Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

རྡོར་གདན་དུ་བཀའ་ཆོས་དབུ་འཛུགས་མཛད་པ།

༸གོང་ས་མཆོག་ཆིབས་བསྒྱུར་མཛད་མ་ཐུབ་པའི་རྐྱེན་གྱིས་རྡོར་གདན་གྱི་ཚོང་གཉེར་བ་ཚོར་གྱོང་གུད་ཕོག་ཉེན།

འདི་ལོ་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་བརྡལ་བྱུང་བའི་ཏོག་དབྱིབས་གཉན་རིམས་རྐྱེན་གྱིས་འཛམ་གླིང་ཁྱོན་ཡོངས་སུ་མི་རྒྱུ་གཉིས་ཀར་ངལ་བ་ཆེས་ཆེར་འཕྲད་བཞིན་པའི་ཁྲོད་འདིར་རྒྱ་གར་གྱིས་གཙོས་པའི་རྒྱལ་ཁབ་ཕལ་མོ་ཆེར་ཐེམ་སྤང་གི་བཀའ་རྒྱ་རིམ་པ་གནང་ཡོད་པ་མ་ཟད། དེང་སྐབས་རྒྱ་གར་ནང་དུའང་གཉན་རིམས་ཁྱབ་གདལ་ཆེས་ཆེར་འགྲོ་བཞིན་པའི་ཁྲོད་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་མང་དག་ཅིག་ཕྱིར་འཐེན་གནང་ཡོད་པ་ལྟར། རྒྱ་གར་བྷི་ཧཱར་མངའ་སྡེའི་གྷ་ཡ་རྫོང་དུ་ཆགས་པའི་གནས་མཆོག་རྡོ་རྗེ་གདན་གྱི་འགྲིམས་འགྲུལ་དང་ཟ་ཚོང་མགྲོན་གསུམ་གྱི་ཚོང་གཉེར་བ་ཚོས་བློ་འཚབ་ཆེན་པོ་གནང་བཞིན་ཡོད་པ་རེད་འདུག དེའང་  Times of India ཞེས་རྒྱ་གར་གྱི་དུས་བབ་གསར་ཁང་གིས་གནས་མཆོག་རྡོ་རྗེ་གདན་ནས་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། ས་གནས་དེའི་ནང་རྣམ་ཀུན་ཕྱི་ཟླ་ ༡༢ ནས་ཕྱི་ཟླ་ ༢ བར་བོད་བརྒྱུད་ནང་བསྟན་གྱི་རིས་མེད་ཀྱི་ཆོས་སྡེ་ཁག་གིས་ཆོས་ཕྱོགས་དང་འབྲེལ་བའི་གནང་སྒོ་མང་དག་ཅིག་གནང་གི་ཡོད་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་ཉེ་བའི་ལོ་ཤས་ནས་ཧ་ལམ་ལོ་ལྟར་འཆར་ཁུལ་དེའི་ནང་ཕྱི་ནང་གི་དད་ལྡན་སྟོང་ཁྲག་མང་པོར་བཀའ་ཆོས་དང་བཀའ་སློབ་ཀྱི་མཛད་འཆར་ཁག་བསྐྱང་སྲོལ་ཡོད་ཀྱང་། འདི་ལོ་ཏོག་དབྱིབས་གཉན་རིམས་རྐྱེན་གྱིས་མགོན་པོ་༸གང་ཉིད་མཆོག་གི་ཆིབས་བསྒྱུར་མཛད་རྒྱུའི་དུས་ཚོད་དེའང་ངེས་མེད་བར་ཕྱིར་བཤོལ་མཛད་པར་མ་ཟད། བཀའ་བརྒྱུད་སྨོན་ལམ་ཆེན་པོ་དང་རྒྱལ་ཡོངས་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་གཉིས་ཀྱང་ཕར་འགྱང་གནང་སྲིད་སྟབས་ས་གནས་ཀྱི་ཚོང་གཉེར་བ་ཚོས་མངའ་སྡེའི་འགྲིམས་འགྲུལ་དང་ཟ་ཚོང་མགྲོན་གསུམ་གྱི་ཚོང་གཉེར་བ་ཚོར་ཚོང་བབས་ཀྱི་དུས་ཡུན་རིང་གྱོང་གུད་ཆེན་པོ་ཕོག་ཉེན་ཡོད་པར་བློ་འཚབ་ཆེན་པོ་གནང་གི་ཡོད་པ་བཀོད་འདུགརྩ་བའི་དེ་སྔའི་མཛད་འཆར་ལ་གཞིགས་ན། འདི་ལོའི་ལོ་མཇུག་ཏུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གནས་མཆོག་རྡོར་གནད་དུ་ཉིན་གྲངས་ལྔའི་རིང་༸རྒྱལ་སྲས་ཆེན་པོ་ཐོགས་མེད་བཟང་པོས་མཛད་པའི་བྱང་ཆུབ་ལག་ལེན་སོ་བདུན་མའི་བཀའ་ཆོས་བསྩལ་གཏན་ཁེལ་ཡོད་ཀྱང་། མཛད་རིམ་དེ་རེ་ཞིག་དུས་ཚོད་ངེས་མེད་བར་དུ་ཕྱིར་བཤོལ་གནང་ཡོད་པ་དང་། གནད་དོན་དེ་དང་འབྲེལ་བྱང་ཆུབ་ཆེན་པོའི་མཆོད་རྟེན་དོ་དམ་ཚོགས་པའི་དྲུང་ཆེ་སྣང་མཛེས་རྡོ་རྗེ་ལགས་ཀྱིས་ཀྱང་ད་བར་ཁོང་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་བསྒྱུར་སྐོར་བཀའ་སྩོལ་གང་ཡང་ཕེབས་མ་སོང་ཞེས་གསུངས་འདུགའོན་ཀྱང་མངའ་སྡེའི་འགྲིམས་འགྲུལ་དང་ཟ་ཚོང་མགྲོན་གསུམ་གྱི་ཚོང་གཉེར་བ་ཚོས་ The Light of Buddha Dhamma...

