Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

འཛིན་རིམ་བཅིུས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཕྱིར་འགྱངས་དང་བཅུ་པའི་ཡིག་རྒྱུགས་གཏང་རྒྱུ་མིན་པ།

འཛིན་རིམ་བཅིུས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཁྲོད་སློབ་མ་གཉིས་མ་གཏོགས་གཞན་རྣམས་བརྒྱ་ཆ་བརྒྱ་ཡིག་རྒྱུགས་འཕྲོད་པ།

བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འདི་ལོའི་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཀྱི་ཁོངས་སུ་བཙན་བྱོལ་བོད་མིའི་སློབ་མ་༡༠༦༢ ནས་མཉམ་བཞུགས་ཀྱིས་སློབ་མ་གཉིས་མ་གཏོགས་གཞན་རྣམས་བརྒྱ་ཆ་བརྒྱ་ཡིག་རྒྱུགས་འཕྲོད་ཡོད་པ་འཁོད་འདུགདེ་ཡང་འདི་ལོའི་འཛིན་རིམ་བཅུ་གཉིས་ཀྱི་བཙན་བྱོལ་བོད་མིའི་སློབ་གྲྭ་ ༡༦ ནས་ཁྱོན་སློབ་ཕྲུག་ ༡༠༦༢ ནས་མཉམ་བཞུགས་གནང་བའི་ཁོངས་སུ་སློབ་མ་ ༡༠༦༠ ཡིག་རྒྱུགས་འཕྲོད་དེ་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༩་༨༡ དང་ཆ་སྙོམས་བརྒྱ་ཆ་ ༧༨་༤༡ ཆགས་ཀྱི་ཡོད་པ་དང་། སྔ་ལོ་དང་བསྡུར་ཚེ་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༡་༥༨ དང་ཆ་སྙོམས་བརྒྱ་ཆ་ ༢་༢༡ འཕར་ཆ་བྱུང་ནས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་སྔར་ལྷག་ཡར་རྒྱས་ཕྱིན་ཡོད་པ་བཀོད་འདུག དེ་བཞིན་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཁྲོད་མ་སུ་རི་བོད་ཁྱིམ་སློབ་གྲྭ་ནས་སློབ་མ་ ༢༡ དང་། མོན་གྷོ་སཾ་བྷོ་ཊ་གཏན་སློབ་ནས་སློབ་མ་ ༢ དེ་བཞིན་དྷ་སྟེང་བོད་ཁྱིམ་དང་། སུ་ཇཱ་བོད་ཁྱིམ།...

འཛིན་རིམ་བཅིུས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཕྱིར་འགྱངས་དང་བཅུ་པའི་ཡིག་རྒྱུགས་རྩིས་མེད།

རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་བཅོ་དགུའི་ཚ་རླབས་གཉིས་པའི་རྐྱེན་གྱིས་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པའི་དུས་སྐབས་འདིར་ཁ་སང་ཕྱི་ཚེས་ ༡༤ཉིན་CBSEའམ་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱིས་ཕྱི་ཟླ་ ༥ ཚེས་ ༤ ནས་ཕྱི་ཟླ་ ༦ ཚེས་ ༧ བར་འཛིན་རིམ་བཅུ་པའི་རྒྱ་གར་རྒྱལ་ཡོངས་ཀྱི་ཡིག་རྒྱུགས་གཏང་འཆར་ཡོད་པ་དེ་ལྟར་ནའང་། ནད་དུག་ཁྱབ་བརྡལ་ཆེས་ཆེར་འགྲོ་བཞིན་པར་བརྟེན་ཡིག་རྒྱུགས་གཏང་རྒྱུ་མིན་པའི་ཐག་གཅོད་གནང་འདུག་པ་དང་། ཕྱི་ཟླ་ ༥ ཚེས་ ༤ནསཕྱི་ཟླ་ ༦ ཚེས་ ༡༤ བར་གྱི་འཛིན་རིམ་བཅིུས་ཀྱི་རྒྱ་གར་རྒྱ་ཡོངས་ཀྱི་ཡིག་རྒྱུགས་ཆེ་མོ་གནས་སྐབས་རིང་ཕྱིར་བཤོལ་གནང་རྒྱུ་ཡིན་པར་གསལ་བསྒྲགས་གནང་འདུགརྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱིས་སྤེལ་བའི་གསལ་བསྒྲགས་ནང་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཀྱི་ཡིག་རྒྱུགས་ཆེན་མོ་དེ་གནས་སྐབས་རིང་ཕྱིར་འགྱངས་གནང་སྟེ་ཕྱི་ཟླ་ ༦ ཚེས་ ༡ ཉིན་སླར་གཉན་རིམས་ཀྱི་ཛ་དྲག་གནས་སྟངས་ལ་བསྐྱར་ཞིབ་གནང་ནས་ཡིག་རྒྱུགས་མ་གཏང་གོང་གི་ཉིན་གྲངས་ བཅོ་ལྔའི་སྔོན་ལ་བརྡ་ལན་གནང་རྒྱུ་ཡིན་སྐོར་གསུངས་འདུག་པ་མ་ཟད། འཛིན་རིམ་བཅུ་པའི་རྒྱ་གར་རྒྱལ་ཡོངས་ཀྱི་ཡིག་རྒྱུགས་ཆེན་མོ་དེ་མེད་པ་བཟོ་རྒྱུ་དང་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱི་ལམ་སྟོན་ལྟར་བརྒྱ་ཆ་གནང་རྒྱུ་ཡིན་པ་ལས་སློབ་མ་དོ་བདག་སོ་སོ་ནས་རང་ཉིད་ཀྱི་གྲུབ་འབྲས་ལ་འདོད་བློ་མ་འཚིམ་པ་བྱུང་ཚེ་གནས་སྟངས་ལ་གཞིགས་ཏེ་ཡིག་རྒྱུགས་གནང་རྒྱུའི་གོ་སྐབས་གནང་ངེས་ཡིན་སྐོར་གསུངས་འདུག རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་པའི་ཁོངས་སུ་བཙན་བྱོལ་བོད་མིའི་སློབ་གྲྭ་༢༧ ནས་སློབ་ཕྲུག་ཆིག་སྟོང་ལྷག་ཙམ་དང་འཛིན་རིམ་བཅིུས་ཀྱི་བོད་པའི་སློབ་སྡེ་བཅོ་དྲུག་ནས་སློབ་མ་ཆིག་སྟོང་ལྷག་ཙམ་ནས་འདི་ལོའི་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོར་མཉམ་ཞུགས་གནང་གི་འདུག རླུང་འཕྲིན་ཁང་ནས་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱིས་སྤེལ་བའི་གསལ་བསྒྲགས་ཀྱི་ནང་དོན་དང་འབྲེལ་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་ཡོན་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་སུ་ཞལ་པར་བརྒྱུད་རྒྱ་གར་རྒྱལ་ཡོངས་ཀྱི་ཡིག་རྒྱུགས་ཆེན་མོར་མཉམ་ཞུགས་གནང་མཁན་གྱི་འཛིན་རིན་བཅུ་པ་དང་བཅུ་གཉིས་ཀྱི་བོད་རིགས་སློབ་མའི་གནས་སྟངས་དང་འབྲེལ་ཡིགས་རྒྱུགས་ནང་མཉམ་ཞུགས་གནང་མི་དགོས་མཁན་གྱི་སློབ་མ་རྣམས་རང་ཁྱིམ་དུ་ཕྱིར་སློག་གནང་གི་ཡོད་མེད་དང་བརྒྱ་ཆ་སྤྲོད་ཕྱོགས་སོགས་ཀྱི་སྐོར་ལ་བཀའ་འདྲི་ཞུས་ཡོད།

Latest news

- Advertisement -spot_img