Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

སྲིད་སྐྱོང་མཆོག་གིས་རྒྱ་གར་རང་བཙན་ཐོབ་པའི་ཉིན་མོར་འཚམས་འདྲི་གནང་སོང།

སྲིད་སྐྱོང་མཆོག་གིས་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་ཉིན་མོར་འཚམས་འདྲི་གནང་བ།

དེ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གཙོས་པའི་རྒྱ་གར་རྒྱལ་ཡོངས་སུ་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་ ༧༣ འཁོར་བའི་དུས་དྲན་སྲུང་བརྩི་གཟབ་རྒྱས་ཞུ་བཞིན་པའི་དུས་སྐབས་འདིར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་གཞུང་མང་གཉིས་ལ་དགའ་བསུའི་འཚམས་འདྲི་ཞུས་སོང་། རྟོག་དབྱིབས་རིམས་ནད་ཀྱི་ཁྱབ་གདལ་འགྲོ་བཞིན་པའི་གནས་སྟངས་ཀྱི་རྐྱེན་གྱིས་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་སྐྱིད་དུ་སྔར་སྲོལ་ལྟར་མཛད་གཙོ་རྣམ་པ་ལྷན་འཛོམས་ཐོག་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་ཉིན་མོ་སྲུང་བརྩི་གནང་མེད་ཀྱང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དེ་རིང་སྲིད་སྐྱོང་གི་ངོ་དེབ་དང་ Twitter དྲ་གནས་ཐོག་རྒྱ་གར་རྒྱལ་ཡོངས་སུ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་ཉིན་མོ་སྲུང་བརྩི་ཞུས་ཏེ་རྒྱ་གར་གཞུང་མང་ཡོངས་ཀྱི་བཀའ་དྲིན་དྲན་པའི་ཐོག་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་ཚོགས་ཡོངས་ཀྱི་ཚབ་ཞུས་ནས་རྒྱ་གར་གཞུང་དང་ཡོངས་ལ་དགའ་བསུ་འཚམས་འདྲི་ཞུས་ཡོད་པ་རེད། རྩ་བའི་དེ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ Rajpath ས་ཚིགས་སུ་རྒྱ་གར་གྱི་སྲིད་འཛིན་སྐུ་ཞབས་ Ram Nath Kovind མཆོག་དང་སྲིད་བློན་སྐུ་ཞབས་ Narendra Modi མཆོག་རྣམ་གཉིས་ཀྱིས་དབུས་པའི་གནད་ཡོད་མི་སྣ་རྣམས་ལྷན་ཞུགས་ཐོག་རྒྱ་གར་གྱི་དམག་དང་བདེ་སྲུང་སྡེ་ཚན་ཁག་ནས་རུ་སྒྲིག་དང་མངའ་སྡེ་སོ་སོའི་རིག་གཞུང་འགྲེམས་སྟོན་སོགས་གནང་སྟེ་ཉིན་མོ་དེ་སྲུང་བརྩི་གཟབ་རྒྱས་ཞུ་གྱི་ཡོད་པ་རེད། བོད་མི་མང་ཚོགས་ཀྱི་ངོས་ནས་ཀྱང་རང་ཉིད་ཀྱི་སྤྱི་ཚོགས་དྲ་རྒྱའི་ཐོག་རྒྱ་གར་གཞུང་དང་མང་ཚོགས་རྣམས་ལ་འཚམས་འདྲི་སོགས་ཞུ་བཞིན་འདུག

