Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

རྒྱ་ནག་དང་འབྲེལ་བའི་ཚོར*་བ་རྣོ་བའི་མིང་ཚིག་བཀོལ་སྤྱོད་ལ་བཀག་སྡོམ།

རྒྱ་ནག་དང་འབྲེལ་བའི་ཚོར་བ་རྣོ་བའི་མིང་ཚིག་བཀོལ་སྤྱོད་ལ་བཀག་སྡོམ།

རྒྱལ་སྤྱིའི་ཐོག་དར་སྲོལ་ཆེ་བའི་ཨ་རིའི་ Apple འམ་ཀུ་ཤུ་རྟགས་ཅན་གྱི་བཟོ་ལས་ཁང་གིས་རྒྱ་ནག་སྤྱི་དང་ཧོང་ཀོང་། དེ་བཞིན་ཐེ་ཝན་བཅས་ཀྱི་ནང་ལ་བཟོ་ལས་ཁང་དེས་བཟོས་པའི་ལག་ཐོགས་ཁ་པར་གཙོ་གྱུར་འཕྲུལ་རིགས་ཀྱི་ཡོ་བྱད་ཁག་གི་སྟེང་དུ་རྒྱ་ནག་དང་འབྲེལ་བའི་ཚོར་བ་རྣོ་བའི་མིང་ཚིག་རིགས་བརྐོ་བར་དམ་དྲག་བྱེད་བཞིན་འདུགགཞི་རྩའི་ད་ལྟའི་ཆར་ཀུ་ཤུ་རྟགས་ཅན་བཟོ་ལས་ཁང་གིས་བཟོ་ཁང་གི་དེས་བཟོས་པའི་ལག་ཐོགས་ཁ་པར་གཙོས་འཕྲུལ་ཆས་ཁག་གི་སྟེང་དུ་དོ་བདག་གི་འདོད་མོས་ལྟར་རང་ཉིད་ཀྱི་མིང་དང་སོ་སོའི་དགའ་མོས་བྱེད་ཡུལ་གང་ཟག་གི་མིང་། དེ་བཞིན་འདོད་མོས་ཡོད་པའི་ཐ་སྙད་ཅི་རིགས་རྐོ་སྲོལ་ཡོད་ཀྱང་། ཁ་སང་ New York Post གསར་ཁང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་ཨ་རིའི་འཕྲུལ་རིགས་དང་འབྲེལ་བའི་བཟོ་ལས་ཁང་ཆེ་གྲས་ཀུ་ཤུ་རྟགས་ཅན་གྱི་བཟོ་ལས་ཁང་ནས་རྒྱ་ནག་དང་ཧོང་ཀོང་། དེ་བཞིན་ཐེ་ཝན་བཅས་ཀྱི་ནང་ལ་ཀུ་ཤུ་རྟགས་ཅན་གྱི་ལག་ཐོགས་ཁ་པར་དང་། iPads Air Pods Air tags བཅས་བེད་སྤྱོད་བྱེད་མཁན་གྱི་གང་ཟག་རྣམས་ནས་སོ་སོའི་འཕྲུལ་ཆས་དེ་དག་སྟེང་དུ་༸གོང་ས་མཆོག་དང་། Ai Weiwei དེ་བཞིན་ Liu Xiaobo བཅས་རྒྱ་ནག་དང་འབྲེལ་བའི་ཚོར་བ་རྣོ་བའི་གནད་ཡོད་མི་སྣའི་མཚན་དང་འོས་བསྡུ་དང་ཆབ་སྲིད་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་། མང་གཙོ་དང་འབྲེལ་བའི་མིང་ཚིག་རྣམས་བཀོལ་སྤྱོད་གནང་རྒྱུར་བཀག་སྡོམ་བྱས་ཡོད་པ་གསལ་འདུགས་གནས་དེ་དག་ནང་ལ་ཀུ་ཤུ་རྟགས་ཅན་གྱི་འཕྲུལ་ཆས་བེད་སྤྱོད་བྱེད་མཁན་རྣམས་ནས་རྒྱ་ནག་གི་ཆབ་སྲིད་དང་འབྲེལ་བའི་གནད་དོན་ཙམ་མ་ཟད་གནད་དོན་དེ་དག་མཚོན་པའི་ཨང་གྲངས་ཀྱི་རིགས་ཀྱང་བརྐོ་འབྲི་བྱེད་དུ་འཇུག་གི་མེད་པ་དང་། གཙོ་བོ་ཐེ་ཝན་དང་ཧོང་ཀོང་ནང་ལ་ ༨༩༦༤ ཞེས་ཕྱི་ལོ་ ༡༩༨༩ ལོར་བྱུང་བའི་དྲུག་བཞིའི་དོན་རྐྱེན་གྱི་གནད་དོན་མཚོན་པའི་ཨང་གྲངས་བཞི་པོ་དེ་དག་ཀུ་ཤུ་རྟགས་ཅན་གྱི་འཕྲུལ་ཆས་ཁག་གི་སྟེང་དུ་བརྐོ་འབྲི་གནང་རྒྱུར་བཀག་སྡོམ་ཤུགས་བྱེད་བཞིན་ཡོད་པ་རེད།དེ་བཞིན་གསར་འགོད་ཀྱི་རང་དབང་དང་འོས་སྡུའི་ཐོབ་ཐང་སོགས་རང་དབང་དང་འབྲེལ་བའི་ཐ་སྙད། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་མའོ་ཙེ་ཏུང་སོགས་འགོ་ཁྲིད་ལ་ཟུར་ཟ་གནང་བའི་ཐ་སྙད། གཞན་ཡང་རྩ་རླུང་ཆོས་འཁོར་སོགས་ཆོས་ལུགས་དང་འབྲེལ་བའི་མིང་ཚིག་ཁག་བཀོལ་སྤྱོད་ལ་བཀག་སྡོམ་ཆེས་བྱེད་བཞིན་ཡོད་པ་གསལ་འདུག...

Latest news

- Advertisement -spot_img