Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

རྒྱ་ནག་གིས་ཡུ་གུར་མི་རིགས་རྩ་མེད་གཏོང་བཞིན་ཡོད་པའི་གྲོས་ཆོད་གཏན་འབེབས།

རྒྱ་ནག་གིས་ཡུ་གུར་མི་རིགས་རྩ་མེད་གཏོང་བཞིན་པའི་ཐོག་སླར་གྲོས་ཆོད་གཏན་འབེབས།

རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་གཙོ་བོར་གྱུར་པའི་ཁ་ཆེའི་གྲངས་ཉུང་མི་རིགས་ཐོག་མི་སྤྱོད་ལས་འདས་པའི་དྲག་གནོན་བྱས་པ་ནི་མི་རིགས་རྩ་མེད་གཏོང་རྒྱུའི་བྱ་སྤྱོད་ཅིག་ཡིན་པར་ཉེ་ལམ་རེས་གཟའ་ཟླ་བའི་ཉིན་ཁེ་ན་ཌའི་གྲོས་ཚོགས་འོག་མའི་ནང་གྲོས་ཆོད་གཏན་འབེབས་གནང་དོན་བཞིན་དུས་ཡུན་ཉིན་གྲངས་གཉིས་ལས་མ་སོང་བར་ཁ་སང་སླར་ནེ་ཐར་ལན་ཌི་གྲོས་ཚོགས་ཀྱིས་ཀྱང་རྒྱ་ནག་གི་བྱ་སྤྱོད་དེ་མི་རིགས་རྩ་མེད་གཏོང་རྒྱུའི་བྱ་སྤྱོད་ཅིག་ཡིན་པར་གྲོས་ཆོད་གཏན་འབེབས་གནང་འདུགརྒྱལ་སྤྱིའི་ཁྲོད་ལས་འགུལ་བ་དང་རྒྱལ་ཚོགས་ཀྱི་ཞིབ་འཇུག་མི་སྣས་རྒྱ་ནག་གཞུང་གིས་ཡུ་གུར་ས་ཡ་གཅིག་ལྷག་བཀག་སྐྱིལ་ཁང་དུ་སྡུག་སྦྱོང་ཚད་མེད་བཏང་བ་ཙམ་མ་ཟད་སྐྱེ་སྒོ་བཀག་རྒྱུ་དང་ངལ་རྩོལ་བསྒྱུར་བཀོད་སོགས་ཐ་ཤལ་ཅན་གྱི་བྱ་སྤྱོད་བརྩམས་དང་རྩོམ་བཞིན་ཡོད་པའི་སྙན་ཐོ་སོགས་རིམ་པ་ཆེད་སྤེལ་ཡོད་ཀྱང་། རྒྱ་ནག་གཞུ་གིས་ཡུ་གུར་བར་ལག་ཤེས་སློབ་སྦྱོང་སྤྲོད་པ་ལས་འགྲོ་བ་མི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་མེད་ཚུལ་བརྗོད་ཡོད་པ་དེ་ལྟར་ཡང་། ཁ་སང་ནེ་ཐར་ལན་ཌི་གྲོས་ཚོགས་ཀྱིས་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་གཙོ་བོར་གྱུར་པའི་ཁ་ཆེའི་གྲངས་ཉུང་མི་རིགས་ཐོག་མི་སྤྱོད་ལས་འདས་པའི་དྲག་གནོན་བྱས་པ་ནི་མི་རིགས་རྩ་མེད་གཏང་རྒྱུའི་བྱ་སྤྱོད་ཅིག་ཡིན་པར་གྲོས་ཆོད་གཏན་འབེབས་གནང་འདུག་པ་དང་། གྲོས་ཆོད་ནང་རྒྱ་ནག་གཞུང་གིས་བེུད་སྐྱེ་སྒོ་བཀག་རྒྱུ་དང་། ཅི་སྟེ་ཕྲུ་གུ་བཙའ་ན་དེར་ཉེས་ཆད་འགེལ་རྒྱུའི་ནག་ཉེས་དེ་རྒྱལ་ཚོགས་ཀྱི་ཁྲིམས་སྒྲིག་ ༢༦༠ ནང་ཚུད་ཀྱི་ཡོད་པ་དང་ཡོངས་གྲགས་སུ་བྱ་སྤྱོད་དེ་མི་རིགས་རྩ་མེད་གཏང་རྒྱུའི་བྱ་སྤྱོད་ཡིན་པར་བཀོད་ཡོད་པ་རེད། ནེ་ཐར་ལན་ཌི་གྲོས་ཚོགས་ཀྱིས་འཇོག་པའི་གྲོས་ཆོད་དེ་དང་འབྲེལ་ནསཡོ་རོབ་ Netherlands ཡི་རྒྱལ་ས་ Hague ཁུལ་དུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་པས་ཤིན་ཅང་ཁུལ་དུ་མི་རིགས་རྩ་མེད་གཏང་རྒྱུའི་བྱ་སྤྱོད་སྤེལ་བཞིན་ཡོད་སྐོར་བརྗོད་པ་ནི་མཐའ་གཅིག་ཏུ་རྫུན་གཏམ་འབའ་ཞིག་ཡིན་པ་དང་། ནེ་ཐར་ལན་ཌི་གྲོས་ཚོགས་ཀྱིས་རྒྱ་ནག་གཞུང་ལ་དོན་མེད་ནག་ཉེས་བཙུགས་པར་མ་ཟད།རྒྱ་ནག་རྒྱལ་ནང་གི་གནད་དོན་ལ་ཐེ་བྱུས་བྱས་པ་ཞིག་ཡིན་པར་སྐྱོན་བརྗོད་བྱས་འདུགནེ་ཐར་ལན་ཌི་གྲོས་ཚོགས་ཀྱིས་གྲོས་ཆོད་དེ་མ་འཇོག་གོང་གི་ཉིན་གྲངས་གཉིས་ཀྱི་སྔོན་ལ་ཁེ་ན་ཌའི་གྲོས་ཚོགས་འོག་མ་དང་ཕྱི་ཟླ་དང་པོ་ནང་ཨ་རི་ཕྱི་སྲིད་དྲུང་ཆེ་གསར་རྙིང་གཉིས་ཀས་ཡུ་གུར་མི་རིགས་གཙོ་བོར་གྱུར་པའི་ཁ་ཆེའི་གྲངས་ཉུང་མི་རིགས་ཐོག་མི་སྤྱོད་ལས་འདས་པའི་དྲག་གནོན་སྤེལ་བ་ནི་མི་རིགས་རྩ་མེད་གཏང་རྒྱུའི་བྱ་སྤྱོད་ཅིག་ཡིན་པར་གྲོས་ཆོད་གཏན་འབེབས་གནང་ཡོད་པར་མ་ཟད། ཉེ་ཆར་ཡུ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་བློན་ཆེན་མཆོག་གིས་ཤིན་ཅང་ཁུལ་གྱི་དངོས་ཡོད་གནས་ཚུལ་རྟོག་ཞིབ་དཔྱིས་ཕྱིན་པ་ཞིག་གནང་སླད་རྒྱ་ནག་གཞུང་གི་ངོས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་ལྕམ་ Michelle Bachelet ལགས་ཀྱིས་གཙོས་པའི་རྒྱལ་སྤྱིའི་རྟོག་ཞིབ་རུ་ཁག་ཤིན་ཅང་དུ་དོན་ཕན་ལྡན་པའི་གཟིགས་སྐོར་གནང་འཇུག་དགོས་ཞེས་གསུངས་ཡོད་པ་རེད། ཁ་སང་སླར་ཡོ་རོབ་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་རྒྱལ་སྤྱིའི་ཨོ་ལམ་པིག་རྩེད་འགྲན་ལྷན་ཚོགས་དང་དགུན་དུས་ཨོ་རྩེད་འགྲན་ཚོགས་ཀྱི་སྦྱིན་བདག་རྣམ་པའི་མཚན་ཐོག་ཏུ་ཕྱག་བྲིས་ཤིག་ཕུལ་ཡོད་པ་རེད། ཕྱག་བྲིས་དེར་རྒྱ་གཞུང་གིས་བོད་དང་ཡུ་གུར། རྒྱ་རིགས་མང་གཙོའི་ལས་འགུལ་བ་དང་ཧོང་ཀོང་ལས་འགུལ་བ། ཡེ་ཤུའི་གྲངས་ཉུང་མི་རིགས་རྣམས་ལ་མི་སྤྱོད་ལས་འདས་པའི་དྲག་གནོན་དང་མི་རིགས་རྩ་མེད། ངལ་རྩོལ་བསྒྱུར་བཀོད། དེ་བཞིན་ཆོས་དད་རང་དབང་བཙན་འཕྲོག་སོགས་ཀྱི་སྲིད་བྱུས་ལག་བསྟར་ཁྲོད་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་ཡོད་པ་དང་། ལྷག་པར་དུ་རྒྱ་ནག་གཞུང་གི་ཤིན་ཅང་ཁུལ་དུ་མི་རིགས་རྩ་མེད་གཏང་རྒྱུའི་བྱ་སྤྱོད་སྤེལ་དང་སྤེལ་བཞིན་པའི་དཔང་རྟགས་རིམ་པར་ཐོན་ཡོད་སྟབས། ༢༠༢༢ ལོའི་ཨོ་རྩེད་འགྲན་ཚོགས་ཀྱི་རྩེད་འགྲན་དེའི་རྐྱེན་གྱིས་རྩེད་འགྲན་ཕྱིར་དུ་སྦྱིན་བདག་གནང་མཁན་དག་གིས་རང་ཉིད་ཀྱི་ཆེས་མཐོང་བརླག་ཉེན་ཡོད་པ་དང་། རྒྱ་ནག་གཞུང་གི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་ཞུ་རྒྱུའི་འགན་དེ་སྦྱིན་བདག་རྣམ་པར་ཡོད་པ་གསུངས་འདུག རྒྱལ་སྤྱིའི་ཨོ་ལམ་པིག་རྩེད་འགྲན་ལྷན་ཚོགས་ཀྱི་ངོས་ནས་རྒྱ་ནག་གཞུང་གིས་བྱ་སྤྱོད་དེ་ལྟར་སྤེལ་བའི་རྐྱེན་གྱིས་ ༢༠༢༢ ལོའི་ཨོ་རྩེད་འགྲན་ཚོགས་དེ་རྒྱ་ནག་ལ་འཚོགས་རྒྱུ་ཕྱིར་བཤོལ་གྱིས་ས་གནས་གཞན་ལ་འཚོགས་དགོས་པའི་ཞུ་སྐུལ་གནང་འདུགརྒྱ་ནག་ནང་གི་གྲོང་ཁྱེར་པེ་ཅིང་དུ་ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་ལམ་པིག་རྩེད་འགྲན་འཚོགས་འཆར་གྱི་གནད་དོན་དེ་ཕྱི་ལ་ཐོན་མ་ཐག་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་དང་མང་གཙོ་ལས་འགུལ་བ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ཐོག་ཕྱག་ལས་གནང་མཁན་མང་དག་ཅིག་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཡར་རྒྱས་མ་བཏང་བར་དུ་རྒྱ་ནག་ཏུ་རྩེད་འགྲན་དེ་འཚོགས་རྒྱུའི་གོ་སྐབས་སྤྲོད་རྒྱུ་མེད་པར་སྐྱོན་བརྗོད་གནང་ཡོད་པ་རེད།

