Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

རྒྱ་གཞུང་གིས་དམ་དྲག་ལ་ལྟོས་མེད་གཞིས་བྱེས་གཉིས་སུ་ནང་ཆོས་བསྐྱར་གསོ་ཐུབ་པ་དེ་ང་ཚའི་རྒྱལ་ཁ་ཆེ་ཤོས་ཤིག་རེད།

སྐབས་གཉིས་པའི་དགེ་བཤེས་མའི་ཁོངས་ནས་བཙུན་མ་དྲུག་ཐོན་འདུག

བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་སྐབས་གཉིས་པའི་དགེ་བཤེས་མ་ཐོན་མཁན་བཙུན་མ་དྲུག་ལ་དགེ་བཤེས་མ་ཐོན་རྗེས་ལམ་སེང་བསྟན་པའི་བྱ་བ་དེ་ཕྱིའི་རྒྱལ་ཁབ་ཁག་ཏུ་བསྒྲུབ་རྒྱུ་མིན་པར་སྔོན་ལ་བཙན་བྱོལ་དུ་དཀའ་ལས་རྒྱབ་ནས་བཙུགས་པའི་དགོན་ཁག་ནང་དེ་ལྟར་ཞབས་འདེགས་བསྒྲུབ་དགོས་གལ་ཡིན་པ་གསུངས་སོང། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་ཕྱི་ལོ་ ༢༠༡༢ ལོར་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་། བཙུན་དགོན་དྲུག། རྡ་ས་རིགས་ལམ་སློབ་གཉེར་ཁང་། བོད་ཀྱི་བཙུན་མའི་ལས་འཆར་བཅས་ཀྱི་སྐུ་ཚབ་ལྷན་འཛོམས་ཐོག་ཆེས་ཐོག་མའི་ལོ་རྒྱུས་རང་བཞིན་པའི་ལྡན་པའི་ཆོས་བརྒྱུད་རིས་མེད་ཀྱི་བོད་པའི་བཙུན་དགོན་ཁག་གི་བཙུན་མ་ཚོར་དགེ་བཤེས་མའི་ཕྱག་འཁྱེར་འབུལ་རྒྱུ་ལམ་སྲོལ་ཞིག་གཏན་འབེབས་གནང་བ་དང། ཕྱི་ལོ་ ༢༠༡༣ ལོར་སྐབས་དང་པོའི་དགེ་བཤེས་མའི་རྒྱུགས་སྤྲོད་དབུ་འཛུགས་གནང་ཡོད་པ་རེད། ཁ་སང་བཞུགས་སྒར་ཉེ་འདབས་སུ་རྟེན་གཞི་བྱས་པའི་བཙུན་དགོན་སྒྲོལ་མ་གླིང་དུ་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དབུ་བཞུགས་ཐོག་སྐབས་གཉིས་པའི་དགེ་བཤེས་མའི་བསླབ་པ་མཐར་སོན་གྱི་མཛད་སྒོ་ཚོགས་སོང་བ་དང་། སྐབས་དེར་དགེ་བཤེས་མའི་ཕྱག་འཁྱེར་བཞེས་མཁན་བཙུན་མ་དྲུག་འདུག