཀྱི་ཐབས་ལམ་དེ་སྤྱད་ནས་ས་གནས་རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ་ཞུ་མཚོན་ཕྱིར་ཧིན་སྒོར་འབུམ་ ༢ ལྷག་གི་འགྲོ་གྲོན་བཏང་ནས་དཀའ་ངལ་ཆེ་ཤོས་ཀྱི་ས་གནས་ཀོ་པ་གྲོང་གསེབ་ལ་ཆར་ཆུ་གསོག་འཇོག་གནང་སའི་ཆུ་འཛོད་གསར་རྒྱག་གིས་འཐུང་ཆུའི་དཀའ་ངལ་སེལ་རོགས་གནང་ཡོད་པ་མ་ཟད་ཆར་ཆུ་གསོག་འཇོག་གིས་འཐུང་ཆུར་སྤྱོད་སྟངས་ཀྱི་ཤེས་བྱའི་གོ་རྟོགས་ཀྱང་སྤེལ་ཡོད་པ་རེད། དེ་བཞིན་ཕྱི་ཚེས་ ༡༢ ཉིན་ས་གནས་རྒྱ་གར་དཔོན་རིགས་ཁག་གདན་ཞུའི་ཐོག་ལས་གཞི་དེ་ལེགས་གྲུབ་ཀྱི་དབུ་འབྱེད་ཀྱང་གནང་ཡོད་པ་རེད།རྩ་བའི་ཆར་ཆུ་གསོག་འཇོག་གིས་འཐུང་ཆུར་སྤྱོད་སྟངས་ཀྱི་ཐབས་ལམ་དེ་ནི་ཕྱི་ལོ་ ༢༠༡༧ ལོར་རྭ་སྟོད་གྲྭ་ཚང་གི་ངོས་ནས་དབུ་འཛུགས་གནང་བ་ཞིག་ཡིན་པ་རེད། མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་ལེགས་བཅོས་ལས་འཆར་ཚོགས་པ་དེ་ཕྱི་ལོ་ ༢༠༡༢ ལོར་གསར་འཛུགས་གནང་བ་དང་ཚོགས་པའི་ནང་དགོན་སྡེ་གྲྭ་ཚང་ཁག་གི་མཁན་པོ་དང་ཕྱག་མཛོད། གཞིས་གྲོང་ཁག་གི་སྤྱི་མི་དང་མཉམ་འབྲེལ། གཞོན་ནུ་དང་བེུད་སོགས་ཐོུང་ལས་གྲུབ་པའི་ཚོོགས་པ་ཞིག་ཡིན་པ་རེད།ཚོགས་པའི་དམིགས་ཡུལ་དང་ལས་འཆར་ནི་གཞིས་ཆགས་ནང་མང་ཚོགས་ཀྱི་འཕྲོད་བསྟེན་དང་དཔལ་འབྱོར། ཤེས་ཡོན་སོགས་ཡར་རྒྱས་གཏོང་ཐབས་གཙོས་པའི་གཞིས་ཆགས་ཡར་རྒྱས་དང་མང་ཚོགས་ཀྱི་དཀའ་ངལ་སེལ་ཐབས་གནང་རྒྱུ་བཅས་་ཡིན་པ་རེད།

མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་བོད་མི་ཚོར་ཉེན་རྟོག་པས་དམ་དྲག་ཤུགས་ཆེ་བྱས་འདུག

དེ་ཡང་རྒྱ་གར་ལྷོ་ཕྱོགས་གྷོ་བ་ས་ཁུལ་དུ་བོད་མི་ཚོས་རྒྱ་ནག་གི་སྲིད་འཛིན་ལ་ངོ་རྒོལ་ལས་འགུལ་ཤུགས་ཆེ་སྤེལ་རྐྱེན་གྷོ་བ་ས་གནས་དང་ཅུང་ས་ཐག་ཉེ་བའི་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་མོན་གྷོ་འདོད་རྒུ་གླིང་ནས་ཞི་རྒོལ་བྱེད་མཁན་བོད་མི་ཡོང་བར་དོགས་ཟོན་གྱིས་ཟླ་འདིའི་ཚེས་ ༡༥ ནས་ ༡༨ བར་གཞིས་ཆགས་ནང་གི་བོད་མི་སྐྱ་སེར་ཀུན་ལའང་ཕྱིར་བསྐྱོད་བྱ་མི་ཆོག་པ་བཟོས་པ་མ་ཟད། ས་གནས་ཉེན་རྟོག་པས་བོད་མིར་དམ་དྲག་ཤུགས་ཆེ་བྱས་ཡོད་སྟབས། ནད་པ་ཛ་དྲག་ཅན་སྨན་ཁང་ཆེ་ཁག་ཏུ་སྨན་པ་བསྟེན་གཏུག་བྱ་རྒྱུ་གཙོས་ཕྱོགས་མཐའ་ཁག་ལ་འགྲུལ་བཞུད་བྱེད་མཁན་བོད་མི་རྣམས་ཕྱིར་བསྐྱོད་མི་ཆོག་པའི་གནས་སྟངས་འོག་དཀའ་ངལ་ཆེན་པོ་འཕྲད་འདུག འོན་ཀྱང་མོན་གྷོ་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་ལས་ཁང་དང་ས་གནས་རྫོང་དཔོན་དབར་གྲོས་མོལ་གནང་རྗེས་ཁ་སང་ཚེས་ ༡༦ ཉིན་ཕྱིར་ཛ་དྲག་ལས་དོན་ཆེད་འགྲོ་དགོས་རིགས་ལ་རང་ཉིད་ཀྱི་ངོ་སྤྲོད་ལག་ཁྱེར་གྱི་འདྲ་བཤུས་དང་འགྲིམ་འགྲུལ་འཛིན་བྱང་ཉེན་རྟོག་པར་སྤྲོད་པའི་ཆ་རྐྱེན་འོག་འགྲོ་བསྐྱོད་ཆོག་པ་བཟོས་འདུག གཞི་རྩའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་དང་ས་གནས་ཁག་གི་རྒྱུན་ལས། དེ་བཞིན་ཚོགས་མི་རྣམས་ཀྱིས་སྲིད་འཛིན་ཞི་ཅིང་ཕིང་ལ་རྒྱ་གཞུང་གིས་གསེར་རྟ་བླ་རུང་ནང་བསྟན་སློབ་གླིང་གི་གྲྭ་བཙུན་ཉུང་དུ་གཏོང་རྒྱུ་ཡིན་ལུགས་ཀྱིས་གྲྭ་ཤག་གཏོར་བཤིག་གི་ལས་གཞི་སྤེལ་བཞིན་པ་མཚམས་འཇོག་དགོས་པ་དང་། བོད་ནང་ལ་རྒྱ་གཞུང་གིས་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་པ་མཚམས་འཇོག་དགོས་པ་མ་ཟད། བོད་ནང་གི་ཛ་དྲག་གནས་སྟངས་དེ་དག་འཕྲལ་མར་མཚམས་བྱེད་དགོས་པ་སོགས་ཀྱི་དགོས་འདུན་སྦྱར་ཡིག་རྣམས་འཕྱར་བཞིན་ངོ་རྒོལ་སྐད་འབོད་གནང་ཡོད་པ་རེད། དེ་དང་ཕྱོགས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་ཀྱང་ལས་འགུལ་རྣམ་པ་འདྲ་མིན་ཁག་གསུམ་གྱི་ཐོག་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད། རྩ་བའི་ཁ་སང་ཚེས་ ༡༦ ཕྱི་དྲོའི་ཚོུད་ ༦ པར་ལས་འགུལ་བ་ཚང་མ་གློད་གྲོལ་བཏང་ཟིན་འདུག་ཀྱང་། ལས་འགུལ་བ་བསྟན་འཛིན་བརྩོན་གྲུས་ལགས་ད་ལྟའི་ཆར་གློད་གྲོལ་གཏང་མེད་པ་རེད།

མོན་གྷོ་འདོད་རྒུ་གླིང་གི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་སླར་དབུས་ཀྱི་བོད་ཀྱི་གཞོན་ནུའི་སྒྲིག་འཛུགས་ནང་ཞུགས་ཐུབ་པ་བྱུང་བ།

