Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བར་འགན་ཁུར་དགོས་པ་བཟོ་རྒྱུ་ཡིན།

རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གནང་རྒྱུའི་གོ་སྐབས་ཆུད་ཟོས་བཏང་བར་སྐྱོན་བརྗོད།

རྒྱལ་སྤྱིའི་ཨོ་ལམ་སྤིག་རྩེད་འགྲན་ལྷན་ཚོགས་ཀྱིས་འཚོགས་ལ་ཉེ་བའི་ཕྱི་ལོ་ ༢༠༢༢ ལོའི་པེ་ཅིང་དགུན་དུས་ཨོ་རྩེད་འགྲན་ཚོགས་ཐད་ཀྱི་འཁུར་བརྩོན་དམ་བཅའ་ཁས་ལེན་བྱེད་མ་ཐུབ་པ་དེ་ནི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཡར་རྒྱས་གཏང་རྒྱུའི་གོ་སྐབས་ཤོར་བ་ལྟ་བུ་རེད་ཅེས་སྐྱོན་བརྗོད་གནང་འདུགཁ་སང་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བར་ཚོགས་པ་དེའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ལྕམ་ Sophie Richardson ལགས་ཀྱིས་རྒྱལ་སྤྱིའི་ཨོ་རྩེད་འགྲན་ཚོགས་ཀྱི་ངོས་ནས་རྒྱ་གཞུང་གིས་ཡུ་གུར་གཙོས་ཁ་ཆེ་གྲངས་ཉུང་མི་རིགས་རྣམས་གང་བྱུང་དོ་དམ་བཀག་སྐྱིལ་བྱས་ཏེ་ཁོང་རྣམས་ཀྱི་ཐོག་ལྟ་སྲུང་ནན་པོ་བྱེད་བཞིན་པའི་བརྒྱུད་དེ་འབྲེལ་ཞི་བའི་དགོངས་ཚུལ་རྣམས་བཙན་དབང་གིས་གསང་རྒྱ་བྱེད་ཁག་ཤེས་རྟོགས་ཡོད་པར་འགྲེལ་བརྗོད་དང་སྦྲགས། Olympic རྩེད་འགྲན་ལྷན་ཚོགས་དེས་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་ལ་ཡོངས་གྲགས་ཀྱིས་གདོང་ལེན་གནང་མ་ཐུབ་པ་ནི་ལྷན་ཚོགས་དེས་དེ་སྔ་ཁས་ལེན་གནང་ཁག་ལ་རང་ཉིད་ཀྱིས་རང་ཉིད་ལ་འཕྱ་སྨོད་གནང་བ་ལྟ་བུ་མཚོན་གྱི་ཡོད་སྐོར་གསུངས་པ་དང་ཆབས་ཅིག དེ་འབྲེལ་རྩེད་འགྲན་ལྷན་ཚོགས་ཀྱིས་ཨོ་རྩེད་འགྲན་ཚོགས་དེ་བཟང་ཕྱོགས་ཀྱི་འགྱུར་ལྡོག་སྐྲུན་མཁན་ཞིག་ཡིན་པའི་རེ་བ་སྟོང་ཟད་གཏོང་བཞིན་ཡོད་པར་བརྗོད་འདུགདེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱལ་སྤྱིའི་ལས་འགུལ་འགན་འཛིན་ལྕམ་ Minky Worden  ལགས་ཀྱིས་ཨོ་རྩེད་ལྷན་ཚོགས་ཀྱིས་རྒྱ་ནག་ཏུ་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་རྒྱུར་ཁས་ལེན་དམ་བཅའ་བྱེད་ཡོད་མེད་ལ་མ་ལྟོས་པར་དེ་ལྟར་ཡོང་བར་རྒྱ་གཞུང་ལ་གནོན་ཤུགས་སྤྲད་ཡོད་པའི་དཔང་རྟགས་གང་ཡང་མེད་པར་སྐྱོན་བརྗོད་གནང་བ་མ་ཟད། རྩེད་འགྲན་ལྷན་ཚོགས་དེས་རང་ཉིད་ཀྱི་ཁེ་ཕན་དང་སྟབས་བདེ་ཁོ་ནར་དམིགས་ཏེ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་གྱི་མཚོན་དཔེ་ལེགས་པོ་གནང་ཐུབ་མེད་པར་ནན་བརྗོད་གནང་འདུགརྩ་བའི་རྒྱ་ནག་གཞུང་གི་ངོས་ནས་ ༢༠༠༨ ལོའི་ Olympic རྩེད་འགྲན་གྱི་མགྲོན་འབོད་རྩོད་སྐབས་རྒྱལ་ཁབ་དེའི་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་རྒྱུ་དང་འབྲེལ་ཁས་ལེན་དམ་བཅའ་སྣ་མང་བྱས་ཡོད་ཀྱང་ ༢༠༠༨ ལོའི་ཨོ་རྩེད་འགྲན་ཚོགས་སྐབས་རྒྱ་གཞུང་གིས་མུ་མཐུད་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གྱིས་ཡུལ་དེའི་ནང་གི་གསར་འགྱུར་བརྒྱུད་ལམ་དང་དྲྭ་རྒྱ་སོགས་ལ་ཆེས་སྟངས་འཛིན་གྱིས་གསར་འགོད་པ་སོགས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་རེད།ཕྱི་ལོ་ ༢༠༡༥ ལོར་རྒྱལ་སྤྱིའི་ཨོ་ལམ་སྤིག་རྩེད་འགྲན་ལྷན་ཚོགས་ཀྱིས་དཔྱད་ཞིབ་གནང་བའི་སྙན་ཐོར་གཞིགས་ན། ཨོ་རྩེད་ལྷན་ཚོགས་ལ་རྒྱ་ནག་གཞུང་ཕྱོགས་ནས་འཆར་ལོའི་དགུན་དུས་ Olympic དེ་པེ་ཅིང་ནང་འཚོགས་པར་ཁུལ་དེའི་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་འགྲོ་བར་ཁས་ལེན་བྱས་ཡོད་པའི་ཡི་གེ་ཞིག་འབྱོར་བ་ཙམ་ལས་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་པེ་ཅིང་ནང་ཕྱི་ལོ་ ༢༠༢༢...

རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བར་འགན་ཁུར་དགོས་པ་བཟོ་རྒྱུ་ཡིན།

ཨོ་སི་ཊོ་ལི་ཡའི་ཕྱི་སྲིད་བློན་ཆེན་ལྕམ་སྐུ་ Marise Payne མཆོག་གིས་ཀེན་བྷི་ར་ནས་རྒྱ་ནག་གིས་ཁུལ་དེའི་མངའ་ཁོངས་སུ་ཡོད་པའི་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བར་འགན་ཁུར་བ་ཞིག་བཟོ་རྒྱུ་ཡིན་པ་དང་སྦྲགས་ཏེ་ཨོ་གླིང་ནས་འགྲོ་བ་མིའི་ཐོབ་ཐང་ལ་ཚོར་བ་རྣོ་བའི་གནད་དོན་དག་མ་གླེང་ནས་ཁུ་སིམ་པོར་བཞུགས་རྒྱུ་ནི་ཨོ་གླིང་རྒྱལ་ཁབ་ཀྱི་བཞེངས་ཕྱོགས་མིན་པ་གསུངས་འདུག  དེ་རིང་ Reuters གསར་ཁང་གིས་ཉེ་བའི་ལོ་རབས་ནང་རྒྱ་ནག་གིས་ཨོ་གླིང་རྒྱལ་ཁབ་ཀྱི་ནང་མོལ་གནད་དོན་ཐད་ཐེ་གཏོགས་ཀྱིས་ཨོ་གླིང་གཞུང་ནས་དེར་སྐྱོན་འཛུགས་དང་འབྲེལ། ཨོ་གླིང་རྒྱལ་ས་ཀེན་བྷི་ར་དང་རྒྱ་ནག་གཉིས་དབར་གྱི་ཚོང་འབྲེལ་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་མོལ་ཐད་དོ་ཕོག་ཕྱིན་པའི་ཁྲོད་ཚོང་ལས་འགན་འཛིན་ཁག་གཅིག་གིས་ཨོ་གླིང་གཞུང་ནས་དཔལ་འབྱོར་གྱི་སྲིད་བྱུས་དེ་སྤྱི་ཚོགས་ཀྱི་གནད་དོན་ལས་གལ་ཆེར་ངོས་འཛིན་དགོས་པར་བརྗོད་ཡོད་པ་རེད། འོན་ཀྱང་ལྕམ་སྐུ་ Payne མཆོག་གིས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལེགས་པོ་ཡོང་བར་རྒྱལ་ཁབ་ཕན་ཚུན་ནས་དེ་གའི་རྒྱལ་ཁབ་ཀྱི་བདག་དབང་ལ་བརྩི་བཀུར་ངེས་པར་དུ་ཞུ་དགོས་སྐོར་དང་སྒོས་ཨོ་གླིང་ནས་སླད་མར་རྒྱ་ནག་དང་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་མུ་མཐུད་གླེང་རྒྱུ་དང་ཚོར་བ་རྣོ་བའི་གནད་དོན་ཐད་ཁུ་སིམ་པོར་བཞུགས་རྒྱུ་མེད་པ་གསུངས་འདུག ཁོང་གིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་སྣང་མེད་བཏང་བ་ནི་དེ་འབྲེལ་བྱ་སྤྱོད་ལ་ཁས་ལེན་ཞུས་ཡོད་པ་གཅིག་མཚུངས་ཡིན་པ་དང་། ལྷག་པར་དུ་དེས་རྒྱལ་སྤྱིའི་ཞི་བདེ་དང་སྲ་བརྟན་གྱི་རང་བཞིན་ལ་སྣང་ཆུང་བཏང་བ་མཚོན་གྱི་ཡོད་པ་གསུངས་འདུག་པ་མ་ཟད་ང་ཚོའི་གདོང་ལེན་བྱེད་དགོས་པའི་གནད་དོན་ལ་གདོང་ལེན་མ་གནང་ཚེ་ཡར་རྒྱས་ཀྱི་གཞི་མེད་པར་གྱུར་ངེས་ཡིན་པ་གསུངས་འདུག གཞི་རྩའི་རྒྱ་ནག་དེ་ཨོ་གླིང་རྒྱལ་ཁབ་ཀྱི་ཚོང་འབྲེལ་ཤུགས་ཆེ་བཞག་སའི་རྒྱལ་ཁབ་ཆགས་ཀྱི་ཡོད་ཀྱང་ཉེ་ལམ་རྒྱ་ནག་ནས་ཨོ་གླིང་གི་འོས་བསྡུ་ཆེན་མོའི་སྔ་རོལ་དུ་གྲོས་ཚོགས་དང་ཆབ་སྲིད་ཚོགས་པ་ཆེ་ཤོས་གསུམ་ལ་དྲྭ་ལམ་འགོག་ཐབས་ཀྱི་བཙན་རྒོལ་བྱས་ཡོད་པ་རེད། ནང་སྲིད་བློན་ཆེ་སྐུ་ཞབས་ Peter Dutton མཆོག་གིས་རྒྱ་ནག་གིས་གཙོ་བོ་དེ་འབྲེལ་ཨོ་གླིང་གི་ཆབ་སྲིད་ཚོགས་པ་དང་གཙུག་ལག་སློབ་གཉེར་ཁང་ལ་དམིགས་འབེན་དུ་བཟུང་གི་ཡོད་པ་གསུངས་ཡོད་ཀྱང་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ནས་དེ་འབྲེལ་གནད་དོན་ཁས་ལེན་བྱས་མེད་པ་རེད།

Latest news

- Advertisement -spot_img