མདུན་ངོས།
ངོ་སྤྲོད།
༸གོང་ས་མཆོག
བོད།
བཙན་བྱོལ།
རྒྱ་ནག
རྒྱལ་སྤྱི།
རྒྱང་སྲིང་འོད་ཚད།
སྒྲ་མཛོད།
བརྙན་མཛོད།
འབྲེལ་ལམ།
Search
VOICE OF TIBET
ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་།
Pulses PRO
Tibetan Royal Year of 2153 | Year of the Fire Horse
中文
Facebook
RSS
Soundcloud
X
Youtube
ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་།
Voice Of Tibet
text
འཚོལ་བཤེར།
མདུན་ངོས།
ངོ་སྤྲོད།
༸གོང་ས་མཆོག
བོད།
བཙན་བྱོལ།
རྒྱ་ནག
རྒྱལ་སྤྱི།
རྒྱང་སྲིང་འོད་ཚད།
སྒྲ་མཛོད།
བརྙན་མཛོད།
འབྲེལ་ལམ།
མདུན་ངོས།
ངོ་སྤྲོད།
༸གོང་ས་མཆོག
བོད།
བཙན་བྱོལ།
རྒྱ་ནག
རྒྱལ་སྤྱི།
རྒྱང་སྲིང་འོད་ཚད།
སྒྲ་མཛོད།
བརྙན་མཛོད།
འབྲེལ་ལམ།
འཚོལ་བཤེར།
- Advertisement -
TAG
མོན་པར་ཆོས་སྐྱོང་སྤྱན་འདྲེན་དང་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་བཀའ་སློབ་གནང་བ།
Uncategorized
མོན་པར་ཆོས་སྐྱོང་སྤྱན་འདྲེན་དང་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་བཀའ་སློབ་གནང་བ།
Voice of Tibet
-
08/09/2022
ཁ་སང་བཞུགས་སྒར་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོ་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཚོགས་པ་ལྔས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་གྲུབ་པ་དང་བསྟུན། དེ་རིང་ཞོགས་པ་ཕྱག་ཚོད་ ༧ ཙམ་ལ་མོན་ཡུལ་བསྟན་དོན་རིག་གཞུང་གཅེས་སྐྱོང་ལྷན་ཚོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་མོན་ཡུལ་ནས་ཕེབས་པའི་དད་ལྡན་མང་ཚོགས་རྣམས་ལ་གནས་ཆུང་སྒྲ་དབྱངས་གླིང་གྲྭ་ཚང་གི་འདུ་ཁང་དུ་གཞུང་བསྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོའི་སྤྱན་འདྲེན་དང་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་མཇུག་ཏུ་དགེ་བའི་བཀའ་སློབ་ལམ་སྟོན་གནང་སོང་།གནས་ཆུང་ཆོས་སྐྱོང་གི་སྤྱན་འདྲེན་གྲུབ་མཚམས་སུ་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་དྷ་སར་ཕེབས་པའི་མོན་པ་རྣམས་ས་ཐག་རིང་པོ་ནས་ཕེབས་དོན་གཙོ་བོ་༸གོང་ས་མཆོག་༸སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིན་བརྟན་བཞུགས་བསྟར་འབུལ་ཞུ་བར་བཅར་ཡོད་སྟབས། ཐེངས་འདིའི་བརྟན་བཞུགས་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་བརྟན་བཞུགས་གཏང་རག་གི་མཎྜལ་མ་འདོན་གོང་དང་མཎྜལ་འདེགས་འབུལ་ཞུས་ཟིན་པའི་རྗེས་སུ་ད་དུང་དགུང་གྲངས་བརྒྱ་དང་བཅུ་གྲངས་ཤིག་གི་བར་དུ་༸སྐུ་འཚོ་བཞུགས་མཛད་རྒྱུའི་བཀའ་བཞེས་བཟང་པོ་ཕེབས་པ་ཙམ་མ་ཟད། བརྟན་བཞུགས་དངོས་ལ་ཆོས་སྐྱོང་ཐོག་ཕེབས་གནང་བ་སོགས་རྒྱུན་ལྡན་ལྟར་མིན་པ་རྟེན་འབྲེལ་བཟང་པོ་དང་། ས་ཐག་རིང་པོ་ནས་ཕེབས་པའི་དམིགས་ཡུལ་ལྟར་དོན་འབྲས་སོན་སོང་ཞེས་བཀའ་གནང་ཡོད། གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་རིན་པོ་ཆེ་ཁོང་མོན་ཡུལ་དུ་ཐེངས་གསུམ་ཙམ་ཆེད་ཕེབས་གནང་མྱོང་བ་དང་ལྷག་དོན་༸རྒྱལ་བ་༸སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་གི་ཡོངས་འཛིན་གནང་བ། དེ་བཞིན་༸སྐུ་གོང་མ་ཡང་༸གོང་ས་མཆོག་དང་ལྷན་རྒྱས་སུ་མོན་ཡུལ་ནས་བྲོས་བྱོལ་ལ་ཕེབས་པ་ཞིག་ཡིན་པར་ངོ་སྤྲོད་དང་སྦྲགས། མོན་པའི་གཤིས་རྒྱུད་དུ་ཡོད་པའི་ཡ་རབས་བཟང་སྤྱོད་དེ་ཁྱད་ནོར་ཞིག་ཡིན་པར་དགོངས་ནས་༸གོང་ས་མཆོག་གི་དགོངས་གཞི་ལྟར་སརྒྱས་པའི་ཆོས་ཀྱི་བསླབ་བྱ་སེམས་པ་བཟང་པོ་དང་ཡ་རབས་བཟང་སྤྱོད་གནང་དགོས་གལ་ཡིན་པ་སོགས་བཀའ་གནང་སོང་།༸སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་བླང་དོར་བཀའ་སློབ་མ་གནང་གོང་སྤྱིར་༸གོང་ས་མཆོག་གི་༸སྐུ་ཚེའི་ཚེ་སྒྲུབ། འཛམ་གླིང་སྤྱི་དང་བྱེ་བྲག་ཏུ་མོན་པའི་སྐྱེས་འགྲོ་ཡོངས་ཀྱི་སླད་དུ་གནས་ཆུང་ཆོས་སྐྱོང་མཆོག་ལ་ཚོགས་མཆོད་ཕུལ་བའི་སྒོ་ནས་བཀའ་ལུང་ཞུས་པར་མ་ཟད་མང་ཚོགས་ཀུན་ལ་སྐུ་རྟེན་མཆོག་གི་མཇལ་ཁ་གནང་ཡོད།
Latest news
Monday 09/11/2026
09/11/2026
ཉི་ཧོང་གྲོང་སྡེ་ཞིག་གི་སྐུ་ཚབ་ཚོ་ཁག་ནས་ས་གནས་དེའི་ལོ་ཏོག་ཐོན་སྐྱེད་ཐོག་མ་༸གོང་ས་མཆོག་ལ་འབུལ་བཞེས་གནང་འདུག
09/11/2026
རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ལ་གདོང་ལེན་སླད་ཨ་རི་གཞུང་གིས་བོད་སྐད་རླུང་འཕྲིན་ཁང་ལ་རྒྱབ་སྐྱོར་བྱེད་དགོས་གལ་ཡིན་པ་གསུངས་འདུག
09/11/2026
དབྱིན་ཡུལ་ཚོང་པ་ཞིག་གིས་སོ་མྱུལ་བ་གླ་གཡར་བརྒྱུད་རྒྱ་ནག་གི་ཆེད་དུ་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་གསང་ཉུལ་བྱས་པ་མངོན་གསལ།
09/11/2026
Nvidia ཁེ་ལས་ཁང་གི་འགན་འཛིན་གྱིས་དོགས་གཞི་ཅན་གྱི་རྒྱ་རིགས་བུད་མེད་སོ་བ་ཞིག་དང་ནང་འབྲེལ་བྱུང་བའི་ཁས་ལེན་བྱས་རྗེས། ཁེ་ལས་ཁང་གིས་ཁོའི་བྱ་སྤྱོད་ལ་ཞིབ་བཤེར་འགོ་འཛུགས།
09/11/2026
- Advertisement -