རྡོ་རྗེ་གདན་དུ་བཀའ་ཆོས་དབུ་འཛུགས་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ག་གནས་མཆོག་རྡོ་རྗེ་གདན་དུ་ཉིན་གྲངས་དྲུག་རིང་ཆོས་འབྲེལ་ཁག་གཅིག་བཀྲིན་བསྩལ་རྒྱུའི་མཛད་འཆར་ཡོད་པ་ལྟར། དེ་རིང་སྔ་དྲོ་པཱ་ལི་དང་། ལེགས་སྦྱར།   རྒྱ་སྐད་བཅས་ཀྱི་ཐོག་བཀྲ་ཤིས་པའི་མདོ་གསུང་པ་དང་སྦྲགས་བཀའ་ཆོས་དངོས་གཞི་དབུ་འཛུགས་བཀྲིན་བསྐྱངས་ཡོད་པ་རེད།དེ་རིང་ཟླ་ ༡༢ ཚེས་ ༢༤ ཉིན་རྒྱ་གར་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་གྱི་གསུང་ཆོས་ར་བ་ནས་ཆོས་འབྲེལ་དངོས་གཞི་དབུ་འཛུག་མ་གནང་གོང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མར་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་མངོན་པར་རྫོགས་པ་སངས་རྒྱས་པའི་གནས་མཆོག་ཁྱད་པར་ཅན་འདིར་ས་ཕྱོགས་གང་ས་ནས་འདུ་འཛོམས་བྱུང་བའི་ཆོས་ཞུ་བ་རྣམས་ལ་ཤིན་ཏུ་ནས་སྐལ་བཟང་ཡིན་སྐོར་སོགས་བཀའ་བསྩལ་ཏེ་ནང་ཆོས་ཀྱི་སྤྱི་བཤད་ངོ་སྤྲོད་ཚུལ་དུ་ནང་པ་སངས་རྒྱས་པའི་ཆོས་འདི་སྨོན་ལམ་གསུང་འདོན་གནང་བ་ཙམ་ཞིག་མིན་པར་ཆོས་ལུགས་གཞན་དང་མི་འདྲ་བར་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ་ཞིག་ཡིན་པ་དང་། ལྷག་དོན་སྟོན་པ་བཅོམ་ལྡན་འདས་ནི་ཐབས་དང་ཤེས་རབ་ཀྱི་ཉམས་མྱོང་ལ་བརྟེན་ནས་རྟོགས་པའི་ཡོན་ཏན་ལྡན་ཐོག་གཞན་དོན་མཛད་ཐུབ་མཁན་གྱི་བླང་དོར་གྱི་ཆོས་སྟོན་ཡོད་པ་སོགས་ལམ་སྟོན་བཀྲིན་བསྩལ་ཡོད།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ཞུ་བ་ཚོར་སྟོན་པའི་ཆོས་འཁོར་གྱི་རིམ་པ་ཁག་ངོ་སྤྲོད་བཀྲིན་བསྩལ་བ་མ་ཟད། ད་རེས་ཀྱི་ཆོས་འབྲེལ་དེའི་སྐབས་དབང་དང་རྗེས་གནང་སོགས་ཞུས་ནས་སྟོང་ཉིད་དང་བྱང་ཆུབ་སེམས་བསྒོམ་དགོས་གལ་ཡིན་པ་དང་ཁྱད་པར་དུ་ཆོས་ཞུ་བ་ཚོས་ཉིན་རེའི་འཚོ་བའི་ཁྲོད་དུ་དེ་ལྟར་ཡོང་བར་དམ་འཇོག་གནང་གནད་ཡིན་པ་སོགས་ལམ་སྟོན་མཛད་ཡོད་པ་རེད།༸གོང་ས་མཆོག་གིས་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་གྱི་གསུང་ཆོས་ར་བ་ནས་བཀའ་ཆོས་དེ་དག་བསྩལ་གྲུབ་རྗེས་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཁྲིད་དང་། ཕྱི་ལོ་ ༢༠༡༥ ལོར་གདན་ས་བཀྲ་ཤིས་ལྷུན་པོ་རུ་གནང་བའི་ཚད་མ་རྣམ་འགྲེལ་གྱི་བཀའ་ཁྲིད་༼མཁན་ཆེན་ཀུན་དགའ་དབང་ཕྱུག་གིས་མཆན་འགྲེལ་བཏབ་པའི་རྣམ་རྩ་༽འཕྲོ་སྐྱོང་བཀའ་དྲིན་བསྩལ་ཡོད་པ་རེད།

Latest news

- Advertisement -spot_img