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་སྲུང་བརྩི་ཞུས་པ།

བཞུགས་སྒར་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དབུ་བཞུགས་ཐོག་རྒྱ་གར་དབྱིན་ཇིའི་མངའ་འོག་ནས་རང་བཙན་གཙང་མ་ཐོབ་ནས་མི་ལོ་ ༧༣ འཁོར་བའི་ཉིན་མོ་སྲུང་བརྩི་ཞུས་པ་དང་སྦྲགས། བོད་མི་ཚོས་ཀྱང་ཀྱང་འཚེ་མེད་ཞི་བའི་ལམ་ནས་བོད་ཀྱི་རྩ་དོན་རྩོད་རྒྱུན་སྐྱོང་གནང་ཐུབ་ཚེ་རྒྱ་གར་ལྟར་ལམ་ལྷོང་ཡོང་ངེས་ཡིན་པ་གསུངས་སོང་། རྩ་བའི་ཕྱི་ཟླ་ ༨ ཚེས་ ༡༥ སྟེ་དེ་རིང་གི་ཉིན་མོ་འདི་ནི་ཕྱི་ལོ་ ༡༩༤༧ ལོར་རྒྱ་གར་དབྱིན་ཇིའི་མངའ་འོག་ནས་རང་བཙན་གཙང་མ་ཐོབ་པའི་དུས་ཚིགས་ཤིག་ཡིན་པ་དང་། ཉིན་མོ་འདིར་རྒྱ་གར་རྒྱལ་ཡོངས་གཙོས་པའི་འཛམ་གླིང་ས་ཕྱོགས་ཁག་ཏུ་བཞུགས་ཡོད་པའི་རྒྱ་གར་མི་མང་ཡོངས་ཀྱིས་སྲུང་བརྩི་གཟབ་རྒྱས་ཞུ་བཞིན་ཡོད་པ་རེད། དེ་རིང་སྔ་དྲོ་ཚོུད་ ༩༌༡༥ ཡོལ་ཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་ཕྱག་སྦྲེལ་བཀའ་བློན་རྣམ་པ་དང་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ་བཅས་བཀའ་ཤག་གི་མདུན་ཐང་དུ་ལྷན་འཛོམས་ཀྱིས་ཆེས་ཐོག་མར་རྒྱ་གར་གྱི་རྒྱལ་གླུ་དབྱངས་སུ་གྱེར་པ་དང་དུས་མཚུངས་སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་ནས་ཉིན་མོ་འདི་སྲུང་བརྩི་ཞུས་སོང་། སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་རང་བཙན་ཉིན་མོར་རྒྱ་གར་གཞུང་མང་ཡོངས་ལ་དགའ་བསུའི་འཚམས་འདྲི་གནང་བ་དང་འབྲེལ། རྒྱ་གར་གཞུང་མང་གཉིས་ཀྱིས་འདས་པའི་ལོ་ངོ་ ༦༠ ལྷག་གི་ནང་བོད་མི་རྣམས་ལ་བཀྲིན་ཆེན་པོ་ཆགས་ཡོད་སྟབས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུས་པ་མ་ཟད། ལྷག་དོན་རྒྱ་གར་འདི་འབྱུང་འགྱུར་གང་ས་ཅི་ཐད་ནས་དར་རྒྱས་ཕུན་སུམ་ཚོགས་པ་དང་སྲིད་གཞུང་མངའ་ཐང་ལྡན་པ་ཡོང་བའི་རེ་སྨོན་ཡོད་ཅེས་གསུངས་ཡོད་པ་རེད། དེ་བཞིན་སྲིད་སྐྱོང་མཆོག་གིས་རྒྱ་གར་དེ་བཞིན་མེས་པོ་དམ་པ་བདག་ཉིད་ཆེན་པོ་གྷན་དྷི་མཆོག་གིས་དབུ་ཁྲིད་པའི་འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་ནས་རྒྱལ་ཁ་ཐོབ་པར་ལྟར། བོད་མི་ཚོས་ཀྱང་འཚེ་མེད་ཞི་བའི་ཐབས་ལམ་དེ་རྒྱུན་སྲིང་གནང་ཐོག་འཐབ་རྩོད་གནང་ཚེ་བོད་ནང་གི་བོད་མིའི་མངོན་འདོད་ལྟར་བསྒྲུབ་ཐུབ་པ་དང་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་ཐུབ་པ་མ་ཟད་བོད་མིའི་རང་དབང་བསྐྱར་གསོ་གནང་ཐུབ་པའི་སྨོན་འདུན་ཡོད་པ་སོགས་གསུངས་སོང་། ལྷག་དོན་སྲིད་སྐྱོང་མཆོག་གིས་ཧོང་ཀོང་གི་གནད་དོན་དང་འབྲེལ་ནས་གསར་འགོད་པའི་བཅར་འདྲིར་བཀའ་ལན་གནང་བར་བོད་མི་རྣམས་ནས་ཧོང་ཀོང་གི་མང་གཙོ་དང་རང་དབང་ལས་འགུལ་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད་པ་དང་། ད་ཆ་བརྒྱུད་ལམ་ཁག་ཏུ་རྒྱ་གཞུང་གིས་དམག་མི་རླངས་འཁོར་མང་དག་ཅིག་ཧོང་ཀོང་གི་ས་མཚམས་སུ་བསྡུ་སྐོང་བྱེད་བཞིན་པའི་གནས་ཚུལ་འཐོན་བཞིན་པ་དེས་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་གཏོང་མུས་ལས་ཕན་ཐོགས་གང་ཡང་མེད་པར་འགྲེལ་བརྗོད་གནང་སྟེ་རྒྱ་གཞུང་ནས་གྲོས་མོལ་གྱི་ལམ་ནས་དཀའ་ངལ་སེལ་ཐབས་བྱེད་དགོས་གལ་ཡིན་པ་སྐུལ་མ་གནང་སོང་། སྔ་ཐོག་མཛད་སྒོ་སྒྲུབ་བསྟུན་དྷ་ས་ས་གནས་ཀྱི་ཉེན་རྟོག་ལས་ཁུངས་ཀྱིས་གདན་ཞུས་ལྟར་སྲིད་སྐྱོང་མཆོག་དང་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་རྣམ་གཉིས་ས་གནས་ཀྱི་ཉེན་རྟོག་ཐང་ཆེན་དུ་རྒྱ་གར་གྱི་གཞུང་འབྲེལ་མཛད་སྒོར་ལྷན་ཞུགས་ཀྱིས་ཧི་མཱ་ཅལ་མངའ་སྡེའི་འཕྲོད་བསྟེན་དང་ཁྱིམ་ཚང་བདེ་དོན་བློན་ཆེན་སྐུ་ཞབས་ Vipin Singh Parmar མཆོག དེ་བཞིན་གྲོས་ཚོགས་འཐུས་མི་སྐུ་ཞབས་...

དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་མང་གཙོ་ཉིན་མོར་འཚམས་འདྲི་གནང་བ།

དེ་རིང་ཕྱི་ཟླ་ ༡ ཚེས་ ༢༦ ཉིན་མོ་སྟེ་དེ་སྔ་ཕྱི་ལོ་ ༡༩༥༠ ལོར་རྒྱ་གར་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཏན་ལ་ཕན་ནས་མང་གཙོ་དབུ་བརྙེས་ཏེ་ལོ་ངོ་ ༦༩ འཁོར་བའི་དུས་ཚིགས་ཁྱད་པར་བ་ཞིག་ཆགས་ཡོད་པ་ལྟར། དེ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གཙོས་པའི་རྒྱལ་ཁབ་ཁྱོན་ཡོངས་ལ་གཞུང་མང་གཉིས་ཀྱིས་ཉིན་མོ་འདི་བཞིན་སྲུང་བརྩི་ཞུ་བཞིན་ཡོད་པ་རེད། བཙན་བྱོལ་བོད་མིའི་བསྟི་གནས་བཞུགས་སྒར་དྷ་རྨ་ས་ལར་རྣམ་ཀུན་ལྟར་སྔ་དྲོ་ཚོུད་ ༩།༠༠ སྟེང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་དབུས་པའི་ཕྱག་སྦྲེལ་བཀའ་བློན་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ་ལྷན་འཛོམས་ཐོག་སྲིད་ཚབ་མཆོག་གིས་རྒྱ་གར་གྱི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་བ་དང་འབྲེལ་རྒྱ་གར་གྱི་མང་གཙོའི་དུས་ཆེན་ཐེངས་ ༦༩ པ་སྲུང་བརྩི་གཟབ་རྒྱས་ངང་ཞུས་སོང་། སྲིད་ཚབ་ཆོས་རིག་བཀའ་བློན་མཆོག་གིས་རྒྱ་གར་གཞུང་གཉིས་ལ་དགའ་བསུའི་འཚམས་འདྲི་དང་འབྲེལ། འདས་པའི་ལོ་ངོ་ ༦༠ རིང་རྒྱ་གར་གཞུང་མང་གཉིས་ནས་བོད་མིའི་ཐོག་མཐུན་འགྱུར་རོགས་སྐྱོར་གང་ལེགས་གནང་བར་སྙིང་དབུས་ནས་ཐུགས་རྗེཆེ་ཞུས་པ་མ་ཟད་ཁྱད་པར་དུ་རྒྱལ་ཁབ་འདི་འབྱུང་འགྱུར་སྔར་ལྷག་ཡར་རྒྱས་གོང་འཕེལ་ཕྱིན་ནས་མ་འོངས་པར་འཛམ་གླིང་ནང་མིང་དོན་མཚུངས་པའི་སྟོབས་ཆེན་རྒྱལ་ཁབ་ཞིག་ཆགས་རྒྱུའི་རེ་བ་དང་ཡིད་ཆེས་ཡོད་པ་གསུངས་སོང་། སྔ་ཐོག་མཛད་སྒོ་གྲུབ་བསྟུན་སྔ་དྲོ་ཚོུད་ ༡༡།༠༠ ཐོག་སྲིད་ཚབ་ཆོས་རིག་བཀའ་བློན་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་རྣམ་གཉིས་ས་གནས་ཀྱི་ཉེན་རྟོག་ལས་ཁུངས་སུ་རྒྱ་གར་ས་གནས་གཞུང་གིས་མཛད་སྒོར་ལྷན་བཞུགས་ཀྱིས་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་གནང་བ་མ་ཟད། འདི་ལོ་བོད་མི་རྣམ་བཙན་བྱོལ་རྒྱ་གར་དུ་འབྱོར་ནས་ལོ་ངོ་ ༦༠ འཁོར་བ་དང་བསྟུན། མཛད་སྒོའི་ཐོག་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཞུ་ཆེད་བོད་མིའི་སྒྲིག་འཛུགས་ནས་པར་སྐྲུན་ཞུས་པའི་ཕྱི་ལོ་...

