Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཨ་རི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་འདུག

མ་ཉེས་ཁག་གཡོག་གི་ཁ་མཆུ་ཨང་ ༢༠ པར་ཁྲིམས་བཤེར་དབུ་འཛུགས།

དེ་རིང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ཀྱིས་སྲིད་སྐྱོང་བློ་བཟང་སེང་གེ་བརྒྱུད་འཛིན་སྐྱོང་བཀའ་ཤག་གིས་ཁོང་ལ་མ་ཉེས་ཁག་གཡོག་གནང་བའི་ཁ་མཆུ་ཨང་ ༢༠ ཐོག་ཁྲིམས་བཤེར་དབུ་འཛུགས་གནང་སོང་། དེ་རིང་སྔ་དྲོ་ཚོུད་ ༡༠ ཐོག་དབུ་འཛུགས་གནང་བའི་ཁ་མཆུ་ཨང་ ༢༠ པའི་གཏུག་བཤེར་ཐོག་གྱོད་ཡ་ཞུ་སྦྱོར་བ་སྤེན་པ་ཚེ་རིང་ལགས་ཀྱི་ཁྲིམས་རྩོད་སླད་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ས་གནས་ཁྲིམས་ཞིབ་པ་ཟུར་པ་རྣམ་རྒྱལ་ཚེ་སྐྱིད་ལགས་དང། དེ་བཞིན་གྱོད་ཡ་རྩོད་ལེན་པ་འཛིན་སྐྱོང་བཀའ་ཤག་གི་ཁྲིམས་རྩོད་སླད་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་འགན་འཛིན་བོད་མིང་མང་སྤྱི་འཐུས་བློ་བཟང་གྲགས་པ་ལགས་བཅས་ཕེབས་ཡོད་པ་དང་། ཁ་མཆུ་ཨང་ ༢༠ པའི་ཉིན་དང་པོའི་གཏུག་བཤེར་ཐོག་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གཙོ་གྱུར་ཁྲིམས་ཞིབ་པ་རྣམ་པ་དང་ཁྲིམས་དྲུང་གཙོས་པའི་ཁྲིམས་ཞིབ་ཁང་གི་ལས་བྱེད་རྣམས། དེ་བཞིན་ཟུར་ཉན་དང་གསར་འགོད་པ་བཅས་ཚང་འཛོམས་ཀྱིས་གྱོད་གཞི་གསལ་བཟོའི་ལས་རིམ་ཐོག་ཕེབས་ཡོད་པ་རེད།སྐབས་དེར་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གིས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་ལགས་ཀྱིས་བཀའ་ཤག་གིས་ཁོང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱི་ལས་གནས་ནས་འཕོ་འགྱུར་གནང་སྐབས་ཁོང་ལ་མ་ཉེས་ཁག་གཡོག་གནང་ཡོད་ཚུལ་དང་འབྲེལ། ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༥ ཚེས་ ༡༨ ཉིན་དེའི་ཐོག་ཁྲིམས་གཏུག་གནང་བ་ནས་བཟུང་ད་བར་གྱི་བརྒྱུད་རིམ་ཁྲོད། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གིས་སྤྱི་དམངས་གཏུག་བཤེར་འགྲོ་ལུགས་ཀྱི་འོག་ནས་ཐོག་མའི་བརྡ་ཐོ་གནང་བ་དང་། འཛིན་སྐྱོང་བཀའ་ཤག་གི་ངོས་ནས་དེ་རྗེས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཕུལ་བའི་ཞུ་ལན་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རང་ཆེས་སུ་ཡོད་པའི་༸སྐུ་དབང་སྐོར་བཀོད་དེ་ཁ་མཆུ་དེ་ངོས་བཞེས་གནང་རྒྱུ་མེད་པའི་འབོད་སྐུལ་ཐེངས་ཁ་ཤས་གནང་བ་སོགས་ཀྱི་བརྒྱུད་རིམ་ཆ་ཚང་ངོ་སྤྲོད་གནང་སྟེ་ཐག་གཅོད་གཙོ་བོ་གཉིས་གནང་སོང་། དེའང་སྐུ་ཚབ་དོན་གཅོད་འཕོ་འགྱུར་གྱི་ལས་དོན་ཐད་༸སྐུ་དབང་ཡོངས་རྫོགས་འཛིན་སྐྱོང་བཀའ་ཤག་ལ་ཡོད་པ་བཞིན་གྱོད་ཡ་ཞུ་སྦྱོར་བ་དང་རྩོད་ལེན་པ་གཉིས་ཀ་ནས་དེར་རྩོད་མེད་ཐོག ད་ལན་གྱི་གྱོད་གཞི་དེ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་ཐོག་མ་ཡིན་པར་གཙོ་བོ་མ་ཉེས་ཁག་གཡོག་རང་གི་གནད་དོན་ཞིག་ཡིན་པ་དང།...

ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཨ་རི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ནས་ད་ལྟའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཨ་རི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་འདུག་པ་དང། དེ་རིང་བཀའ་དྲུང་ཡིག་ཚང་ནས་སྤེལ་བའི་གསལ་བསྒྲགས་ནང་འཁོད་དོན། ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་ Visa འམ་མཐོང་མཆན་ཐོན་ཚེས་དང་ ༢༠༡༦གི་ཕྱི་ཟླ་ ༧ ཚེས་ ༡ གང་སྔ་ནས་ལས་ཁུར་དབུ་འཛུགས་གནང་རྒྱུ་ཡིན་པ་གསུངས་འདུག ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་དེ་རིང་ཉིན་རྒྱབ་གསར་ཁང་ཁག་གི་བཅར་འདྲི་དང་ལེན་དང་སྦྲགས། དཔལ་ལྡན་སྲིད་སྐྱོང་མཆོག་དང་བཀའ་ཤག་ནས་ཁོང་ལ་ཡིད་ཆེས་བློ་གཏད་ཀྱིས་ཐོག་ནས་གོ་སྐབས་དེར་ལྟར་གནང་བར་ཐུགས་དགྱེས་ཚོར་དང་བཅས་དང་ལེན་ཞུས་པ་ཡིན་ཞེས་གསུངས་གནང་སོང་བ་དང་ཆབས་ཅིག བཀའ་ཤག་ནས་ཐུགས་རེ་གནང་པ་ལྟར་ཨ་རི་ནི་ཆབ་སྲིད་ཀྱི་ཆ་ནས་ས་གནས་གལ་ཆེ་ཞིག་དང་། ད་དུང་ཁུལ་དེར་དེང་སྐབས་བོད་རིགས་མང་དག་ཅིག་སླེབས་ཡོད་སྟབས། ཁོང་གི་ངོས་ནས་ཨ་རི་གཞུང་དང་གྲོས་ཚོགས་རེད། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་ཁག་ནས་རྒྱབ་སྐྱོར་ཆེ་རུ་གཏོང་ཐབས་དང་། བོད་རིགས་ནང་ཁུལ་རྡོག་གཅིག་ཏུ་སྒྲིལ་ཏེ་མཉམ་དུ་འཁྲིད་ཐུབ་ཡག་འབད་བརྩོན་གནང་རྒྱུ་ཡིན་པ་གསུངས་སོང། ད་དུང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དེ་རིང་གི་དུས་ཚིགས་འདི་བརྒྱུད་བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་ལ་སྤྱིར་འོས་བསྡུའི་ལས་རིམ་ལས་འཕྲོས་ནས་གནས་ཚུལ་མང་དག་ཅིག་བྱུང་ཡོད་ན་ཡང། བོད་སྤྱི་པའི་དོན་དག་ལ་ང་ཚོས་མཉམ་རུབ་ཀྱི་ནུས་པ་བཏོན་དགོས་ཡག་གལ་ཆེ་གཟིགས་ཀྱི་ཡོད་པ་གསུངས་ཏེ། རིམ་པས་ཚོགས་གཙོ་མཆོག་ནས་བྱང་ཨ་རིའི་དོན་གཅོད་ཀྱི་ཐུགས་འགན་བཞེས་སྐབས་ཚང་མས་རྒྱབ་སྐྱོར་གང་ཐུབ་གནང་རོགས་བཅས་གསུངས་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཀྱང་གསར་འགོད་པ་རྣམས་ལ་བཀའ་ཤག་ནས་ཨ་རི་དེ་བཞིན་ས་གནས་གལ་ཆེ་ཞིག་དང་ཁུལ་དེར་བོད་རིགས་མི་འབོར་མང་དག་ཅིག་ཡོད་སྟབས། སྤྱི་ཚོགས་ནང་ཕྱག་ལས་ཡུན་རིང་གནང་མྱོང་མཁན་དང་ཉམས་མྱོང་ཅན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དོན་གཅོད་དུ་བསྐོ་གཞག་གནང་ཐུབ་ཚེ་ཐུགས་ཕན་གསོས་པ་ཞིག་ཡོང་ངེས་སུ་དགོངས་ཡོད་པ་གསུངས་སོང། རྩ་བའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ལས་ཐོག་སྤེན་པ་ཚེ་རིང་མཆོག་ནི་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་འཁྲུངས་ཤིང་། གཞི་རིམ་དང་མཐོ་རིམ་སློབ་སྦྱོང་ཁག་གྲུབ་རྗེས། ༡༩༨༩ ལོར་སྤྱི་ཚོགས་ནང་ཕྱག་ལས་གནང་འགོ་ཚུགས་འདུག ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་ ༡༩༩༤...

Latest news

- Advertisement -spot_img