Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

ལྕམ་སྐུ་རིན་ཆེན་ལྷ་མོ་ལགས་ཀྱི་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་སྐོར་སྐྱོད་མཇུག་སྒྲིལ།

རིན་ཆེན་ལྷ་མོ་ལགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་པ།

རྒྱ་གར་རྒྱལ་ཡོངས་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་མི་ལྕམ་སྐུ་རིན་ཆེན་ལྷ་མོ་ལགས་ཧི་མཱ་ཅལ་མངའ་སྡེའི་མན་ཌི་དང་ཀངྒ་རཱ་རྫོང་ཁོངས་གཉིས་སུ་གཞུང་འབྲེལ་ལས་དོན་སླད་ཆེད་ཕེབས་གནང་ཡོད་པ་དང་འབྲེལ། དེ་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གཟིམ་ཆུང་མཇལ་ཁ་ཞུས་པ་དང་སྦྲགས་ཏེ། མ་འོངས་པར་བོད་མིའི་སྤྱི་ཚོགས་ལ་ཕན་ཐོགས་ངེས་ཅན་ཞིག་ཡོང་བར་འབད་བརྩོན་གནང་རྒྱུ་ཡིན་ཞེས་གསུངས་སོང་།དེ་རིང་ཕྱི་ཚེས་ ༡༠ ཉིན་གྱི་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཟིན་མཚམས་སུ་གསར་འགོད་པས་ལྕམ་སྐུ་རིན་ཆེན་ལྷ་མོ་ལགས་སུ་བཀའ་འདྲི་ཞུས་པར་ཁོང་བཞུགས་སྒར་དྷརྨ་སཱ་ལཱར་ཕེབས་ནས་བོད་མིའི་སྤྱི་ཚོགས་ཀྱི་ལས་དོན་གནང་ཕྱོགས་སོགས་ལ་ཐུགས་ཞིབ་གནང་རྒྱུ་ཧ་ཅང་དགའ་པོ་བྱུང་ཞེས་འགྲེལ་བརྗོད་དང་འབྲེལ། ལྷག་པར་དུ་དེ་རིང་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གཟིམ་ཆུང་མཇལ་ཁ་ཞུ་རྒྱུའི་སྐལ་བ་བཟང་པོ་བྱུང་ཞེས་གསུངས་སོང་།ལྕམ་སྐུ་ཁོང་གིས་ད་དུང་༸གོང་ས་མཆོག་གིས་ཁོང་གི་ལས་དོན་ཇི་གནང་ཐམས་ཅད་ལམ་ལྷོངས་ཡོང་བར་ཐུགས་སྨོན་མཛད་པ་དང་ཆབས་ཅིག ཁོང་གི་ངོས་ནས་རྒྱ་གར་ནང་གནས་བཞུགས་བོད་པའི་སྤྱི་ཚོགས་ལ་རམས་འདེགས་ཞུ་རྒྱུའི་འབད་བརྩོན་གནང་བཞིན་ཡོད་པར་སྙན་སེང་སྐབས་ཡི་རང་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་སོང་བས་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་སོང་།ཁོང་གིས་སླད་མར་རྒྱ་གར་གྱི་མངའ་སྡེ་གང་དུ་ཕེབས་ཀྱང་བོད་མི་རྣམས་ལ་རོགས་རམ་ཞུའི་ཐུགས་འདོད་ཡོད་ཆེས་གསུངས་པ་དང་ཆབས་ཅིག་བོད་པའི་སྤྱི་ཚོགས་ལ་ཕན་ཐོགས་ངེས་ཅན་ཞིག་ཡོང་བར་འབད་བརྩོན་གནང་རྒྱུ་ཡིན་ཞེས་གསུངས་ཡོད། རྩ་བའི་རྒྱ་གར་རྒྱལ་ཡོངས་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་མི་ལྕམ་སྐུ་རིན་ཆེན་ལྷ་མོ་ལགས་ཁ་སང་ཕྱི་ཚེས་ ༩ ཉིན་གྱི་སྔ་དྲོ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་གནས་ཆུང་སྒྲ་དབྱངས་གླིང་གི་གྲྭ་ཚང་དང་དགའ་གདོང་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བཀའ་ཤག དྷ་ས་བོད་ཀྱི་དཔེ་མཛོད་ཁང་། ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་། དེ་བཞིན་ཁ་སང་ཉིན་རྒྱབ་དྷ་སྟེང་བོད་ཁྱིམ་སློབ་གྲྭ་དང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་བཅས་སུ་གཟིགས་སྐོར་གྲུབ་རྗེས་ཕྱི་དྲོ་བོད་ཀྱི་ཟློས་གར་ཚོགས་པར་འཚམས་གཟིགས་གནང་སྟེ་བོད་མིའི་སྤྱི་ཚོགས་ཀྱི་ལས་དོན་གནང་ཕྱོགས་སོགས་ལ་ཧ་ཅང་ཐུགས་མཉེས་པོ་བྱུང་འདུག པར་བདག་དབང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་དང་བོད་མིའི་སྒྲིག་འཛུགས་སོགས།