སྲིད་སྐྱོང་མཆོག་གིས་རྒྱ་གཞུང་ནས་བོད་མིའི་མངོན་འདོད་ལ་དང་ལེན་ཞུ་རྒྱུའི་དུས་ལ་བབ་ཡོད་པ་གསུངས་འདུག

ཉེ་ཆར་ཟླ་བ་འདིའི་ཚེས་ ༢༦ རེས་གཟའ་ཉི་མའི་ཉིན་བོད་ཁམས་དཀར་མཛེས་རྫོང་ཐོག་ཏུ་རང་ལོ་ ༦༣ ཙམ་ཡིན་པའི་དགེ་འདུན་པ་བསྟན་དགའ་ཞུ་བ་ཞིག་གིས་རང་ལུས་མེར་བསྲེགས་གནང་སྟེ་རྒྱ་གཞུང་ལ་ཞི་རྒོལ་གནང་རྗེས་འདས་གྲོངས་སུ་གྱུར་ཡོད་སྟབས། ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་གནད་དོན་དེའི་ཐོག་ཐུགས་འཚབ་དང་འབྲེལ། རྒྱ་གཞུང་ནས་བོད་མིའི་མངོན་འདོད་ལ་དང་ལེན་ཞུ་རྒྱུའི་དུས་ལ་བབ་ཡོད་པ་གསུངས་འདུག དེ་ཡང་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་ད་ཆ་བོད་ནས་བོད་མི་སྐྱ་སེར་ཕོ་མོ་དབྱེར་མེད་ཐོག་རྒྱ་གཞུང་ལ་ཞི་རྒོལ་གྱིས་མུ་མཐུད་རང་སྲེག་གནང་དང་གནང་བཞིན་པ་མཐོང་སྐབས་སེམས་འཚབ་ཧ་ཅང་ཆེན་པོ་འབྱུང་བཞིན་འདུག་ཅེས་གསུངས་པ་དང་འབྲེལ།  དོན་རྐྱེན་དེས་བོད་ནང་གི་བོད་མི་རྣམས་རྒྱ་གཞུང་གིས་དམ་བསྒྲགས་སུན་གཙེར་འོག་ཞི་བདེའི་འཚོ་བ་རོལ་རྒྱུར་དཀའ་ངལ་ཇི་ཙམ་འཕྲད་བཞིན་ཡོད་པ་གསལ་བཏོན་གནང་པ་མ་ཟད། རྒྱ་གཞུང་ནས་བོད་མིའི་མངོན་འདོད་ལ་ཉན་འཇོག་དང་བརྩི་བཀུར་ཞུ་རྒྱུའི་དུས་ལ་བབ་ཡོད་པ་གསུངས་ཏེ་བོད་མིར་སྨྲ་བརྗོད་རང་དབང་སྤྲོད་དགོས་པ་དང་༸གོང་ས་མཆོག་བོད་ལ་གདན་འདྲན་དགོས་པ། དེ་བཞིན་འཚེ་མེད་ཞི་བའི་གྲོས་མོལ་གྱི་ལམ་ནས་བོད་མིའི་སྐུ་ཚབ་ལྷན་གྲོས་མོལ་བསྐྱར་གསོ་དགོས་པར་བསྐྱར་ནན་གནང་འདུག རྩ་བའི་བོད་ནང་ཕྱི་ལོ་ ༢༠༠༩ ནས་བཟུང་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་པོའི་སྲིད་བྱུས་ལ་ངོ་རྒོལ་ཆེད་གྲྭ་བསྟན་དགའ་ལགས་གཙོས་པའི་ད་བར་ཁྱོན་བོད་མི་ ༡༥༠ ནས་རང་ལུས་མེར་སྲེག་གནང་ཡོད་པ་དང་། ལྷག་དོན་འདི་ལོ་གཅིག་པོའི་ནང་བོད་མི་ ༥ ཡིས་རང་སྲེག་གནང་ཡོད་པ་མ་ཟད། ད་རེས་རང་ལུས་མེར་སྲེག་གནང་མཁན་གྲྭ་བསྟན་དགའ་ལགས་དཀར་མཛེས་རྫོང་ཐོག་ནས་རང་སྲེག་གནང་མཁན་གསུམ་པ་དེ་ཆགས་ཀྱི་ཡོད་པ་རེད། ཁ་སང་བཙན་བྱོལ་དུ་རྒྱལ་གཅེས་པ་བསྟན་དགའ་ལགས་ཀྱིས་རང་སྲེག་གནང་བའི་ཡིད་སྐྱོའི་གནས་ཚུལ་དེ་ཐོན་མ་ཐག་བཞུགས་སྒར་གཙོས་པའི་རྒྱལ་སྤྱིའི་ཁྱོན་དུ་གནས་པའི་བོད་རིགས་རྣམས་ནས་དམ་པ་ཁོང་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་རྣམ་པ་འདྲ་མིན་སྤེལ་གནང་འདུག དེ་ཡང་བཞུགས་སྒར་རྡ་རམ་ལ་སར་མཚོན་ན་རྡ་ས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བེུད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ་གསུམ་ཐོུང་གིས་གོ་སྒྲིག་འོག་ས་གནས་མང་ཚོགས་རྣམས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་དཔའ་བོའི་རྡོ་རིང་མདུན་ཐང་དུ་འདུ་འཛོམས་ཀྱིས་རྒྱལ་གཅེས་པ་བསྟན་དགའ་ལགས་གཙོ་གྱུར་རྒྱལ་གཅེས་པ་ཡོངས་ལ་མྱ་ངན་གུས་འདུད་ཀྱིས་མར་མེ་ཁྲོམ་སྐོར་གནང་སོང་། སྐབས་དེར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་རྟ་མགྲིན་སྲིད་གཅོད་ལགས་ཀྱིས་རྒྱལ་གཅེས་པ་གྲྭ་བསྟན་དགའ་ལགས་ཀྱིས་རང་སྲེག་གནང་པའི་གནས་ཚུལ་ངོ་སྤྲོད་དང་སྦྲགས། ཆེས་གཉན་འཕྲང་གི་དུས་ཚོད་འདིར་སྐྱབས་བཅོལ་བོད་མི་ཡོངས་ནས་དམིགས་བསལ་འགན་བཞེས་པའི་ཐོག་བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་སྡིངས་ཆ་འདྲ་མིན་ཐོག་དྲིལ་བསྒྲགས་རྒྱ་གང་ཆེ་གནང་ཐབས་སུ་འབད་དགོས་གལ་ཡིན་པར་སྐུལ་མ་གནང་སོང་། དེ་དང་ཕྱོགས་མཚུངས་ཨ་རི་ནིའུ་ཡོག་ཏུ་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་ལྷན་འཛོམས་ཀྱིས་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ་སྐད་འབོད་གནང་འདུག་པ་མ་ཟད་དབྱིན་ཡུལ་རྒྱལ་ས་ལོན་ཊོན་གྱི་བོད་མི་རྣམས་ནས་ཀྱང་གྲྭ་བསྟན་དགའ་ལགས་ཀྱིས་གཙོས་པའི་བོད་ཀྱི་རྩ་དོན་ཆེད་རང་སྲོག་བློས་བཏང་གནང་མཁན་ཡོངས་ཀྱི་ཆེད་དུ་སྨོན་ལམ་གསུང་འདོན་དང་ཁྲོམ་སྐོར་གོ་སྒྲིག་གནང་འདུག