དེ་ཡང་ ༢༠༡༣ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༥ པའི་ཐོག་བོད་ཀྱི་གཞོན་ནུའི་རང་བཙན་གྱི་ལངས་ཕྱོགས་ལ་བཅོས་བསྒྱུར་དགོས་མིན་གྱི་ཐད་བསམ་ཚུལ་མི་མཐུན་པ་བྱུང་བར་བརྟེན། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་དང་ཧུན་སུར། ཀོ་ལི་གྷལ། མོན་གྷོ། སྦེང་ལོར། སྤོན་ཊ། ལ་དྭགས། ཌ་ལ་ཧོ་སི་བཅས་ཀྱི་ས་གནས་ཁག་བརྒྱད་ཀྱི་གཞོན་ནུ་ལྷན་ཚོགས་རྣམས་ཀྱིས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་ཁོངས་ནས་ཕྱིར་ཐོན་བྱས་པ་ཡོད་པ་རེད། དེར་བརྟེན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཆིག་སྒྲིལ་གྱི་ནུས་པ་ཧ་ཅང་ཉམ་དམས་སུ་སོང་པའི་སྣང་ཚུལ་བྱུང་སྟབས། ཐེངས་མང་པོར་ལངས་ཕྱོགས་མི་མཐུན་པའི་དཀའ་རྙོག་དེ་སེལ་ཆེད་དུ་ཕན་ཚུན་གྲོས་མོལ་དང་ལྷན་ཚོགས་ཐེངས་མང་གནང་ཡང་གྲུབ་འབྲས་གང་ཡང་སོམ་མེད་པ་རེད། འོན་ཀྱང་ཁ་ས་ཕྱི་ཟླ་ ༨ ཚེས་ ༥ ཉིན་དབུས་ཀྱི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་དྲུང་ཆེ་གཉིས་བོད་མིའི་གཞིས་སྒར་མོན་གྷོ་ས་གནས་ལ་ཆེད་བསྐྱོད་ཀྱིས་ཁུལ་དེའི་གཞོན་ནུའི་ཚོགས་ཁང་དུ་མོན་གྷོ་ས་གནས་ཀྱི་གནས་ཡོད་མི་སྣ་རྣམས་མཉམ་ཞུགས་ཐོག་མོན་གྷོ་གཞོན་ནུ་ལྷན་ཚོགས་དང་ཞི་འགྲིག་ཡོང་བར་གྲོས་མོལ་གནང་སྟབས། ཁ་སང་ཕྱི་དྲོ་ཚོུད་ ༤།༠༠ ཙམ་ལ་མོན་གྷོ་བོད་བོད་ཀྱི་གཞོན་ནུ་ལྷན་ཚོགས་སླར་ཡང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་ཁོངས་སུ་ཞུགས་རྒྱུར་སྤྱི་མོས་བྱུང་སྟེ། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ནང་ཞུགས་ཐུབ་པ་བྱུང་ཡོད་པ་རེད། གཞི་རྩའི་དེ་སྔོན་ས་གནས་གཞོན་ནུ་ལྷན་ཚོགས་ཁག་བརྒྱད་དང་དབུས་བོད་ཀྱི་གཞོན་ནུའི་སྤྱི་ཁྱབ་རྒྱུན་ལས་དབར་གྲོས་མོལ་ཐེངས་མང་གནང་ཡང་བཟང་ཕྱོགས་ཀྱི་གྲུབ་འབྲས་གང་ཡང་སོན་མེད་པ་མ་ཟད། ལྷག་དོན་གཞོན་ནུའི་ས་གནས་ཁག་བརྒྱད་ནས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་དང་ལངས་ཕྱོགས་ལ་བརྩི་བཀུར་ཞུས་དང་ཞུ་མུས་སུ་ཡིན་ཀྱང་། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྒྲིག་འཛུགས་དེའི་ལངས་ཕྱོགས་ལ་བཅོས་བསྒྱུར་ཐོག་དབུ་མའི་ལམ་ལ་མ་བསྒྱུར་བར་དུ་གྲོས་མོལ་ཡོོང་ཐབས་མེད་པར་ནན་བརྗོད་གནང་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གིས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བཀྲིས་ལམ་བཟང་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་དེ་རིང་ཟླ་...

Latest news

- Advertisement -spot_img