མདུན་ངོས།
ངོ་སྤྲོད།
༸གོང་ས་མཆོག
བོད།
བཙན་བྱོལ།
རྒྱ་ནག
རྒྱལ་སྤྱི།
རྒྱང་སྲིང་འོད་ཚད།
སྒྲ་མཛོད།
བརྙན་མཛོད།
འབྲེལ་ལམ།
Search
VOICE OF TIBET
ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་།
Pulses PRO
Tibetan Royal Year of 2153 | Year of the Fire Horse
中文
Facebook
RSS
Soundcloud
X
Youtube
ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་།
Voice Of Tibet
text
འཚོལ་བཤེར།
མདུན་ངོས།
ངོ་སྤྲོད།
༸གོང་ས་མཆོག
བོད།
བཙན་བྱོལ།
རྒྱ་ནག
རྒྱལ་སྤྱི།
རྒྱང་སྲིང་འོད་ཚད།
སྒྲ་མཛོད།
བརྙན་མཛོད།
འབྲེལ་ལམ།
མདུན་ངོས།
ངོ་སྤྲོད།
༸གོང་ས་མཆོག
བོད།
བཙན་བྱོལ།
རྒྱ་ནག
རྒྱལ་སྤྱི།
རྒྱང་སྲིང་འོད་ཚད།
སྒྲ་མཛོད།
བརྙན་མཛོད།
འབྲེལ་ལམ།
འཚོལ་བཤེར།
- Advertisement -
TAG
རྒྱ་གཞུང་གིས་བོད་ནང་ལ་དྲག་པོའི་དམག་སྦྱོང་།
གསར་འགྱུར།
རྒྱ་གཞུང་གིས་བོད་ནང་ལ་དྲག་པོའི་དམག་སྦྱོང་།
Voice of Tibet
-
09/03/2022
བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༣ པའི་སྔ་སྣུར་དུ་རྒྱ་ནག་གཞུང་གིས་བོད་གཞིས་ཀ་རྩེར་ཆེད་འཛུགས་བྱས་པའི་རྒྱ་ནག་གི་དམག་དཔུང་སྡེ་ཚན་གྱིས་ཁུལ་དེར་འཐབ་འཛིང་རང་བཞིན་ལྡན་པའི་དྲག་པོའི་དམག་སྦྱོང་སྤྲད་འདུག་པ་མ་ཟད་མ་འོངས་པར་རིམ་བཞིན་ས་ཁུལ་དེར་དམག་སྦྱོང་གཞན་ཁག་ཅིག་སྤྲད་འཆར་ཡོད་སྐོར་བཤད་འདུགཁ་སང་ཕྱི་ཚེས་ ༨ ཉིན་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་བོད་གཞིས་ཀ་རྩེ་ཁུལ་དུ་ཡོད་པའི་རྒྱ་ནག་གི་དམག་དཔུང་སྡེ་ཚན་གྱི་འགོ་ཁྲིད་ཚོས་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་བསླེབ་ལ་ཉེ་བའི་དུས་སྐབས་འདིར་ཁུལ་དེའི་དམག་མི་ཁག་སྡེ་ཚན་འཆར་འགོད་ཀྱིས་མེ་སྒྱོགས་དང་མཚོན་ཆའི་རིགས་སྤྱོད་ནས་འཐབ་འཛིང་རང་བཞིན་ལྡན་པའི་དྲག་པོའི་དམག་སྦྱོང་སྤྲད་ཡོད་པ་བཀོད་འདུག རྒྱ་ནག་གི་བོད་ནང་ལ་དྲག་པོའི་དམག་སྦྱོང་བྱས་པ་དེས་ལོ་ངོ་དྲུག་ཅུ་ལྷག་གི་རིང་རྒྱ་ནག་གི་བཙན་འཛུལ་འོག་ཡོད་བཞིན་པའི་བོད་ཀྱི་བདེ་འཇགས་དང་ཐུན་མོང་མ་ཡིན་པའི་རིག་གཞུང་རྒྱུན་གནས་ཐུབ་རྒྱུར་ཉེན་ཁ་དང་འཇིགས་སྐུལ་བྱས་པ་མ་ཟད། ས་ཁུལ་དེ་དག་དང་ས་ཐག་ཉེ་བའི་རྒྱ་གར་གཙོས་རྒྱལ་སྤྱིའི་རང་དབང་ཅན་གྱི་རྒྱལ་ཁབ་ཁག་ལའང་དེ་མཚུངས་ཀྱིས་འཇིགས་སྐུལ་དང་ཉེན་ཁ་ཡོད་པ་ཞིག་ཆགས་ཡོད་ཅེས་གསུངས་འདུག