ནང་ཆོས་དང་བསྡུར་ན་དམར་ཤོག་ནི་བྱིས་པ་ཆུང་ཆུང་དང་གཅིག་པ་རེད།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཝི་ཏི་ནམ་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཤིག་གི་ཐོག་ལྷན་བཞུགས་གནང་པ་དང་འབྲེལ། ནང་ཆོས་དང་བསྡུར་ན་དམར་ཤོག་ནི་བྱིས་པ་དང་གཅིག་པ་རེད་ཅེས་གསུངས་འདུག དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ཟླ་ ༩ ཚེས་ ༢ ཁེལ་ཕོ་ནི་ཡ་མངའ་ཁུལ་གྱི་ Westminster གྲོང་ཁྱེར་ནང་གི་ཝི་ཏི་ནམ་དགོན་པར་ཚོགས་པའི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐོག་དབུ་བཞུགས་གནང་་འདུག The orange County Register ཞེས་པའི་ས་གནས་གསར་ཁང་གིས་གནས་ཚུལ་སྤེལ་བར་ལྷན་ཚོགས་དེའི་ཐོག་སྲིད་སྐྱོང་མཆོག་གིས་ཝི་ཏི་ནམ་དང་བོད་གཉིས་རྒྱ་ནག་དམར་པོའི་གཞུང་འོག་བཙན་གནོན་མྱངས་དང་མྱོང་བཞིན་ཡོད་པ་གཅིག་མཚུངས་ཆགས་ཀྱི་ཡོད་པ་དང་། ལོ་ངོ་ ༢༥༠༠ ལྷག་གི་ལོ་རྒྱུས་ལྡན་པའི་ནང་པ་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་དང་བསྡུར་ན་དམར་ཤོག་གི་ལྟ་གྲུབ་ནི་ལོ་ངོ་ ༡༠༠ ཙམ་ལས་འགྲོ་གྱི་མེད་སྟབས། ནང་ཆོས་ཀྱི་ལྟ་གྲུབ་དང་བསྡུར་ན་དམར་ཤོག་གི་ལྟ་གྲུབ་ནི་ཕྲུ་གུ་ཆུང་ཆུང་སྤྱོད་ངན་ཞིག་དང་གཅིག་མཚུངས་རེད་ཅེས་གསུངས་འདུག ལྷག་དོན་ཁོང་གིས་ད་ལྟའི་ཆར་ནང་ཆོས་གཞི་རྩ་བརྟན་པོ་ཆགས་ཡོད་པས་ཇི་སྲིད་ནང་པ་སངས་རྒྱས་པའི་བསྟན་པ་གནས་པ་དེ་སྲིད་དུ་བོད་དོན་གནས་ཀྱི་རེད་ཅེས་གསུངས་འདུག ལྷན་ཚོགས་དེའི་ཐོག་ལ་རྒྱ་གཞུང་གིས་ད་བར་བོད་མཐོ་སྒང་ས་ཁུལ་དུ་གྲོང་ཁྱེར་འཛུགས་སྐྲུན་ལ་སོགས་པའི་ལས་གཞི་འདྲ་མིན་སྤེལ་བཞིན་པར་བརྟེན། བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཐེབས་དང་ཐེབས་བཞིན་སྐོར་དང་རྒྱ་རིགས་མི་འབོར་ཕོན་ཆེ་གནས་སྤོས་བྱེད་རྐྱེན་བོད་ནང་བོད་མི་རིགས་ཀྱི་གཞུང་ལ་དོ་ཕོག་འབྱུང་བཞིན་ཡོད་པ་སོགས་འགྲེལ་བརྗོད་ཀྱང་གནང་འདུག ལྷན་ཚོགས་དེའི་ཐོག་ཨ་རིའི་གཞུང་འབྲེལ་གནད་ཡོད་མི་སྣ་དང་གྲོས་ཚོགས་འཐུས་མི། འགྲོ་བ་མིའི་ཐོབ་ཐང་ལས་འགུལ་སོགས་མི་སྣ་ ༣༠༠ ལྷག་འདུ་འཛོམས་བྱུང་འདུག་པ་མ་ཟད། ཨ་རིའི་གྲོས་ཚོགས་འཐུས་མི་...

