Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

ཡོ་རོབ་རྒྱལ་ཁབ་ཀྱིས་གཞུང་འབྲེལ་ས་ཚིགས་ ༡༤༠༠  ནང་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས།

Waltham Forest གྲོང་སྡེ་ལས་ཁང་གིས་བོད་མིའི་མང་གཙོའི་ལམ་སྲོལ་ལ་ཆེ་བསྟོད་གནང་བ།  

དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་གྱི་བྱང་ནུབ་ཏུ་ཆགས་པའི་ Waltham Forest གྲོང་སྡེ་ལས་ཁང་གིས་གཞུང་འབྲེལ་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བོད་མིའི་མང་གཙོའི་ལམ་བཟང་གསོལ་སྩལ་མཛད་པའི་བཙན་འབྱོལ་བོད་མིའི་མང་གཙོའི་ལམ་ལུགས་ལ་ཆེ་བསྟོད་གནང་སྟེ་གྲོང་སྡེ་ལས་ཁང་གི་མདུན་དུ་བོད་ཀྱི་རྒྱལ་དར་བསྒྲེངས་ཏེ་བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༦༡ པ་སྲུང་བརྩི་ཞུས་འདུགདབྱིན་ཡུལ་གྱི་ Waltham Forest གྲོང་སྡེ་ལས་ཁང་གི་མདུན་དུ་གཞུང་འབྲེལ་ཐོག་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་གནང་བའི་ལས་རིམ་དེ་ནི་ཕྱི་ལོ་ ༢༠༡༨ ལོར་ Waltham Forest ས་གནས་སུ་གནས་སྡོད་བོད་མི་དང་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་ཁང་གཉིས་ཀྱིས་ས་གནས་ཀྱི་གྲོང་སྡེ་ལས་ཁང་ལ་ཡིག་ངག་གཉིས་ཐོག་ནས་བོད་མིའི་མང་གཙོའི་དུས་ཆེན་ཉིན་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་སྐྱོང་ཡོང་བའི་ཞུ་སྐུལ་ཞུས་པར་ངོས་བཞེས་གནང་ནས་ལོ་དེའི་བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༥༩ ཐོག་Waltham Forest གྲོང་སྡེ་ལས་ཁང་གི་མདུན་ངོས་སུ་དེ་བྱུང་གི་རང་བཞིན་ལྡན་པའི་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་ཆེས་ཐོག་མ་དེ་གནང་ཡོད་པ་རེད།ལས་རིམ་དེ་གཙོ་བོ་ Waltham Forest གྲོང་སྡེ་ལས་ཁང་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བོད་མིའི་མང་གཙོའི་ལམ་བཟང་གསོལ་སྩལ་མཛད་པའི་བཙན་འབྱོལ་བོད་མིའི་མང་གཙོའི་ལམ་སྲོལ་ལ་འདས་པའི་མི་ལོ་ ༦༠ ནང་གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་ཆེ་བསྟོད་གནང་ཕྱིར་ཡིན་པ་རེད།དུས་དེ་ནས་བཟུང་སྟེ་ད་བར་ Waltham Forest...

ཡོ་རོབ་རྒྱལ་ཁབ་ཀྱིས་གཞུང་འབྲེལ་ས་ཚིགས་ ༡༤༠༠  ནང་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས།

