Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

རྒྱ་གཞུང་ནས་རྒྱལ་ཚོགས་ཀྱིས་བོད་ཐོག་སྟོན་པའི་དགོངས་འཆར་ཁག་ལ་ངོས་ལེན་བྱས་མིན་འདུག

རྒྱ་གཞུང་ནས་རྒྱལ་ཚོགས་ཀྱིས་བོད་ཐོག་བཏོན་པའི་དགོངས་འཆར་ཁག་ལ་ངོས་ལེན་བྱས་མི་འདུག

རྒྱ་གཞུང་ནས་རྒྱལ་ཚོགས་ཀྱི་ཚོགས་མི་ཁག་གིས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐོག་བཏོན་པའི་དགོངས་འཆར་ཁག་ལ་ངོས་ལེན་བྱས་མི་འདུག དེ་སྔོན་རྒྱལ་ཚོགས་ནང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་དུས་བཀག་བསྐྱར་ཞིབ་ཐེངས་ ༣ ཐོག་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབས་དང་འབྲེལ་བའི་དགོངས་འཆར་ཁྱོན་ ༣༤༦ སྟོན་ཡོད་པ་དང། སྐབས་དེར་སུད་སི་དང་ཨོ་སི་ཊོ་ལི་ཡ། ཁེ་ན་ཌ། ཌེན་མག ཨ་རི།  ཕ་རན་སི། འཇར་མ་ནི། སུ་ཝེ་ཌན། ཉི་ཧོང། ཨོ་སི་ཊི་ཡ། དབྱིན་ཡུལ། ནིའུ་ཛར་ལན་ཌི། དེ་བཞིན་བྷེལ་ཇམ་བཅས་རྒྱལ་ཁབ་ཁག་ ༡༣ གྱིས་ཡིག་ངག་གཉིས་ཐོག་ནས་བོད་ནང་གི་བོད་མིའི་ཆོས་དད་རང་དབང་དང་། སྨྲ་བརྗོད་རང་དབང་། འདུ་འཛོམས་རང་དབང་ལ་རྒྱ་གཞུང་ནས་གུས་བརྩི་ཞུ་དགོས་པ་དང་། བོད་དུ་ཕྱིའི་གསར་འགོད་པ་དང་། རྒྱལ་ཚོགས་དང་ཕྱིའི་གཞུང་འབྲེལ་མི་སྣ་སོགས་རང་དབང་ཐོག་འགྲོ་སྐྱོད་གནང་བཅུག་དགོས་པ་མ་ཟད་བོད་རྒྱལ་འབྲེལ་མོལ་བསྐྱར་གསོ་དགོས་པའི་དགོངས་འཆར་ཕུལ་ཡོད་པ་རེད། རྒྱལ་ཚོགས་ཀྱི་འགྲོ་ལུགས་ལྟར་སྔ་ལོའི་ཕྱི་ཟླ་ ༡༡...

Latest news

- Advertisement -spot_img