སྲིད་སྐྱོང་མཆོག་གིས་རྒྱ་བོད་གཉིས་ཀྱི་འབྲེལ་ལམ་ཁྲོད་འདས་པའི་ལོ་ ༦༠ དེ་ཆེས་ནོར་འཁྲུལ་ཅན་ཞིག་ཡིན་པ་གསུངས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཁ་སང་ཨོ་སི་ཊོ་ལི་ཡའི་རྒྱལ་ས་ Canberra ནང་རྒྱ་རིགས་ཁག་ཅིག་ལ་གསུང་བཤད་གནང་སྐབས་རྒྱ་གཞུང་གིས་དམ་དྲག་ལ་ལྟོས་མེད་བོད་མིའི་ཕྱོགས་ནས་རྒྱ་རིགས་ཚོར་འཁོན་འཛིང་གི་བློ་ནམ་ཡང་བཅང་མྱོང་མེད་པ་དང་། རྒྱ་བོད་གཉིས་ཀྱི་འབྲེལ་ལམ་ཁྲོད་འདས་པའི་ལོ་ ༦༠ དེ་ཆེས་ནོར་འཁྲུལ་ཅན་ཞིག་ཡིན་པ་གསུངས་འདུག ཁ་སང་ཟླ་ ༨ ཚེས་ ༧ ཉིན་རྒྱ་བོད་མཛའ་འབྲེལ་ཚོགས་མི་རྣམ་པས་སྲིད་སྐྱོང་མཆོག་ལ་ Canberra ནང་ཡོད་པའི་ཐང་རྒྱལ་རབས་ཀྱི་ཟ་ཁང་དུ་གསོལ་ཚིགས་འདེགས་འབུལ་ཞུས་པ་དང་བསྟུན། སྲིད་སྐྱོང་མཆོག་གིས་བོད་བཙན་པོའི་རྒྱལ་རབས་དང་ཐང་རྒྱལ་རབས་དབར་བྱུང་བའི་ཐོག་མའི་འབྲེལ་ལམ་སྐོར་ངོ་སྤྲོད་གནང་པ་འབྲེལ། བོད་མི་ཚོའི་ངོས་ནས་དུས་ད་ལྟ་ཡང་ལྷ་སའི་གཙུག་ལག་ཁང་གི་རྟེན་གཙོ་ཇོ་བོ་ཤཱཀྱ་མུ་ནིའི་སྐུ་བརྙན་དང་དེ་བསྣམས་ཕེབས་མཁན་རྒྱ་བཟའ་ཀོང་ཇོ་གཉིས་ལ་དད་གུས་ཞུ་མུས་ཡིན་པ་དང་། རྒྱ་ནག་གཞུང་ཕྱོགས་ནས་དུས་རྟག་ཏུ་བོད་མིའི་ཐོག་ཚད་ལས་འགལ་བའི་དྲག་གནོན་བྱས་པ་མ་ཟད་ལྷག་དོན་ཇོ་ཁང་ངམ་གཙུག་ལག་ཁང་གི་ཡང་སྟེང་དང་དེའི་གཡས་གཡོན་སོགས་སུ་རྟག་ཏུ་དྲག་ཆས་དམག་མི་ཕོན་ཆེ་འགྲེམས་འཇོག་གིས་མཆོད་མཇལ་བ་རྣམས་ལ་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་སོགས་འགྲེལ་བརྗོད་གནང་འདུག སྲིད་སྐྱོང་མཆོག་གིས་བོད་བཙན་པོའི་རྒྱལ་རབས་དང་ཐང་རྒྱལ་རབས་བར་གྱི་འབྲེལ་ལམ་དང་ཡང་ན་དེའི་སྔོན་གྱི་འབྲེལ་ལམ་ལ་ཕྱི་ལྟ་བྱ་ཚེ། རྒྱ་བོད་གཉིས་ཀྱི་ལོ་རྒྱུས་ཀྱི་འབྲེལ་ལམ་ཁྲོད་ཉེ་བའི་ལོ་ ༦༠ དེའི་རིང་གི་འབྲེལ་ལམ་དེ་ཆེས་བློ་ཕམ་དང་ནོར་འཁྲུལ་ཅན་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་ཅེས་གསུངས་པ་མ་ཟད། ང་ཚོས་དེ་སྔ་ཐང་རྒྱལ་རབས་སྐབས་བོད་མིར་གནས་བབས་གང་ཡོད་པ་དེ་ངོ་བཞེས་ཐུབ་ཀྱི་ཡོད་ཀྱང་། འདས་པའི་ལོ་ ༦༠ དེ་ཆེས་ནོར་འཁྲུལ་ཅན་གྱི་འབྲེལ་ལམ་ཞིག་ཆགས་ཡོད་པས་དེ་སླར་དགོས་སམ་ཞེ་ན་ངོས་ལེན་རྩ་བ་ནས་ཞུ་ཐུབ་ཐབས་མེད་ཅེས་གསུངས་འདུག ད་དུང་སྲིད་སྐྱོང་མཆོག་གིས་རྒྱ་རིགས་དེ་དག་ལ་བོད་མིའི་ངོས་ནས་རྒྱ་ནག་གི་ས་ཁོངས་བདག་དབང་དང་མེས་རྒྱལ་གཅིག་སྒྲིལ་བཅས་ལ་བསམ་ཤེས་ཐུབ་ཀྱི་ཡོད་པ་འགྲེལ་བརྗོད་དང་སྦྲགས། ༸གོང་ས་མཆོག་གིས་ལམ་སྟོན་མཛད་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དེ་ནི་གཙོ་བོ་འདས་པའི་རྒྱ་བོད་གཉིས་དབར་གྱི་ལོ་རྒྱུས་རྒྱབ་ལྗོངས་ལ་གཞིགས་པའི་ཆེས་འཚམས་པ་ཞིག་ཆགས་ཀྱི་ཡོད་པ་དང་། སྲིད་བྱུས་དེ་ནི་རྒྱ་གཞུང་གི་རྩ་ཁྲིམས་ནང་གང་གསལ་བ་ལྟར་བོད་མི་ཚོས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབས་རྩོད་བཞིན་ཡོད་ཅེས་བསྐྱར་ནན་གསུངས་འདུག གཞན་ཡང་ཁོང་སྒེར་གི་ངོས་ནས་བོད་མིའི་འཐབ་རྩོད་དེ་གོ་སྐབས་བཟང་པོ་ཞིག་ཏུ་ངོས་འཛིན་ཞུ་གྱི་ཡོད་པ་དང་།...

