Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

རྒྱ་གཞུང་གིས་མིའི་ཁྲག་རོའི་སྟེང་ལ་དགའ་དགའ་སྤྲོ་སྤྲོ་བྱས་ན་འགྲིག་གི་ཡོད་དམ་ཞེས་གསུངས་པ།

རྒྱ་གཞུང་གིས་མིའི་ཁྲག་རོའི་སྟེང་ལ་དགའ་སྤྲོ་བྱས་ན་འགྲིག་གམ་ཞེས་གསུངས་པ།

བོད་ཀྱི་བེུད་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་གིས་དམར་ཤོག་ཚོགས་པ་གསར་འཛུགས་བྱས་ཏེ་ལོ་ངོ་ ༡༠༠ འཁོར་བའི་རྗེས་དྲན་སྲུང་བརྩི་དང་བོད་བཙན་བཟུང་བྱས་ཏེ་ལོ་ངོ་ ༧༠ འཁོར་བ་བཅས་སུ་སྲིད་འཛིན་ཞི་ཅིན་ཕིང་གློ་བུར་དུ་བོད་ལ་བསྐྱོད་པ་བཅས་རྒྱ་གཞུང་གིས་མིའི་ཁྲག་རོའི་སྟེང་ལ་དགའ་དགའ་སྤྲོ་སྤྲོ་བྱས་ན་འགྲིག་གི་ཡོད་དམ་ཞེས་གསུངས་སོང་། རེས་གཟའ་པ་སངས་ཉིན་བཞུགས་སྒར་དྷརྨ་ས་ལར་རྟེན་གཞི་བྱས་པའི་དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་གཙོས་དབུས་པའི་རྒྱུན་ལས་ཁག་ཅིག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆེད་ཕེབས་གནང་སྟེ་ཁུལ་འདིར་ཡོད་པའི་སྟོབས་ཆེན་རྒྱལ་ཁབ་ཁག་ལྔ་གཙོས་མཉམ་འབྲེལ་རྒྱལ་ཚོགས་བཅས་ཀྱི་ལས་ཁུངས་སུ་ཆེད་བཅར་ཞུས་ཡོད་པ་དང་། རྒྱུན་ལས་རྣམ་པས་རྒྱལ་ཁབ་དེ་དག་གི་གཞུང་ཚབ་ཁང་སོ་སོར་ཞུ་སྙན་ཞིག་འབུལ་ལམ་ཞུས་ཡོད་པ་རེད།ཞུ་སྙན་དེའི་ནང་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་པ་མ་ཟད་བོད་མིའི་ཆོས་དད་རང་དབང་དང་བོད་ཀྱི་རང་བྱུང་ཁོར་ཡུག་གང་བྱུང་དུ་བཀོལ་སྤྱོད་བྱས་པ། ལྷག་པར་དུ་དེང་སྐབས་བོད་ཀྱི་འབྲོག་པའི་རྒྱུན་སྲོལ་འཚོ་བ་མེད་པ་བཟོ་ཐབས་བྱེད་ཀྱི་ཡོད་པ་སོགས་ཀྱི་རྒྱབ་ལྗོངས་གནས་ཚུལ་ཁག་ཅིག་ཆེད་བཀོད་ཀྱིས་བོད་ཀྱི་བདེན་པའི་འཐབ་རྩོད་སེལ་ཐབས་སུ་དགོས་འདུན་དོན་ཚན་ལྔ་ཅན་ཞིག་མངོན་གསལ་གནང་ཡོད་པ་རེད།ཚོགས་གཙོ་བསྟན་འཛིན་སྒྲོལ་མ་ལགས་ཀྱིས་རྒྱ་ནག་གཞུང་གིས་དམར་ཤོག་ཚོགས་པ་གསར་འཛུགས་བྱས་ཏེ་ལོ་ངོ་ ༡༠༠ འཁོར་བ་དང་བོད་ཞི་བས་བཅིངས་གྲོལ་ཟེར་བ་བཏང་ནས་ལོ་ ༧༠ འཁོར་བ་བཅས་ཀྱི་རྗེས་དྲན་སྲུང་བརྩི་ཆེད་དུ་བོད་མི་དང་ཡུ་གུར་གཙོས་མི་རིགས་གཞན་ཚོའི་ཁྲག་རོའི་སྟེང་ལ་དགའ་དགའ་སྤྲོ་སྤྲོ་བྱས་ན་འགྲིག་གི་ཡོད་དམ་ཞེས་གསུངས་སོང་། བེུད་ལྷན་ཚོགས་ཀྱི་ངོས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དབུས་པའི་རྒྱལ་ས་ལྡི་ལིར་ཡོད་པའི་སྟོབས་ཆེན་རྒྱལ་ཁབ་ཀྱི་གཞུང་ཚབ་སོ་སོར་ཕུལ་བའི་ཞུ་སྙན་གྱི་དགོས་འདུན་ནང་དུ་སྟོབས་ཆེན་རྒྱལ་ཁབ་ཚོས་ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚོགས་གཏན་འཁེལ་བའི་དགུན་དུས་ཨོ་ལམ་པིཀ་རྩེད་འགྲན་དེ་ཕྱིར་འཐེན་ཡོང་ཐབས་གནང་དགོས་པ། རྒྱ་ནག་གིས་དབང་ཆ་ལོག་སྤྱོད་བྱས་ནས་བོད་དང་ཧོང་ཀོང་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པར་བར་འདུམ་ཡོང་ཐབས། གར་སོང་ཆ་མེད་དུ་གྱུར་བའི་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནད་དོན་དེ་ཕྱི་གསལ་ནང་གསལ་ཡོང་ཐབས། འཛམ་གླིང་གི་སྣེ་མོ་གསུམ་པར་གྲགས་པའི་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ། རྒྱ་ནག་གཞུང་ལ་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ཡང་ན་དབུས་བོད་མིའི་སྒྲིག་འཛུགས་དང་ལྷན་དུ་ཞི་མོལ་ཡོང་ཐབས་བཅས་གནང་དགོས་པའི་འབོད་སྐུལ་ཞུས་འདུགཁ་སང་ཕྱི་དྲོ་ད་དུང་དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་རྒྱུན་ལས་ཁག་ཅིག་རྒྱལ་ས་ལྡི་ལིར་ཆེད་ཕེབས་གནང་ཡོད་པ་དང་བསྟུན་ལྡི་ལི་ས་གནས་ཀྱི་བེུད་ལྷན་ཚོགས་དང་མཉམ་དུ་བོད་སྒར་བསམ་ཡས་གླིང་དུ་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་ཞིག་ཀྱང་གོ་སྒྲིག་གནང་ཡོད་པ་ལྟར་སྐབས་དེར་དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་གཙོས་ས་གནས་ཀྱི་མང་ཚོགས་ལ་ལས་འགུལ་དེའི་དགོས་དམིགས་གང་ཡིན་སོགས་དང་འབྲེལ་བའི་གསུང་བཤད་གནང་ཡོད།

Latest news

- Advertisement -spot_img