ལྕམ་སྐུ་རིན་ཆེན་ལྷ་མོ་ལགས་ཀྱི་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་སྐོར་སྐྱོད་མཇུག་སྒྲིལ།

རྒྱ་གར་དབུས་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་མི་རིན་ཆེན་ལྷ་མོ་ལགས་ཀྱིས་ཟླ་ ༣ ཚེས་ ༣༠ ནས་དབུ་འཛུགས་ཀྱིས་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ཏུ་གཞུང་འབྲེལ་འཚམས་གཟིགས་གནང་སྟེ་ཁ་སང་རྒྱལ་ས་སྦེང་ལོར་དུ་འབྱོར་བ་བསྟུན་ཉིན་གྲངས་བཅིུས་རིང་གི་སྐོར་སྐྱོད་ཡོངས་མཇུག་བསྒྲིལ་གནང་སོང་།ཁ་སང་ཕྱི་ཚེས་ ༡༠ ཉིན་གྲོང་ཁྱེར་མའེ་སོར་ནས་ཕེབས་ཏེ་རྒྱལ་ས་སྦེང་ལོར་དུ་འབྱོར་མ་ཐག་ཁོང་གིས་སེར་བྱེས་གྲྭ་ཚང་གིས་སྦེང་ལོར་དུ་གཉེར་བའི་ཆོས་ཚོགས་སུ་འཚམས་གཟིགས་གནང་བ་དང་འབྲེལ། ཉེ་འཁོར་དུ་བཅའ་བཞུགས་སློབ་ཕྲུག་དང་མང་ཚོགས་མི་ཉུང་བ་ཞིག་ལ་གསུང་བཤད་གནང་ཡོད།སྦེང་ལོར་ལྷོ་སྤྱི་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་དྲོ་ཚོུད་ ༥ ཙམ་ལ་བོད་ཁྱིམ་སྡོད་ཁང་གི་ཚོགས་ཁང་དུ་ས་གནས་ཀྱི་བོད་པའི་སློབ་ཕྲུག་རྣམས་དང་ཐུག་འཕྲད་ཀྱིས་གསུང་བཤད་ཀྱང་གནང་ཡོད་པ་རེད།བོད་དོན་ཐད་རྒྱབ་སྐྱོར་གནང་མཁན་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་ཅིག་དང་སློབ་ཕྱུག་བཅས་ཁྱོན་མི་གྲངས་ ༡༨༠ ལྷག་དང་ས་གནས་སུ་བཅའ་བཞུགས་བོད་མི་མང་དག་ཅིག་འདུ་འཛོམས་གནང་འདུགལྕམ་རིན་ཆེན་ལྷ་མོ་ལགས་ཀྱིས་སྐབས་དེར་རྒྱ་གར་དབུས་གཞུང་གི་ངོས་ནས་ཆེད་མངགས་ང་ཚོ་གྲངས་ཉུང་མི་རིགས་རྣམས་ལ་ཐོབ་ཐང་དང་གོ་སྐབས་མང་པོ་ཞིག་གནང་གི་ཡོད་སྟབས་ང་ཚོ་མི་རེ་ངོ་རེས་ཐོབ་ཐང་དང་གོ་སྐབས་དེ་དག་ངོས་འཛིན་སྟེ་སྤྱོད་ཐུབ་དགོས་པ་དང་། དུས་ནམ་ཡང་ང་ཚོ་གྲངས་ཉུང་མི་རིགས་རེད་ཅེས་དགོངས་པ་མ་བཞེས་པར་གྲངས་ཉུང་མི་རིགས་གཞན་དང་ལྷན་དུ་མཉམ་རུབ་ཀྱི་ཐོག་ནས་ཕྱག་ལས་གནང་ཚེ་འབྲས་བུ་བཟང་པོ་ཐོབ་ངེས་ཡིན་པའི་ལམ་སྟོན་གནང་སོང་།ཁོང་གི་གྲངས་ཉུང་མི་རིགས་དང་འབྲེལ་བའི་ཐོབ་ཐང་དང་གོ་སྐབས་རྩོད་ལེན་གནང་སྐབས་ངལ་བ་ཆེ་ཆུང་གང་འདྲ་ཞིག་འཕྲད་ཀྱང་འཕྲལ་མར་ཁོང་ལ་འབྲེལ་བ་ཞུ་ཚེ་ཁོང་གི་ངོས་ནས་འབད་བརྩོན་གང་ཐུབ་གནང་སྟེ་དཀའ་ངལ་སེལ་རྒྱུར་ཕྱག་རོགས་གནང་རྒྱུ་ཡིན་པར་ཞལ་བཞེས་གནང་ཡོད། དེ་བཞིན་ཁོང་ད་རེས་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་གི་ནང་དུ་འཚམས་གཟིགས་གནང་སྐབས་གཞིས་ཆགས་སོ་སོའི་ས་གནས་འགོ་འཛིན་དང་དགོན་སྡེ་ཁག་གི་མཁན་བླ་སྤྲུལ་དང་གནད་ཡོད་མི་སྣ་ཁག་དང་ཐུག་འཕྲད་གནང་སྟེ། ས་གནས་ཁག་གི་དཀའ་ངལ་ཁག་ཅིག་ར་སྤྲོད་བྱུང་བ་ལྟར་འབྲེལ་ཡོད་ཚོ་དང་གོ་བསྡུར་གནང་ནས་ཉེ་འཁོར་གྱི་རྒྱ་གར་དཔོན་རིགས་རྣམས་ལ་བདེ་སྡུག་ཞུས་ཡོད་སྐོར་གསུངས་སོང་།  ས་གནས་དང་དགོན་སྡེ་ཁག་ནས་སྣེ་ལེན་གཟབ་རྒྱས་ཞུས་པ་དང་། ལྷག་པར་དུ་བོད་པའི་དགོན་སྡེ་ཁག་ནས་ད་བར་ཧི་མཱ་ལ་ཡའི་མི་རིགས་རྣམས་ལ་བོད་པ་དང་གཅིག་མཚུངས་ཤེས་ཡོན་གྱི་གོ་སྐབས་གནང་ཁག་ལ་ཐུགས་རྗེ་ཆེ་ཞུས་ཡོད།ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་གཞིས་ཆགས་ཁག་ཏུ་དཀའ་ངལ་འདྲ་མིན་སྣ་ཚོགས་ཤིག་འཕྲད་དང་འཕྲད་མུས་ཡིན་པ་ལས་རྒྱ་གར་ནང་གནས་ཆོག་པའི་སྐྱབས་བཅོལ་ལག་དེབ་དང་ལམ་བཟོའི་ངལ་བ། དེ་བཞིན་དགོན་སྡེ་ཁག་ནས་སློབ་ཐར་སོན་པའི་དགེ་འདུན་པ་རྣམ་པའི་ཕྱག་འཁྱེར་དེ་དག་རྒྱ་གར་དབུས་གཞུང་ནས་ངོས་འཛིན་གནང་ཐབས་ཡོང་རྒྱུ་སོགས་ཀྱི་སྐོར་སྙན་སེང་ཞུས་པ་ལྟར། ལྕམ་སྐུ་ཁོང་གིས་རྒྱ་གར་དབུས་གཞུང་དང་བཀའ་བསྡུར་གནང་ནས་འབད་བརྩོན་གང་ཐུབ་ཞུ་ངེས་ཡིན་ཞེས་གསུངས་ཡོད། ཐེངས་འདིའི་གཞུང་འབྲེལ་ཕྱོགས་སྐྱོད་ཁྲོད་གཙོ་བོ་ལྷོ་ཕྱོགས་གཞིས་ཆགས་ཁག་གི་གྲངས་ཉུང་མི་རིགས་སྤྱི་ཚོགས་ཀྱི་ཆོས་ལུགས་དབུ་ཁྲིད་དང་དེ་བཞིན་གྲངས་ཉུང་མི་རིགས་ཀྱི་སྤྱི་ཚོགས་འདྲ་མིན་གྱི་དབུ་ཁྲིད་རྣམས་དང་ལྷན་དུ་སྤྱི་ཚོགས་དང་ཤེས་ཡོན། དཔལ་འབྱོར་གྱི་གནད་དོན་ཐད་ལ་ངལ་བ་གང་འཕྲད་སོགས་ཀྱི་སྐོར་ལ་གྲོས་བསྡུར་གནང་འདུག

Latest news

- Advertisement -spot_img