མདུན་ངོས།
ངོ་སྤྲོད།
༸གོང་ས་མཆོག
བོད།
བཙན་བྱོལ།
རྒྱ་ནག
རྒྱལ་སྤྱི།
རྒྱང་སྲིང་འོད་ཚད།
སྒྲ་མཛོད།
བརྙན་མཛོད།
འབྲེལ་ལམ།
Search
VOICE OF TIBET
ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་།
Pulses PRO
Tibetan Royal Year of 2153 | Year of the Fire Horse
中文
Facebook
RSS
Soundcloud
X
Youtube
ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་།
Voice Of Tibet
text
འཚོལ་བཤེར།
མདུན་ངོས།
ངོ་སྤྲོད།
༸གོང་ས་མཆོག
བོད།
བཙན་བྱོལ།
རྒྱ་ནག
རྒྱལ་སྤྱི།
རྒྱང་སྲིང་འོད་ཚད།
སྒྲ་མཛོད།
བརྙན་མཛོད།
འབྲེལ་ལམ།
མདུན་ངོས།
ངོ་སྤྲོད།
༸གོང་ས་མཆོག
བོད།
བཙན་བྱོལ།
རྒྱ་ནག
རྒྱལ་སྤྱི།
རྒྱང་སྲིང་འོད་ཚད།
སྒྲ་མཛོད།
བརྙན་མཛོད།
འབྲེལ་ལམ།
འཚོལ་བཤེར།
- Advertisement -
TAG
སྐབས་དང་པོའི་དགེ་བཤེས་མའི་རྒྱུགས་སྤྲོད་མཐའ་མ་དེ་དབུ་འཛུགས་གནང་སོང་།
Homepage
སྐབས་གཉིས་པའི་དགེ་བཤེས་མའི་ཁོངས་ནས་བཙུན་མ་དྲུག་ཐོན་འདུག
Voice of Tibet
-
06/11/2017
བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་སྐབས་གཉིས་པའི་དགེ་བཤེས་མ་ཐོན་མཁན་བཙུན་མ་དྲུག་ལ་དགེ་བཤེས་མ་ཐོན་རྗེས་ལམ་སེང་བསྟན་པའི་བྱ་བ་དེ་ཕྱིའི་རྒྱལ་ཁབ་ཁག་ཏུ་བསྒྲུབ་རྒྱུ་མིན་པར་སྔོན་ལ་བཙན་བྱོལ་དུ་དཀའ་ལས་རྒྱབ་ནས་བཙུགས་པའི་དགོན་ཁག་ནང་དེ་ལྟར་ཞབས་འདེགས་བསྒྲུབ་དགོས་གལ་ཡིན་པ་གསུངས་སོང། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་ཕྱི་ལོ་ ༢༠༡༢ ལོར་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་། བཙུན་དགོན་དྲུག། རྡ་ས་རིགས་ལམ་སློབ་གཉེར་ཁང་། བོད་ཀྱི་བཙུན་མའི་ལས་འཆར་བཅས་ཀྱི་སྐུ་ཚབ་ལྷན་འཛོམས་ཐོག་ཆེས་ཐོག་མའི་ལོ་རྒྱུས་རང་བཞིན་པའི་ལྡན་པའི་ཆོས་བརྒྱུད་རིས་མེད་ཀྱི་བོད་པའི་བཙུན་དགོན་ཁག་གི་བཙུན་མ་ཚོར་དགེ་བཤེས་མའི་ཕྱག་འཁྱེར་འབུལ་རྒྱུ་ལམ་སྲོལ་ཞིག་གཏན་འབེབས་གནང་བ་དང། ཕྱི་ལོ་ ༢༠༡༣ ལོར་སྐབས་དང་པོའི་དགེ་བཤེས་མའི་རྒྱུགས་སྤྲོད་དབུ་འཛུགས་གནང་ཡོད་པ་རེད། ཁ་སང་བཞུགས་སྒར་ཉེ་འདབས་སུ་རྟེན་གཞི་བྱས་པའི་བཙུན་དགོན་སྒྲོལ་མ་གླིང་དུ་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དབུ་བཞུགས་ཐོག་སྐབས་གཉིས་པའི་དགེ་བཤེས་མའི་བསླབ་པ་མཐར་སོན་གྱི་མཛད་སྒོ་ཚོགས་སོང་བ་དང་། སྐབས་དེར་དགེ་བཤེས་མའི་ཕྱག་འཁྱེར་བཞེས་མཁན་བཙུན་མ་དྲུག་འདུག ཆོས་རིག་བཀའ་བློན་མཆོག་གིས་བཙུན་མ་ཚོར་དུས་ཚོད་དང་གནས་སྟངས་སོགས་ཕྱོགས་གང་ཅིའི་ཐད་ནས་རང་དབང་ཡང་ཆེ་རུ་སོང་སྟབས་དགེ་བཤེས་མ་ཐོན་རྗེས་དེ་སྔ་ལྟར་རང་ཉིད་ཀྱི་སྒྲིག་འཛུགས་ཤིག་གི་ནང་བསྡད་དགོས་ཀྱི་མེད་པ་རེད། དཔེ་ཆ་དང་ཐག་རིང་དུ་མ་ཕྱིན་པར་སློབ་གཉེར་གནང་མ་ཐུབ་པའི་ཕྱག་དཔེ་ཁག་དང་། ལྷག་དོན་གཞུང་ཆེན་མོ་དག་ལ་གཏིང་ཟབ་པོས་སློབ་གཉེར་མུ་མཐུད་གནང་དགོས་གལ་ཡིན་པ་གསུངས་སོང་བ་དང་ཆབས་ཅིག དགེ་བཤེས་མ་ཐོན་རྗེས་ལམ་སེང་བསྟན་པའི་བྱ་བ་དེ་ཕྱིའི་རྒྱལ་ཁབ་ཁག་ཏུ་བསྒྲུབ་རྒྱུ་མིན་པར་སྔོན་ལ་བཙན་བྱོལ་དུ་དཀའ་ལས་རྒྱབ་ནས་བཙུགས་པའི་དགོན་ཁག་ནང་དེ་ལྟར་ཞབས་འདེགས་བསྒྲུབ་དགོས་གལ་ཡིན་པ་བཀའ་ནན་གསུངས་ཡོད་པ་རེད། རྩ་བའི་དགེ་བཤེས་མའི་རྒྱུགས་སྤྲོད་ནང་འཛུལ་ཞུགས་གནང་མཁན་བཙུན་མ་རྣམས་ནི། དངོས་གཞིའི་དགེ་བཤེས་མའི་རྒྱུགས་སྤྲོད་ནང་མ་ཞུགས་གོང་ཐོག་མའི་འཆར་བཙུན་དགོན་སོ་སོའི་ནང་གཞུང་ཆེན་བཀའ་པོད་ལྔའི་ཐོག་ལོ་ངོ་ ༡༧ རིང་སློབ་གཉེར་གནང་སྟེ་རྒྱུགས་སྤྲོད་ཐོག་གཞུང་ཆེན་ཁག་ལ་བརྒྱ་ཆ་ ༧༥ལོན་དགོས་ཀྱི་ཡོད་པ་དང། དེ་ནས་དགེ་བཤེས་མའི་རྒྱུགས་སྤྲོད་ཆེན་མོ་ལོ་བཞིའི་རིང་ཕར་ཕྱིན་དང་དབུ་མ། འདུ་བ་དང་མཛོད། གཞན་ཡང་རྩོམ་རྒྱུགས་དང་རྒྱལ་རབས་ཆོས་འབྱུང་། ཚན་རིག་སོགས་ཀྱི་ཐོག་བྲིས་རྒྱུགས་དང་རྩོད་རྒྱུགས་བཅས་གནང་དགོས་ཀྱི་ཡོད་པ་རེད། སྐབས་དང་པའི་ཁོངས་སུ་དགེ་བཤེས་མའི་ཕྱག་འཁྱེར་བཞེས་མཁན་བཙུན་མ་ ༢༠ བྱུང་ཡོད་པ་དང་ད་ལན་སྐབས་གཉིས་པར་བཙུན་མ་དྲུག་བྱུང་ཡོད་པ་རེད། རླུང་འཕྲིན་ཁང་ནས་འདི་ལོ་དགེ་བཤེས་མ་སྐབས་གཉིས་པའི་ནང་ཨང་དང་པོ་བཙུན་དགོན་སྒྲོལ་མ་གླིང་གི་བཙུན་མ་བདེ་ལེགས་དབང་མོ་ལགས་དང།...