སྲིད་སྐྱོང་མཆོག་གིས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་བརྒྱུད་རྒྱ་ནག་གཞུང་ལ་བོད་མི་རྣམས་ཁེར་རྐྱང་མིན་པའི་བརྡ་ལན་སྤྲོད་ཡོད་པ་གསུངས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་དེ་བརྒྱུད་རྒྱ་ནག་གཞུང་ལ་བོད་དོན་འཐབ་རྩོད་ཁྲོད་བོད་མི་རྣམས་ཁེར་རྐྱང་མིན་པའི་བརྡ་ལན་ཤུགས་ཆེ་སྤྲོད་བཞིན་ཡོད་ཅེས་གསུངས་འདུག དེ་ཡང་ཁ་སང་ཟླ་ ༩ ཚེས་ ༨ ཉིན་ནས་འགོ་འཛུགས་ཀྱིས་སང་ཚེས་ ༡༠ བར་ཡོ་རོབ་རྒྱལ་ཁབ་བྷེལ་ཇམ་གྱི་རྒྱལ་ས་སྦར་སིལ་ནང་དུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་ཚོགས་བཞིན་ཡོད་པ་དང་འབྲེལ། ཚོགས་ཆེན་གྱི་སྔ་རོལ་ཏེ་ཚེས་ ༧ ཉིན་གྱི་དགོང་མོར་ཚོགས་ཆེན་གོ་སྒྲིག་ཚོགས་ཆུང་གིས་ཚོགས་བཅར་བ་ཡོངས་ལ་ཕེབས་བསུའི་གསོལ་སྟོན་ཞིག་བཤམས་འདུག་པ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཚོགས་བཅར་བ་ཡོངས་ལ་འཚམས་འདྲིའི་གསུང་བཤད་གནང་པ་དང་སྦྲགས། ད་བར་བོད་མིའི་ཞི་བའི་འཐབ་རྩོད་ལ་མུ་མཐུད་རྒྱབ་སྐྱོར་ཤུགས་ཆེ་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་པ་དང་། ཁྱད་པར་དུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་དེས་རྒྱ་ནག་གཞུང་ལ་བོད་དོན་འཐབ་རྩོད་ཁྲོད་བོད་མི་རྣམས་ཁེར་རྐྱང་མིན་པའི་བརྡ་ལན་ཤུགས་ཆེ་སྤྲོད་བཞིན་ཡོད་ཅེས་གསུངས་འདུག ད་དུང་སྲིད་སྐྱོང་མཆོག་ནས་ད་རེས་ཀྱི་ཚོགས་ཆེན་ཐོག་བོད་ཀྱི་གྲོགས་པོ་རྙིང་པ་དང་གསར་པ་མང་པོ་ལྷན་འཛོམས་བྱུང་བ་དེས་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་། བོད་ཀྱི་རྩ་དོན་སླར་གསོ་ཐུབ་རྒྱུའི་རེ་བ་དང་ཚོར་སྣང་འཕར་མ་ཞིག་སྐྲུན་བཞིན་ཡོད་པ་མ་ཟད། བཙན་བྱོལ་ནང་ལ་བོད་མི་འབུམ་གཅིག་དང་ཕྱེད་ཀ་ཙམ་ལས་མེད་ཀྱང་ད་བར་རྒྱལ་སྤྱིའི་ཐོག་བོད་དོན་དྲིལ་བསྒྲགས་རྒྱ་ཆེ་འགྲོ་བཞིན་པ་དེ་དག་གཙོ་བོ་བོད་དོན་རྒྱབ་སྐྱོར་བ་ཚོས་ཁ་ཞེ་གཉིས་མེད་ཐོག་རྒྱབ་སྐྱོར་གནང་དང་གནང་མུས་བཅས་ཀྱི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་སྐོར་གསུངས་ཡོད་པ་རེད། དེ་བཞིན་སྲིད་སྐྱོང་མཆོག་གིས་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུ་ནི་ལས་སླ་པོ་ཞིག་མ་ཡིན་པར། རྒྱབ་སྐྱོར་བ་རྣམས་ནས་རང་ཉིད་སྒེར་གྱི་དཔལ་འབྱོར་དང་དུས་ཚོད་སོགས་འགྲོ་གྲོན་མང་པོ་ཞིག་བཏང་ཡོད་སྐོར་གསུངས་པ་དང་འབྲེལ། ལོ་ན་བགྲེས་སོང་ཆགས་པའི་བོད་ཀྱི་གྲོགས་པོ་རྙིང་པ་རྣམས་གཙོ་བོར་གྱུར་པའི་ད་ལྟ་ཆོད་སེམས་བརྟན་པའི་ཐོག་བོད་དོན་ལ་རྒྱབ་སྐྱོར་གནང་བཞིན་པའི་བོད་ཀྱི་གྲོགས་པོ་གསར་རྙིང་ཡོངས་ལ་ཡི་རངས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་པ་མ་ཟད། མ་འོངས་པར་བོད་ནང་རང་དབང་སླར་གསོ་བྱུང་སྐབས་ང་ཚོ་ཚང་མ་བོད་ཀྱི་རྒྱལ་ས་ལྷ་སར་མཇལ་བའི་སྨོན་འདུན་ཡོད་ཅེས་གསུངས་འདུག གཞི་རྩའི་ཐེངས་འདིའི་སྦར་སིལ་དུ་འཚོགས་བཞིན་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་བདུན་པ་དེ་ ཁ་སང་ཚེས་ ༨ ཉིན་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་ཆིབས་སྒྱུར་གྱིས་དབུ་འབྱེད་མཛད་ཡོད་པ་དང་། དེ་བཞིན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁག་དང་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། དེ་བཞིན་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ལྔ་བཅུ་ལྷག་ནས་ཆེད་བཅར་ཞུས་པའི་བོད་དོན་རྒྱབ་སྐྱོར་བ་༢༥༠ ལྷག་འདུ་འཛོམས་བྱུང་ཡོད་པ་རེད།

སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་ནས་ཨ་མཆོག་ནང་གཏེར་ཁ་སྔོག་འདོན་བྱེད་བཞིན་པ་ནི་རྒྱལ་སྤྱིའི་ཁྲིམས་དང་འགལ་གྱི་ཡོད་པ་གསུངས་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་གཞུང་ནས་བོད་མདོ་སྨད་ཨ་མཆོག་གནས་རིར་གཏེར་བཏོན་གྱི་ལས་གཞི་སྤེལ་བ་དང། དེར་ཞི་རྒོལ་གནང་མཁན་བོད་མིའི་སྟེང་རྡུང་རྡེག་གིས་འཛིན་བཟུང་བྱས་པ་ནི་རྒྱ་ནག་རང་གི་ཁྲིམས་དང་རྒྱལ་སྤྱིའི་ཁྲིམས་དང་ཡོངས་སུ་འགལ་གྱི་ཡོད་པ་གསུངས་སོང་། དེ་རིང་ཟླ་ ༦ ཚེས་ ༨ ཉིན་གྱི་སྔ་དྲོ་ཚོུད་ ༡༡།༠༠ སྟེང་བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་དང་ཕྱི་དྲིལ་བཀའ་བློན་གཅིག་ལྕོགས་བློ་བཟང་སེང་གེ་མཆོག་དང། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ཁོར་ཡུག་ཚན་པའི་འགན་འཛིན་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་རྣམ་གཉིས་ཀྱིས་གཙོ་བཞུགས་ཐོག་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་ཡོད། དེའང་གཙོ་བོ་རྒྱ་གཞུང་གིས་བོད་ཀྱི་ས་ཁུལ་སྤྱིའི་ནང་གཏེར་ཁ་སྔོག་བཏོན་དང། ལྷག་དོན་ཉེ་བའི་ཆར་བོད་ཁམས་མི་ཉག་ལྷ་སྒང་དང། དེ་བཞིན་ཨ་མཆོག་གྱི་རྩ་ཆེན་གནས་རིར་གཏེར་བཏོན་ལས་གཞི་བློ་འཚབ་ཆེ་བ་ཞིག་སྤེལ་རྐྱེན་ས་གནས་མང་ཚོགས་དང། རང་འབྱུང་ཁོར་ཡུག་ལ་དོག་ཕོག་ཆེན་པོ་འགྲོ་བཞིན་པའི་གནད་དོན་དང་འབྲེལ་བའི་ལྷན་ཚོགས་ཤིག་ཡིན་པ་རེད། སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་གཞུང་གིས་བོད་ཀྱི་ཁོར་ཡུག་ཐོག་ལས་གཞི་དང་སྲིད་བྱུས་གང་འདྲ་ཞིག་སྤེལ་རུང། བོད་ཀྱི་ཁོར་ཡུག་རྒྱུན་གནས་ཐུབ་པ་དང། བོད་མིའི་ཆོས་དང་རིག་གཞུང་ལ་གུས་བརྩི་དགོས་པ། དཔལ་འབྱོར་གྱི་ཐོག་ནས་མི་མང་ལ་ཁེ་ཕན་དགོས་པ། དེ་བཞིན་ལས་གཞི་ཁག་ཁྲིམས་མཐུན་དང་མི་མང་གི་མོས་མཐུན་ཡོད་དགོས་པ་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་རེད་ཅེས་ནན་སྐུལ་གནང་པ་དང་འབྲེལ། ད་རེས་ཀྱི་ཨ་མཆོག་ནང་གི་བོད་མིས་ཞི་རྒོལ་གནང་པ་དེ་ཡང་གོང་གི་དོན་ཚན་བཞི་པོ་དེ་དག་ལག་བསྟར་མ་བྱེད་པའི་རྐྱེན་གྱིས་བྱུང་བ་ཞིག་ཡིན་པ་གསུངས་པ་མ་ཟད། ཁྱད་པར་དུ་རྒྱ་གཞུང་ནས་ད་རེས་བོད་མདོ་སྨད་ཨ་མཆོག་གི་གནས་རིར་གཏེར་བཏོན་གྱི་ལས་གཞི་སྤེལ་བ་དང། དེར་ཞི་རྒོལ་གནང་མཁན་བོད་མིའི་སྟེང་རྡུང་རྡེག་གིས་འཛིན་བཟུང་བྱས་པ་ནི་རྒྱ་ནག་རང་གི་ཁྲིམས་དང་ཁོར་ཡུག་གི་ཁྲིམས་སྒྲིག།ལྷག་དོན་རྒྱལ་སྤྱིའི་ཁྲིམས་དང་ཡོངས་སུ་འགལ་གྱི་ཡོད་པ་གསུངས་སོང་། ད་དུང་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གི་ངོས་ནས་ཨ་མཆོག་གི་གནད་དོན་དང་འབྲེལ་བའི་ཐོག་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཕྱི་ལོགས་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་ཕྱོགས་ཁག་དང་ལག་པ་མཉམ་འབྲེལ་བྱས་ནས་དངོས་ཡོད་གནས་ཚུལ་རྫུན་བཟོ་དང་དཀྲོག་གཏམ་སྤེལ་ནས་ཤུགས་རྐྱེན་ངན་པ་དང་རྫབ་ཆེན་ཆགས་སོང་ཞེས་ཚུར་སྐྱོན་བརྗོད་བྱེད་བཞིན་ཡོད་པ་དང་། དེ་ནི་བོད་མིིའི་སྒྲིག་འཛུགས་ལ་མ་ཉེས་ཁ་གཡོགས་རང་བྱས་པ་ཞིག་ཡིན་སྟབས། འདི་ཕྱོགས་ནས་རྒྱ་གཞུང་ལ་ཁྲིམས་མཐུན་ཐོག་འགྲེལ་བརྗོད་བྱ་རྒྱུ་དཀའ་ཡང་། དེ་ལ་ངོས་ལེན་ནམ་ཡང་བྱ་ཐབས་མེད་ཅེས་གསུངས་སོང་བ་དང།...