ད་ལྟའི་ཡུཀ་རེན་ནང་གི་གནས་སྟངས་དེས་རྒྱལ་སྤྱིའི་ཐོག་མི་གཅིག་དབང་འཛིན་རིང་ལུགས་ཀྱི་སྲིད་གཞུང་ཞིག་གིས་ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཆུང་ཆུང་ཞིག་ལ་བཙན་འཛུལ་བྱེད་བཞིན་པའི་སྐབས་ཀྱི་གནས་སྟངས་གང་འདྲ་ཆགས་ཡོད་པ་ལས་གསལ་པོ་རྟོགས་ཐུབ་ཀྱི་ཡོད་སྐོར་འགྲེལ་བརྗོད་དང་སྦྲགས། བོད་རྒྱལ་ཁབ་འདི་ནི་དེ་སྔ་རྒྱ་ནག་གཞུང་གིས་དྲག་པོའི་བཙན་འཛུལ་བྱས་པ་ཞིག་ཡིན་སྟབས། རྒྱལ་སྤྱིའི་སྤྱི་ཚོགས་ཁྱོན་ཡོངས་ནས་རྒྱ་ནག་བཙན་རྒྱལ་རིང་ལུགས་ཀྱིས་བོད་ཀྱི་མཐའ་མཚམས་ལས་རྒལ་ནས་རྒྱལ་ཁབ་གཞན་ལ་བཙན་དབང་གིས་བྱ་སྤྱོད་སྤེལ་སྐོར་མ་བཤད་གོང་ལ་བོད་ཀྱི་གནད་དོན་ཐོག་ཡར་ལན་གནང་གལ་ཡིན་སྐོར་གསུངས་འདུགརྒྱ་ནག་གཞུང་གིས་རྒྱུན་ལྡན་ནས་བོད་ཀྱི་ས་ཁུལ་གང་སར་དམག་སྦྱོང་དང་དམ་དྲག་རིགས་བྱེད་བཞིན་པའི་གནས་ཚུལ་མང་དག་ཅིག་ཐོན་གྱི་ཡོད་ཀྱང་ལོ་ལྟར་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་བསླེབ་ལ་ཉེ་བའི་མཚམས་སུ་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཁུལ་དང་བོད་ཀྱི་ས་གནས་གཞན་དུ་མར་དམིགས་བསལ་གྱིས་དམ་དྲག་བྱེད་ཀྱི་ཡོད་པ་རེད། རྒྱ་གཞུང་གིས་བོད་གཞིས་རྩེ་ཁུལ་དུ་དམག་སྦྱོང་བྱས་དང་པ་འབྲེལ་མས་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཁག་ཏུ་ཐེངས་འདིའི་དམག་སྦྱོང་བྱས་པ་དེ་ནི་དམིགས་བསལ་གང་ཡང་མིན་པར་རྒྱུན་ལྡན་གྱི་དམག་སྦྱོང་ཞིག་ཡིན་པར་འབྲེལ་བརྗོད་བྱས་འདུག་པ་མ་ཟད། སླད་མར་དམག་མི་ཚོར་གནས་ཚུལ་མཁོ་སྒྲུབ་དང་། ས་བབ་ཆགས་ཚུལ། དེ་བཞིན་དམག་གི་སྡེ་ཚན་ཡར་རྒྱས་གཏོང་ཐབས་སོགས་དམག་དོན་དང་འབྲེལ་བའི་སྦྱོང་བརྡར་ཁག་ཅིག་བྱ་འཆར་ཡོད་པ་བཀོད་འདུག རླུང་འཕྲིན་ཁང་གིས་བོད་ཀྱི་སྲིད་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་འབུམ་རམས་པ་ཚེ་དབང་རྡོ་རྗེ་ལགས་སུ་དེ་འབྲེལ་བཀའ་འདྲི་ཞུས་པར་ཁོང་གིས་རྒྱ་ནག་གཞུང་གིས་བོད་ནང་དུ་དམག་སྦྱོང་སྤྲོད་བཞིན་པ་དེ་ནི་ཆབ་སྲིད་ཀྱི་ཆ་ནས་བོད་མི་རྣམས་ལ་འཇིགས་སྐུལ་དང་། གཞིས་ཀ་རྩེ་ནི་རྒྱ་གར་གཙོ་གྱུར་ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་ས་མཚམས་ཉེ་པོ་ཡིན་སྟབས་ཐབས་བྱུས་ཀྱི་ཆ་ནས་ཀྱང་གནད་འགག་ཞིག་ཆགས་ཀྱི་ཡོད་པར་གསུངས་སོང་།
Latest news
Sunday 08/11/2026
08/11/2026
Saturday 07/11/2026
07/11/2026
Friday 06/11/2026
06/11/2026
སྲིད་སྐྱོང་མཆོག་གིས་ IPAC ལོ་འཁོར་ལྷན་ཚོགས་ཐེངས་ ༦ པའི་ཐོག་མཉམ་ཞུགས།
06/11/2026
འབྲོག་པའི་རྩྭ་སའི་སྟེང་དུ་ཉི་གློག་གི་འཛུགས་སྐྲུན་བྱས་རྐྱེན་སྲོལ་རྒྱུན་འབྲོག་པའི་རྩྭ་ས་དང་འཚོ་གནས་ལ་ཉེན་ཁ་བཟོ་གི་ཡོད་པའི་ཉེན་བརྡ།
06/11/2026
- Advertisement -