ཆོས་རིག་བཀའ་བློན་མཆོག་གིས་བཙུན་མ་ཚོར་དུས་ཚོད་དང་གནས་སྟངས་སོགས་ཕྱོགས་གང་ཅིའི་ཐད་ནས་རང་དབང་ཡང་ཆེ་རུ་སོང་སྟབས་དགེ་བཤེས་མ་ཐོན་རྗེས་དེ་སྔ་ལྟར་རང་ཉིད་ཀྱི་སྒྲིག་འཛུགས་ཤིག་གི་ནང་བསྡད་དགོས་ཀྱི་མེད་པ་རེད། དཔེ་ཆ་དང་ཐག་རིང་དུ་མ་ཕྱིན་པར་སློབ་གཉེར་གནང་མ་ཐུབ་པའི་ཕྱག་དཔེ་ཁག་དང་། ལྷག་དོན་གཞུང་ཆེན་མོ་དག་ལ་གཏིང་ཟབ་པོས་སློབ་གཉེར་མུ་མཐུད་གནང་དགོས་གལ་ཡིན་པ་གསུངས་སོང་བ་དང་ཆབས་ཅིག དགེ་བཤེས་མ་ཐོན་རྗེས་ལམ་སེང་བསྟན་པའི་བྱ་བ་དེ་ཕྱིའི་རྒྱལ་ཁབ་ཁག་ཏུ་བསྒྲུབ་རྒྱུ་མིན་པར་སྔོན་ལ་བཙན་བྱོལ་དུ་དཀའ་ལས་རྒྱབ་ནས་བཙུགས་པའི་དགོན་ཁག་ནང་དེ་ལྟར་ཞབས་འདེགས་བསྒྲུབ་དགོས་གལ་ཡིན་པ་བཀའ་ནན་གསུངས་ཡོད་པ་རེད། རྩ་བའི་དགེ་བཤེས་མའི་རྒྱུགས་སྤྲོད་ནང་འཛུལ་ཞུགས་གནང་མཁན་བཙུན་མ་རྣམས་ནི། དངོས་གཞིའི་དགེ་བཤེས་མའི་རྒྱུགས་སྤྲོད་ནང་མ་ཞུགས་གོང་ཐོག་མའི་འཆར་བཙུན་དགོན་སོ་སོའི་ནང་གཞུང་ཆེན་བཀའ་པོད་ལྔའི་ཐོག་ལོ་ངོ་ ༡༧ རིང་སློབ་གཉེར་གནང་སྟེ་རྒྱུགས་སྤྲོད་ཐོག་གཞུང་ཆེན་ཁག་ལ་བརྒྱ་ཆ་ ༧༥ལོན་དགོས་ཀྱི་ཡོད་པ་དང། དེ་ནས་དགེ་བཤེས་མའི་རྒྱུགས་སྤྲོད་ཆེན་མོ་ལོ་བཞིའི་རིང་ཕར་ཕྱིན་དང་དབུ་མ། འདུ་བ་དང་མཛོད། གཞན་ཡང་རྩོམ་རྒྱུགས་དང་རྒྱལ་རབས་ཆོས་འབྱུང་། ཚན་རིག་སོགས་ཀྱི་ཐོག་བྲིས་རྒྱུགས་དང་རྩོད་རྒྱུགས་བཅས་གནང་དགོས་ཀྱི་ཡོད་པ་རེད། སྐབས་དང་པའི་ཁོངས་སུ་དགེ་བཤེས་མའི་ཕྱག་འཁྱེར་བཞེས་མཁན་བཙུན་མ་ ༢༠ བྱུང་ཡོད་པ་དང་ད་ལན་སྐབས་གཉིས་པར་བཙུན་མ་དྲུག་བྱུང་ཡོད་པ་རེད། རླུང་འཕྲིན་ཁང་ནས་འདི་ལོ་དགེ་བཤེས་མ་སྐབས་གཉིས་པའི་ནང་ཨང་དང་པོ་བཙུན་དགོན་སྒྲོལ་མ་གླིང་གི་བཙུན་མ་བདེ་ལེགས་དབང་མོ་ལགས་དང།...