རྒྱ་ནག་གིས་ཡུ་གུར་མི་རིགས་རྩ་མེད་གཏོང་བཞིན་ཡོད་པའི་གྲོས་ཆོད་གཏན་འབེབས།  

ཁེ་ན་ཌའི་གྲོས་ཚོགས་འོག་མའི་ནང་རྒྱབ་སྐྱོར་ཚད་མཐོ་གནང་སྟེ་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་གཙོ་བོར་གྱུར་པའི་ཁ་ཆེའི་གྲངས་ཉུང་མི་རིགས་ཐོག་མི་སྤྱོད་ལས་འདས་པའི་དྲག་གནོན་བྱས་ཡོད་པ་ནི་མི་རིགས་རྩ་མེད་གཏོང་རྒྱུའི་བྱ་སྤྱོད་ཅིག་ཡིན་པའི་གྲོས་ཆོད་གཏན་འབེབས་གནང་འདུག་པར་མ་ཟད། ཁེ་ན་ཌས་རྒྱ་ནག་གཞུང་གིས་བྱ་སྤྱོད་དེ་དག་མི་རིགས་རྩ་མེད་ཀྱི་བྱ་སྤྱོད་ཅིག་ཡིན་པར་ངོས་འཛིན་གནང་བ་ནི་འདི་ལོའི་ཕྱི་ཟླ་དང་པོའི་ནང་ཨ་རི་གཞུང་གིས་དེ་ལྟར་ངོས་འཛིན་གནང་བའི་རྗེས་ཀྱི་རྒྱལ་ཁབ་ཨང་གཉིས་པ་དེ་ཆགས་ཀྱི་ཡོད་པ་རེད།རེས་གཟའ་ཟླ་བའི་ཉིན་ཁེ་ན་ཌའི་གྲོས་ཚོགས་འོག་མར་གྲོས་ཆོད་དེ་འཇོག་སྐབས་གཞུང་འཛིན་ཚོགས་པའི་འཐུས་མི་ཁག་ཅིག་གཙོས་ཕྱོགས་འགལ་ཚོགས་པའི་འཐུས་མི་ཚང་མས་འོས་འཕེན་ནས་རྒྱབ་སྐྱོར་ཚད་མཐོ་གནང་ཡོད་ཀྱང་ཁེ་ན་ཌའི་སྲིད་བློན་དང་བློན་ཆེན་རྣམ་པས་སྐབས་དེར་འོས་འཕེན་མེད་པ་དེ་ལྟར་ཡང་། སྐབས་དེར་ཅི་སྟེ་རྒྱ་ནག་གཞུང་གིས་མི་རིགས་རྩ་མེད་གཏོང་རྒྱུའི་བྱ་སྤྱོད་མུ་མཐུད་སྤེལ་ཚེ་ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཀྱི་ཨོ་ལམ་སྤིག་རྩེད་འགྲན་དེ་པེ་ཅིང་དུ་འཚོགས་རྒྱུར་བཀག་འགོག་གནང་དགོས་པའི་གྲོས་ཆོད་གཞན་ཞིག་འཇོག་པར་སྲིད་འཛིན་དང་སྲིད་བློན་རྣམས་ནས་དེར་མཉམ་ཞུགས་གནང་འདུགསྐབས་དེར་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་ ErinO'Toole