Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

སྲིད་སྐྱོང་གི་འོས་འགྲན་ཁྲོད་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་འོས་གྲངས་མང་བ་ཐོབ་བཞིན།

སྲིད་སྐྱོང་གི་འོས་འགྲན་ཁྲོད་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་འོས་གྲངས་མང་བ་ཐོབ་བཞིན་འདུག

ཕྱི་ལོ་ ༢༠༢༡ ལོའི་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོ་དེ་ཕྱི་ཚེས་ ༡༡ ཉིན་ལེགས་གྲུབ་ཀྱིས་དབུས་འོས་བསྡུ་ལས་ཁང་ནས་དངོས་གཞིའི་འོས་བསྡུའི་མཐའ་མའི་གྲུབ་འབྲས་དེ་ཟླ་ ༥ ཚེས་ ༡༤ ཉིན་བསྐྱང་གཏན་འཁེལ་ཡོད་ཀྱང་། ས་གནས་འོས་བསྡུ་ལས་ཁང་སོ་སོས་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་ཤོག་གྲངས་བཤེར་དང་གྲུབ་འབྲས་ཇི་སོན་གསལ་བསྒྲགས་གནང་ཁག་ལ་གཞིགས་ན། ཚོགས་ཟུར་སྤེན་པ་ཚེ་རིང་ལགས་དང་དོན་ཟུར་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་རྣམ་གཉིས་དབར་འོས་གྲངས་དྲུག་སྟོང་ལྷག་གྱི་ཁྱད་པར་ཐོག་ནས་ད་ལྟའི་ཆར་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་འོས་གྲངས་མཐོ་བ་ཆགས་འདུགད་ལྟའི་ཆར་དབུས་འོས་བསྡུ་ལས་ཁང་ནས་གཞུང་འབྲེལ་ཐོག་དངོས་གཞིའི་འོས་བསྡུའི་མཐའ་མའི་གྲུབ་འབྲས་གསལ་བསྒྲགས་བསྐྱང་རྒྱུ་ཡིན་པ་དེ་ལྟར་ཡང་། བཙན་བྱོལ་བོད་མིའི་གནས་ཡུལ་རྒྱ་གར་གྱིས་གཙོས་པའི་འཛམ་གླིང་ཤར་ནུབ་རྒྱལ་ཁབ་ཁག་ཏུ་ས་གནས་འོས་བསྡུ་ལས་ཁང་སོ་སོའི་ཁྱབ་ཁོངས་རྒྱལ་ཁབ་ཁག་གི་འོས་ཤོག་གྲངས་བཤེར་དང་གྲུབ་འབྲས་གསལ་བསྒྲགས་ལ་གཞིགས་ནས་བོད་པའི་གསར་ལམ་ཁག་ཅིག་གིས་དེ་འབྲེལ་འོས་བསྡུའི་གྲུབ་འབྲས་ཐོན་རིམ་བཞིན་གྲངས་བཤེར་ཕྱོགས་སྒྲིག་འགོ་ཚུགས་པར་བོད་མི་རྣམས་ནས་དེར་ཐུགས་སྣང་ཆེན་པོ་གནང་བཞིན་པ་མ་ཟད་དེའི་ཁོངས་ནས་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་སུ་འོས་གྲངས་ཉིས་ཁྲི་ལྷག་ཙམ་དང་དོན་ཟུར་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་སུ་ཆིག་ཁྲི་ལྔ་སྟོང་ཙམ་ཐོབ་ཡོད་པ་གསལ་འདུག ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་སྲིད་སྐྱོང་གི་དངོས་གཞིའི་འོས་གྲངས་རྣམས་འབྱོར་རིམ་བཞིན་ཁ་སྣོན་གནང་སྟེ་སྤེལ་བར་གཞིགས་ན། ཚོགས་ཟུར་སྐུ་ཞབས་སྤེན་པ་ཚེ་རིང་ལགས་སུ་དེ་རིང་ཉིན་རྒྱབ་བར་འོས་གྲངས་ ༢༨༢༣༩ དང་། དོན་ཟུར་སྐུ་ཞབས་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་སུ་ ༢༢༢༧༡ བཅས་ཁོང་རྣམ་པ་གཉིས་དབར་འགྲན་རྩོད་ཆེས་ཆེར་འགྲོ་བཞིན་འདུག དེ་བཞིན་བོད་ཀྱི་དུས་བབ་གསར་ཁང་གིས་ཀྱང་དངོས་གཞིའི་འོས་མིའི་ཨང་རིམ་རྩེ་སོན་དེ་ཚོགས་ཟུར་སྐུ་ཞབས་སྤེན་པ་ཚེ་རིང་ལགས་ཡིན་པ་དང་དེ་རིང་ཉིན་རྒྱབ་བར་ཁོང་ལ་འོས་གྲངས་ ༢༦༤༤༨ དང་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ལ་ ༢༠༥༦༡ བཅས་བཀོད་འདུག གཞན་ཡང་བོད་ཀྱི་ཉི་མ་འམ་ Tibetsun གསར་ཁང་གིས་སྲིད་སྐྱོང་གི་དངོས་གཞིའི་འོས་གྲངས་རྣམས་འབྱོར་རིམ་བཞིན་ཁ་སྣོན་གནང་སྟེ་སྤེལ་བར་གཞིགས་ཚེ་ཚོགས་ཟུར་སྐུ་ཞབས་སྤེན་པ་ཚེ་རིང་ལགས་སུ་འོས་གྲངས།...

Latest news

- Advertisement -spot_img