རྒྱ་གཞུང་གིས་དམ་དྲག་ལ་ལྟོས་མེད་གཞིས་བྱེས་གཉིས་སུ་ནང་ཆོས་བསྐྱར་གསོ་ཐུབ་པ་དེ་ང་ཚའི་རྒྱལ་ཁ་ཆེ་ཤོས་ཤིག་རེད།

དེ་རིང་ཟླ་ ༡༠ ཚེས་ ༢ ཉིན་སྔ་དྲོ་རྡ་ས་བཙུན་དགོན་སྒྲོལ་མ་གླིང་རིགས་ལམ་སློབ་གཉེར་ཁང་དུ་བོད་ཀྱི་བཙུན་མའི་ལས་འཆར་དབུ་བརྙེས་ནས་ལོ་ངོ་ ༣༠ འཁོར་བར་དུས་དྲན་མཛད་སྒོ་ཚོགས་ཡོད་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་བདེ་སྲུང་བཀའ་བློན་མཆོག ཤེས་རིག་བཀའ་བློན་མཆོག དམིགས་བསལ་སྐུ་མགྲོན་དུ་ཐོན་དང་པོའི་དགེ་བཤེས་མ་དང་སློབ་དཔོན་མ། སྤྱི་འཐུས་རྒྱུན་ལས་ཁག་ཅིག རོགས་ཚོགས་ཁག་དང་བཙུན་དགོན་ཁག་བརྒྱད་ནས་ཆེད་བཅར་ཞུས་པའི་བཙུན་མ་དང་དགེ་བཤེས་བཅས་ཁྱོན་མི་གྲངས་ ༥༠༠ ཙམ་ལྷན་ཞུགས་གནང་འདུག བོད་ཀྱི་བཙུན་མའི་ལས་འཆར་གྱི་ངེས་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས་ཀྱིས་བཙུན་མའི་ལས་འཆར་འདི་ཐོག་མ་བོད་ཀྱི་བེུད་ལྷན་ཚོགས་བརྒྱུད་ནས་བྱུང་བ་དང་དེར་བོད་མིའི་སྒྲིག་འཛུགས་བཀའ་ཤག་དང་ཆོས་རིག་ལྷན་ཁང་ནས་དམིགས་བསལ་མཐུན་འགྱུར་དང་ལམ་སྟོན་གནང་ཡོད་པ་མ་ཟད། སྐབས་དེའི་བེུད་ཚོགས་པའི་ལས་བྱེད་རྣམས་ནས་ཀྱང་རིས་སུ་མ་ཆད་པའི་བཙུན་མ་དེ་དག་གི་འཚོ་བའི་གནས་བབས་དང་སློབ་གཉེར་སོགས་ཀྱི་ཐད་ལ་ཐུགས་འཁུར་ཆེས་བཞེས་ཀྱིས་ཕྱགས་རོགས་ཞུས་ཡོད་སྐོར་ངོ་སྤྲོད་དང་འབྲེལ། ད་བར་བོད་ཀྱི་བཙུན་མའི་ལས་འཆར་འདིར་ཁ་ཞེ་གཉིས་མེད་ཐོག་ནས་རྒྱབ་སྐྱོར་དང་ཕྱགས་རོགས་ཞུ་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་སོང་བ་དང་། ལྷག་དོན་བཙུན་མ་ཚོས་རང་ཉིད་ལ་ཐོབ་པའི་སྐལ་བཟང་གི་གོ་སྐབས་དང་སློབ་སྦྱོང་གི་ནུས་སྟོབས་གཉིས་པོ་ཆུད་ཟོས་སུ་གཏང་རྒྱུ་མེད་པར་འབོད་སྐུལ་ཞུས་སོང་། སྐབས་དེར་མཛད་སྒོའི་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་ཀྱི་བཙུན་མའི་ལས་འཆར་དེའི་འོག་བཙུན་དགོན་ཁག་བདུན་གྱི་བཙུན་མ་གྲངས་ ༧༥༠ ལྷག་ལ་ཕྱག་རོགས་ཞུ་མུས་ཡིན་པར་བསྔགས་བརྗོད་གནང་པ་དང་འབྲེལ།  སྤྱིར་བོད་ནང་ལ་ཆ་མཚོན་ན་བོད་མི་རྣམས་མུ་མཐུད་རྒྱ་གཞུང་གིས་མཁྲེགས་འཛིན་སྲིད་བྱུས་འོག་དཀའ་སྡུག་ཚད་མེད་མྱོང་བཞིན་ཡོད་པ་མ་ཟད། རྒྱ་གཞུང་གིས་བོད་རིགས་རྒྱ་རིགས་བསྒྱུར་ཐབས་ཆེད་བོད་བརྒྱུད་ནང་བསྟན་གྱི་དགོན་པ་ཆེ་ཁག་གཏོར་བཤིག་དང་གྲྭ་བཙུན་རྣམས་ཕྱིར་འབུད་བཏང་ནས་ནང་ཆོས་རྩ་བརླག་གཏང་རྒྱུར་འབད་བརྩོན་ཤུགས་ཆེ་བྱེད་མུན་ཡིན་ཀྱང་གཞིས་བཞུགས་བོད་མི་གཙོས་བྱེས་བཞུགས་བོད་མི་རྣམས་ནས་ཕྱར་གྲུ་མཉམ་འདེགས་ཀྱིས་ད་ཆ་ནང་ཆོས་སླར་གསོ་ཐུབ་པ་དེ་བོད་མིར་གྲུབ་འབྲས་དང་རྒྱལ་ཁ་ཆེ་ཤོས་ཐོབ་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་ཅེས་གསུངས་སོང་། སྲིད་སྐྱོང་མཆོག་ནས་ད་དུང་དགེ་བཤེས་མ་ཐོན་མཁན་རྣམས་ནས་རིམ་བཞིན་བཙུན་དགོན་ཁག་གི་དགེ་རྒན་དང་སློབ་སྤྱི་སོགས་གནང་ཐུབ་ཚེ་ད་ལྟའི་བཀའ་ཤག་གི་ལྟ་གྲུབ་གསུམ་པོ་དེ་དག་མཐིལ་ཕྱིན་པ་ལག་བསྟར་བྱུང་བ་ཞིག་ལ་ངོས་འཛིན་ཐོག་དགའ་ཚོར་ཆེན་པོ་ཡོང་བ་འདུག་ཅེས་གསུངས་སོང་། རྩ་བའི་བོད་ཀྱི་བཙུན་མའི་ལས་འཆར་འདི་ཕྱི་ལོ་ ༡༩༩༥ ལོར་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་ཐུགས་འགན་གཙོ་བཞེས་འོག་ཆེད་འཛུགས་གནང་པ་ཞིག་ཡིན་པ་དང་ད་ལྟའི་ཆར་ལས་འཆར་དེའི་ཁྲོད་དགའ་ལྡན་ཆོས་གླིང་དང་།...

Latest news

- Advertisement -spot_img