ལགས་ཀྱིས་ད་ཐེངས་རྒྱབ་སྐྱོར་ཚད་མཐོ་ཐོབ་པའི་གྲོས་ཆོད་དེས་རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་གྱོང་གུད་ཐེབས་མིན་ལ་ལྟོས་མེད་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་མཚན་གནས་ལ་ཆེ་མཐོང་དང་རྒྱབ་སྐྱོར་གནང་བ་ཞིག་དང་ཁེ་ན་ཌའི་གཞུང་དེ་འགྲོ་བ་མིའི་ཐོབ་ཐང་གི་བཞེངས་ཕྱོགས་དང་ལྷན་དུ་ཡོད་པའི་རྣམ་པ་མངོན་གསལ་གནང་སྐོར་གསུངས་འདུགཁེ་ན་ཌའི་གྲོས་ཚོགས་འོག་མའི་གྲོས་ཆོད་དེ་དང་འབྲེལ་ནས་ཁེ་ན་ཌར་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གིས་གྲོས་ཆོད་དེས་རྒྱ་ནག་རྒྱལ་ནང་གི་གནད་དོན་ལ་ཐེ་བྱུས་བྱས་པ་དང་ཤིན་ཅང་གྱི་ཁུལ་དུ་མི་རིགས་སྡེབ་གསོད་ཅེས་པ་ནི་གནད་དོན་དངོས་འབྲེལ་ཞིག་མིན་པ་དང་ཡུ་གུར་ས་ཡ་གཅིག་ལྷག་ལ་སློབ་གསོའི་བསྟི་གནས་ཁང་དུ་ལས་རིགས་སྦྱོང་བརྡར་སྤྲོད་ཀྱི་ཡོད་ཚུལ་བརྗོད་འདུག་པར་མ་ཟད། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་རྒྱལ་ཚོགས་ནང་ཤིན་ཅང་ཁུལ་དུ་ཁ་ཆེའི་ལྷ་ཁང་སྟོང་ཕྲག་ཉི་ཤུ་རྩ་བཞི་ཡོད་པར་མ་ཟད་ཁོང་ཚོར་ཤེས་ཡོན་སློབ་གསོ་སྤྲོད་པ་ལས་མི་རིགས་སྡེབ་གསོད་ཀྱི་བྱ་སྤྱོད་དང་ངལ་རྩོལ་བསྒྱུར་བཀོད་སོགས་ཀྱི་ལས་རིགས་གཉེར་གྱི་མེད་ལུགས་དང་། དེ་ལྟར་ཡིན་མིན་དང་འབྲེལ་བའི་ཐོག་རྒྱལ་ཚོགས་ཀྱི་རྟོག་ཞིབ་ཚན་པའི་མི་སྣ་སུ་འདྲ་ཞིག་ཕེབས་ཀྱང་དགའ་བསུ་ཡོད་སྐོར་བརྗོད་འདུགགཞི་རྩའི་འདི་ལོའི་ཕྱི་ཟླ་དང་པོའི་ནང་ཨ་རི་ཕྱི་སྲིད་དྲུང་ཆེ་གསར་རྙིང་གཉིས་ཀས་ཡུ་གུར་མི་རིགས་གཙོ་བོར་གྱུར་པའི་ཁ་ཆེའི་གྲངས་ཉུང་མི་རིགས་ཐོག་མི་སྤྱོད་ལས་འདས་པའི་དྲག་གནོན་སྤེལ་བ་ནི་མི་རིགས་སྡེབ་གསོད་ཀྱི་བྱ་སྤྱོད་ཅིག་ཡིན་པའི་གྲོས་ཆོད་བཞག་ཡོད་པར་མ་ཟད། ཉེ་བའི་ཆར་ BBC གསར་འགྱུར་ཚན་པས་ཉམས་ཞིབ་གནང་བར་ཡུ་གུར་མི་རིགས་དེ་དག་ངལ་རྩོལ་བསྒྱུར་བཀོད་ལ་སྤྱོད་བཞིན་ཡོད་པ་སོགས་སྙན་ཐོ་དང་དཔྱད་རྩོམ་ཁག་ཅིག་སྤེལ་ཡོད་པ་རེད།

Latest news

- Advertisement -spot_img