སྲིད་སྐྱོང་མཆོག་གིས་རྒྱལ་སྤྱིའི་ཐོག་བོད་དོན་ལ་ཁ་ཕྱོགས་འགྱུར་ཡ་འགོ་བཙུགས་ཚར་བ་རེད་ཅེས་གསུངས་སོང་།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ད་ལན་གྱི་བཙན་བྱོལ་བོད་མིའི་འོས་བསྡུ་ལས་རིམ་བརྒྱུད་ནས་རྒྱལ་སྤྱིའི་ཐོག་བོད་དོན་ལ་ཁ་ཕྱོགས་འགྱུར་ཡ་འགོ་བཙུགས་ཚར་བ་རེད་ཅེས་གསུངས་ཡོད། དེ་རིང་ཟླ་ ༣ ཚེས་ ༢༩ ཉིན་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅིུག་པའི་ལས་ཉིན་བརྒྱད་པའི་སྔ་དྲོ་ཚོགས་དུས་སྐབས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཀའ་ཤག་འདས་པའི་ལོ་བཞི་དང་ཕྱེད་ཀའི་ནང་གི་ལས་དོན་སྤྱི་དང། ལྷག་པར་དུ་ཉེ་ཆར་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་དུས་དྲན་མཛད་སྒོའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་ཚོགས་ཀྱི་འཕྲོད་བསྟེན་སྔོན་འགོག་ལས་དོན་ལ་འཐུད་ཤོར་དང་འདི་བཞིན་དེང་སྐབས་བོད་མིའི་སྤྱི་ཚོགས་ནང་ཡ་རབས་བཟང་སྤྱོད་ཀྱི་སྤུས་ཚད་དམའ་རུ་འགྲོ་བཞིན་ཡོད་པ་བཅས་ཀྱི་བཀའ་སྩལ་ཟབ་མོ་ཕེབས་ཡོད་པ་དང་འབྲེལ། སྲིད་སྐྱོང་མཆོག་གིས་གྲོས་ཚོགས་སུ་གསལ་བཤད་གནང་ཡོད་པ་རེད། སྐབས་དེར་སྲིད་སྐྱོང་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་དེའི་ཐོུང་མ་ཡིན་པའི་སྲོག་རྩ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་སྩལ་བའི་ཡ་རབས་བཟང་སྤྱོད་དེ་ཆགས་ཀྱི་ཡོད་པ་རེད། འོན་ཀྱང་བོད་པའི་སྤྱི་ཚོགས་སྤྱི་ཡོངས་ནང་ལ་ཡ་རབས་བཟང་སྤྱོད་ཉམས་ཆགས་འགྲོ་གྱི་ཡོད་པ་དེ་ཉེ་ཆར་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་ནས་རྣམ་པ་གསལ་པོ་ཞིག་ཐོན་ཡོད་ཅེས་གསུངས་པ་དང། དེ་བཞིན་ད་ལན་འོས་བསྡུའི་ལས་རིམ་དེའི་སྐབས་སུ་རྒྱ་ནག་གཞུང་གིས་ཀྱང་སྐྱོན་བརྗོད་བྱས་པ། ཁྱད་པར་དུ་ཨ་རིའི་ནེའུ་ཡོག་དུས་བབ་ཐོག་བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་ལ་སྐྱོན་བརྗོད་ཀྱི་རྩོམ་ཡིག་སྤེལ་བ་བཅས་ལུང་འདྲེན་གྱིས་རྒྱལ་སྤྱིའི་ཐོག་བོད་དོན་ལ་ཁ་ཕྱོགས་འགྱུར་གྱི་ཡོད་སྟབས། དེ་ནི་བོད་དོན་ལ་ཉེན་ཁ་ཆེན་པོ་ཞིག་རེད་ཅེས་གསུངས་སོང་། ད་དུང་སྲིད་སྐྱོང་མཆོག་གིས་གནད་དོན་དེར་ཐེངས་འདིའི་འོས་བསྡུའི་ནང་མཉམ་ཞུགས་གནང་མཁན་ཚང་མ་ལ་འགན་ཡོད་ཅེས་གསུངས་ཡོད་པ་རེད། ལྷག་དོན་ཉེ་ཆར་༸གོང་ས་༸སྐྱབས་མགོན་ཆེན་མོ་མཆོག་གིས་འཕྲོད་བསྟེན་སྔོན་འགོག་དང་ཉམས་ཐག་དབུལ་ཕོངས་ལ་ལྟ་སྐྱོང་བཅས་ཀྱི་ཐོག་བཀའ་སྩལ་ཟབ་མོ་ཕེབས་པ་ལྟར། ད་ལན་གྲོས་ཚོགས་སུ་སྲིད་སྐྱོང་མཆོག་གི་འཕྲོད་བསྟེན་ལས་ཁུངས་གཙོས་འཛིན་སྐྱོང་བཀའ་ཤག་ངོས་ནས་ཀྱང་གནད་དོན་དེ་ཉིད་གལ་ཆེ་ནང་གི་དོན་ཆེར་བརྩི་སྟེ་མ་འོངས་པར་ལོ་གསུམ་ནང་གྲུབ་འབྲས་ཐོན་པའི་ལས་གཞི་རྒྱ་ཆེ་སྤེལ་རྒྱུའི་འོག་གྲབས་གནང་བཞིན་ཡོད་ཅེས་གསུངས་སོང་། གཞན་ཡང་ད་རང་སྔ་དྲོ་འཛིན་སྐྱོང་བཀའ་ཤག་གི་གསལ་བཤད་དེའི་སྐབ་སྲིད་སྐྱོང་མཆོག་གིས་རྒྱ་ནག་དང་རྒྱལ་སྤྱི། དེ་བཞིན་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ཆབ་སྲིད་དང་དཔལ་འབྱོར་འགྱུར་གྲོས་དང་འབྲེལ་བོད་དོན་སྤྱི་དང། ཁྱད་པར་དུ་ད་བར་བོད་ནང་རང་ལུས་མེར་སྲེག་མཚོན་པའི་ཛ་དྲག་གི་་གནས་སྟངས་ལ་འགྱུར་བ་གང་ཡང་ཕྱིན་མེད་པ་དང། གཞིས་ལུས་བོད་མི་ཚོས་མུ་མཐུད་ནས་སྐུ་ལས་སྐྱོན་པར་བརྟེན་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོ་མགོ་བཀྱགས་ནས་འགྲོ་ཐུབ་པ་བྱུང་བ་མ་ཟད། དེ་བཞིན་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་ཚོས་གཞིས་ལུས་བོད་མིའི་མངོན་འདོད་གྲུབ་རྒྱུའི་འོས་འགན་ཆེན་པོ་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་རེད་ཅེས་གསུངས་ཡོད།

Latest news

- Advertisement -spot_img