Homepage
སྐབས་དང་པོའི་དགེ་བཤེས་མའི་རྒྱུགས་སྤྲོད་མཐའ་མ་དེ་དབུ་འཛུགས་གནང་སོང་།
Voice of Tibet
-
02/05/2016
བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་ཆེད་ཕེབས་ཐོག་ཁ་སང་ཟླ་ ༥ ཚེས་ ༡ ཉིན་རྡ་ས་དགེ་ལྡན་ཆོས་གླིང་བཙུན་དགོན་དུ་དགེ་བཤེས་མའི་རྒྱུགས་སྤྲོད་ཆེན་མོ་དབུ་འཛུགས་བསྐྱངས་གནང་སོང་། ཐེངས་འདིའི་རྒྱུགས་སྤྲོད་འདི་ནི་ཉིན་གྲངས་ ༡༢ རིང་རེད་འདུག་པ་དང་དེའི་ཁྲོད་དགེ་བཤེས་མ་འཛིན་གྲྭའི་ལོ་རིམ་དང་པོ་གཉིས་པ་དང་གསུམ་པ་བཞི་པ་བཅས་ཀྱི་སློབ་མ་ ༤༥ ནས་རྒྱུགས་སྤྲོད་གནང་གི་འདུག ཁྱད་པར་དུ་འདི་ལོའི་རྒྱུགས་སྤྲོད་འདི་ནི་ལོ་རིམ་བཞི་པའམ་སྐབས་དང་པོའི་དགེ་བཤེས་མ་འཛིན་གྲྭའི་སློབ་མ་༢༠ཡོད་པ་རྣམས་ཀྱི་རྒྱུགས་སྤྲོད་མཐའ་མ་དེ་ཆགས་ཀྱི་འདུག ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་ཁ་སང་གསར་འགོད་པ་རྣམས་ལ་དགེ་བཤེས་མའི་བྱུང་རིམ་སྐོར་དང་འབྲེལ། ཐོག་མར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་༡༩༩༥ཙམ་ནས་བཙུན་དགོན་སྒྲོལ་མ་གླིང་དབུ་འབྱེད་སྐབས་སུ་དགེ་བཤེས་མ་གཏང་རྒྱུ་གལ་ཆེ་ཡིན་པ་ལམ་སྟོན་བཀའ་སློབ་བསྩལ་ཡོད་པ་དང། དེའི་རྗེས་སུའང་ལམ་སྟོན་སྔ་རྗེས་ཕེབས་ཡོད་པ་དགོངས་དོན་བཞིན། ༢༠༡༢ལོར་ཆོས་རིག་ལས་ཁུངས་དང་ཆོས་བརྒྱུད་ཁག་གི་སྐུ་ཚབ་རྣམས་ནས་དགེ་བཤེས་མའི་སྐོར་གཏན་འབེབས་གནང་པ་ཞིག་ཡིན་སྐོར་གསུངས་གནང་སོང་བ་དང་། ལྷག་པར་དུ་ཆོས་རིག་ལས་ཁུངས་ངོས་ནས་དགེ་བཤེས་མ་འདི་ནི་གསར་གཏོད་དང་ལོ་རྒྱུས་ཐོག་ཧ་ཅང་གི་གལ་ཆེ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པ་གསུངས་གནང་སོང་། ཐེངས་འདིའི་རྒྱུགས་སྤྲོད་ཀྱི་གཞུང་དང་སློབ་ཚན་གཙོ་བོ་ནི་ ཕར་ཕྱིན་དང་དབུ་མ། འདུལ་དང་མཛོད། གཞན་ཡང་རྩོམ་རྒྱུགས་དང་རྒྱལ་རབས་ཆོས་འབྱུང་། དེང་དུས་ཚན་རིག་སོགས་ཀྱི་ཐོག་བྲིས་རྒྱུགས་དང་རྩོད་རྒྱུགས་སྤྲོད་གནང་དགོས་འདུག་ཅིང་། རྒྱུགས་སྤྲོད་ཞིབ་འཇུག་གནང་མཁན་ཁོངས་གདན་ས་གསུམ་ནས་ལྷ་རམས་དགེ་བཤེས་བཞི་གདན་ཞུ་ཕུལ་འདུག ཆོས་རིག་བཀའ་བློན་མཆོག་གིས་གསུངས་པར་སྐབས་དང་པོའི་དགེ་བཤེས་མའི་བསླབ་པ་་མཐར་སོན་གྱི་ཕྱག་ཁྱེར་དེ་ནི་ཕྱི་ཟླ་༡༠པའི་ནང་༸གོང་ས་མཆོག་གིས་གསོལ་སྩལ་གནང་རྒྱུའི་ཞལ་བཞེས་ཐོབ་འདུག གཞི་རྩའི་བཙུན་མ་རྣམས་ནས་དགེ་བཤེས་མ་གཏང་རྒྱུའི་ལས་རིམ་འདི་ནི་༢༠༡༣ནས་དབུ་འཛུགས་གནང་ཡོད་པ་དང། དེ་ཡང་གཙོ་བོ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་། བཙུན་དགོན་དགེ་ལྡན་ཆོས་གླིང་དང་སྒྲོལ་མ་གླིང་སོགས་བཙུན་དགོན་དྲུག་དང་། དེ་བཞིན་རྡ་ས་རིགས་ལམ་སློབ་གཉེར་ཁང་བཅས་ནས་ཐུགས་འགན་བཞེས་གནང་གི་ཡོད་པ་རེད།
Latest news
Monday 09/11/2026
09/11/2026
ཉི་ཧོང་གྲོང་སྡེ་ཞིག་གི་སྐུ་ཚབ་ཚོ་ཁག་ནས་ས་གནས་དེའི་ལོ་ཏོག་ཐོན་སྐྱེད་ཐོག་མ་༸གོང་ས་མཆོག་ལ་འབུལ་བཞེས་གནང་འདུག
09/11/2026
རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ལ་གདོང་ལེན་སླད་ཨ་རི་གཞུང་གིས་བོད་སྐད་རླུང་འཕྲིན་ཁང་ལ་རྒྱབ་སྐྱོར་བྱེད་དགོས་གལ་ཡིན་པ་གསུངས་འདུག
09/11/2026
དབྱིན་ཡུལ་ཚོང་པ་ཞིག་གིས་སོ་མྱུལ་བ་གླ་གཡར་བརྒྱུད་རྒྱ་ནག་གི་ཆེད་དུ་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་གསང་ཉུལ་བྱས་པ་མངོན་གསལ།
09/11/2026
Nvidia ཁེ་ལས་ཁང་གི་འགན་འཛིན་གྱིས་དོགས་གཞི་ཅན་གྱི་རྒྱ་རིགས་བུད་མེད་སོ་བ་ཞིག་དང་ནང་འབྲེལ་བྱུང་བའི་ཁས་ལེན་བྱས་རྗེས། ཁེ་ལས་ཁང་གིས་ཁོའི་བྱ་སྤྱོད་ལ་ཞིབ་བཤེར་འགོ་འཛུགས།
09/11/2026
- Advertisement -