ཡོ་རོབ་རྒྱལ་ཁབ་བརྒྱད་ནང་གི་གྲོང་སྡེ་དང་རྫོང་ཀྱི་ལས་ཁུངས། དེ་བཞིན་གྲོས་ཚོགས་ཀྱི་ཚོགས་ཁང་དང་ཁུལ་དེའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ས་གནས་བཅས་ས་ཚིགས་ ༡༤༠༠ ལྷག་ནང་གཞུང་འབྲེལ་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་བསྒྲེངས་འཛུགས་གནང་སྟེ་འདི་ལོའི་བོད་མིིའི་གསུམ་བཅུའི་དུས་དྲན་ཐེངས་ ༦༢ ལ་གདུང་སེམས་མཉམ་བསྐྱེད་ཞུས་འདུགབོད་མིའི་གསུམ་བཅུའི་དུས་དྲན་ཉིན་སུད་སི་ནང་གི་མངའ་སྡེའི་ཇི་ནི་ཝ་དང་ཛུ་རིག་སོགས་ཀྱི་གྲོང་སྡེ་དང་རྫོང་གི་ལས་ཁུངས་དང་ཚོགས་ཁང།  དེ་བཞིན་ལོ་རྒྱུས་རང་བཞིན་པའི་གལ་ཆེའི་ས་ཚིགས་ཁྱོན་ ༣༧ ནང་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་དང་འཇར་མི་ནི་རྒྱལ་ཁབ་ནང་གི་གྲོང་སྡེ་རྫོང་ལས་ཁུངས་ཁྱོན་ ༤༣༠ ནང་བོད་རྒྱལ་དར་བསྒྲེངས་འཛུགས་གནང་འདུག་ཅིང། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ཀྱི་ཚོགས་ཁང་གཙོས་ཁུལ་དེའི་གྲོང་སྡེ་ལས་ཁུངས་དང་གཙུག་ལག་སློབ་ཆེན། དཔེ་མཛོད་ཁང་བཅས་ས་གནས་ ༩༠༠ ལྷག་ནང་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་གནང་བ་མ་ཟད། ཨོ་སི་ཀྲི་ཡ་དང་ས་ལོ་ཊཀ་ཡ། ཧན་གྷི་རི། དེ་བཞིན་ཨི་ཊ་ལི་གཞུང་འབྲེལ་ས་ཚིགས་ ༡༠ ལྷག་ནང་བོད་རྒྱལ་དར་བསྒྲེངས་འཛུགས་གནང་འདུགརླུང་འཕྲིན་ཁང་གིས་གོང་གསལ་རྒྱལ་ཁབ་དེ་དག་འབྲེལ་ཡོད་སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་ད་ལན་རྒྱལ་ཁབ་དེ་དག་ཏུ་གཞུང་འབྲེལ་ཐོག་བོད་རྒྱལ་ཁབ་ཀྱི་རྒྱལ་དར་བསྒྲེངས་འཛུགས་གནང་ཐུབ་པ་དེ་ནི་གཙོ་བོ་ས་གནས་དེ་དག་ནང་གི་བོད་རིགས་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་ཞུ་གཏུག་ལས་འགུལ་སྤེལ་ཁག་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པར་གསུངས་སོང་། ལྷག་པར་དུ་ཡོ་རོབ་རྒྱལ་ཁབ་ཁུལ་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་ལས་འགུལ་ཁྲོད་ད་ལན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ཁང་ཐོག་གྲོས་ཚོགས་ཀྱི་ཚོགས་གཞོན་མཆོག་གིས་དབུས་པའི་གྲོས་ཚོགས་འཐུས་མི་ཚོས་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་གནང་བ་འདི་ནི་བོད་དོན་འཐབ་རྩོད་ཀྱི་ལོ་རྒྱུས་ནང་ཆེས་ཐོག་མ་ཆགས་ཡོད་སྐོར་གསུངས་ཡོད།ཁོང་གིས་རྒྱལ་ཁབ་དེ་དག་གི་གྲོང་སྡེ་ལས་ཁུངས་དང་རྫོང་བཅས་ཁྱོན་ས་ཚིགས་ ༡༤༠༠ ལྷག་ནང་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་གནང་བ་འདིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་མཛད་འཕྲིན་རྒྱས་པ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་ཅེས་གསུངས་འདུག སྤྱིར་ཐེངས་འདིའི་བོད་མིའི་གསུམ་བཅུའི་དུས་དྲན་སྐབས་ཡོ་རོབ་རྒྱལ་ཁབ་དེ་དག་ཙམ་མིན་པར་ཕ་རན་སི་དང་དབྱིན་ཡུལ། དེ་བཞིན་སྦེལ་ཇམ་སོགས་ཀྱི་གཞུང་འབྲེལ་ལས་ཁུངས་ཁག་གི་ཐོག་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་གནང་སྟེ་བོད་མིའི་གསུམ་བཅུའི་དུས་དྲན་ལ་གདུང་སེམས་མཉམ་བསྐྱེད་ཞུས་ཡོད་པ་རེད།

Latest news

- Advertisement -spot_img