མདུན་ངོས།
ངོ་སྤྲོད།
༸གོང་ས་མཆོག
བོད།
བཙན་བྱོལ།
རྒྱ་ནག
རྒྱལ་སྤྱི།
རྒྱང་སྲིང་འོད་ཚད།
སྒྲ་མཛོད།
བརྙན་མཛོད།
འབྲེལ་ལམ།
Search
VOICE OF TIBET
ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་།
Pulses PRO
Tibetan Royal Year of 2151 | Year of the Wood Dragon
中文
Facebook
RSS
Soundcloud
Twitter
Youtube
ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་།
Voice Of Tibet
text
འཚོལ་བཤེར།
མདུན་ངོས།
ངོ་སྤྲོད།
༸གོང་ས་མཆོག
བོད།
བཙན་བྱོལ།
རྒྱ་ནག
རྒྱལ་སྤྱི།
རྒྱང་སྲིང་འོད་ཚད།
སྒྲ་མཛོད།
བརྙན་མཛོད།
འབྲེལ་ལམ།
མདུན་ངོས།
ངོ་སྤྲོད།
༸གོང་ས་མཆོག
བོད།
བཙན་བྱོལ།
རྒྱ་ནག
རྒྱལ་སྤྱི།
རྒྱང་སྲིང་འོད་ཚད།
སྒྲ་མཛོད།
བརྙན་མཛོད།
འབྲེལ་ལམ།
འཚོལ་བཤེར།
- Advertisement -
TAG
ཧར་ཝ་ཌ་འི་གཙུག་ལག་སློབ་གཉེར་ཁང་དུ་བོད་ཀྱི་རིག་གཞུང་ཚོགས་པ་གསར་འཛུགས།
གསར་འགྱུར།
ཧར་ཝ་ཌ་འི་གཙུག་ལག་སློབ་གཉེར་ཁང་དུ་བོད་ཀྱི་རིག་གཞུང་ཚོགས་པ་གསར་འཛུགས།
vot.org
-
25/01/2022
ཨ་རིའི་ Massachusetts མངའ་སྡེར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཁྲོད་སྙན་གྲགས་ཆེ་བའི་ Harvard གཙུག་ལག་སློབ་གཉེར་ཁང་དུ་སློབ་གཉེར་གནང་བཞིན་པའི་བོད་ཕྲུག་སློབ་མ་ཁག་གཅིག་གིས་གཙུག་ལག་སློབ་གཉེར་ཁང་དེའི་ནང་དུ་བོད་ཀྱི་རིག་གཞུང་མི་ཉམས་གོང་སྤེལ་དང་གོ་རྟོགས་ཀྱི་ལས་གཞི་རྒྱ་ཆེར་སྤེལ་རྒྱུ་སོགས་ལ་ཆེད་དམིགས་གནང་སྟེ་བོད་ཀྱི་རིག་གཞུང་ཚོགས་པ་ཞིག་གསར་འཛུགས་གནང་འདུགཚོགས་པ་གསར་འཛུགས་གནང་མཁན་ཁོངས་སུ་ཡོད་པ་བསྟན་འཛིན་ཟླ་གྲགས་ལགས་ཀྱིས་གཙུག་ལག་སློབ་གཉེར་ཁང་དེའི་ཉིན་རེའི་ཚགས་ཤོག་ The Harvard Crimson ཞེས་པའི་བཅར་འདྲི་དང་ལེན་གནང་སྟེ་བོད་ཀྱི་རིག་གཞུང་ཚོགས་པ་ཞེས་པ་འདི་གསར་འཛུགས་གནང་བའི་དགོས་དམིགས་གཙོ་བོ་ནི་ཁུལ་དེར་སློབ་གཉེར་གནང་བཞིན་པའི་བོད་ཕྲུག་སློབ་མ་ཙམ་མིན་པར་བོད་ཀྱི་རིག་གཞུང་ལ་དོ་སྣང་དང་དགའ་མོས་གནང་མཁན་རྣམས་ལ་བོད་དང་བོད་ཀྱི་རིག་གཞུང་སྐོར་སྔར་ལྷག་ཐུགས་སྣང་ཡོང་ཐབས་དང་གོ་རྟོགས་སྤེལ་ཕྱིར་གསར་འཛུགས་གནང་བ་ཞིག་ཡིན་པར་གསུངས་ཡོད། སྡིངས་ཆ་འདིའི་ཐོག་ནས་བོད་ཀྱི་རིག་གཞུང་སྤྱི་དང་སྒོས་བྱམས་བརྩེ་དང་འབྲེལ་བའི་བོད་མིའི་གོམས་སྲོལ་བཟང་པོ་ཡོད་པ་ཁག་ཁྱབ་སྤེལ་དང་། བོད་ཀྱི་ནང་ཆོས་ངོ་སྤྲོད་སོགས་ཀྱི་ལས་རིམ་སྣ་ཚོགས་སྤེལ་རྒྱུ་ཡིན་ཞེས་གསུངས་པ་དང་། དེ་བཞིན་ཚོགས་པའི་ལས་གཞི་གོ་སྒྲི་ཞུ་མཁན་ཁོངས་སུ་ཡོད་པ་ཚེ་རིང་དབྱངས་ཅན་ལགས་ཀྱིས་ད་རེས་ཧར་ཝ་ཌའི་གཙུག་ལག་སློབ་གཉེར་ཁང་དུ་བོད་ཀྱི་རིག་གཞུང་ཚོགས་པ་ཞིག་ཆེད་འཛུགས་ཐུབ་པ་ནི་གྲུབ་འབྲས་ཆེན་པོ་ཞིག་ལ་ངོས་འཛིན་ཞུས་པ་དང་ཆབས་ཅིག ཚོགས་པའི་ངོས་ནས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཀྱི་ལས་གཞི་སྤེལ་བ་ཙམ་མིན་པར་ཕྱི་ལོ་ ༡༩༥༠ ནས་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པའི་ལོ་རྒྱུས་ཀྱི་གནས་བབ་གསལ་འདོན་དང་བོད་ཀྱི་རིག་གཞུང་རྩ་མེད་གཏོང་ཐབས་ཀྱི་སྲིད་བྱུས་ཁག་གཅིག་སྤེལ་བཞིན་པའི་དུས་སྐབས་འདིར་འགོག་རྒོལ་དང་གདོང་ལེན་གྱི་ལས་གཞི་ཁག་གཅིག་སྤེལ་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་འདུགདེ་བཞིན་བསྟན་འཛིན་ལགས་ཀྱིས་བོད་ཀྱི་གཞུང་ཚོགས་པའི་ངོས་ནས་ Harvard གཙུག་ལག་སློབ་གཉེར་ཁང་ཁོ་ན་ཙམ་མིན་པར་ཨ་རིའི་གཙུག་ལག་སློབ་གཉེར་ཁང་གཞན་ཁག་ཏུ་སློབ་སྦྱོང་གནང་བཞིན་པའི་བོད་ཕྲུག་སློབ་མ་རྣམས་ལ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་མི་ཉམས་གོང་སྤེལ་དང་གོ་རྟོགས་ཀྱི་ལས་གཞི་སྣ་མང་སྤེལ་ཐུབ་རྒྱུར་སེམས་འགུལ་འཕར་མ་ཞིག་བསྐྲུན་ཐུབ་པའི་རེ་བ་ཡོད་ཅེས་གསུངས་ཡོད། གཞི་རྩའི་ཉེ་ཆར་བོད་སློབ་ཁག་གཅིག་གིས་ཧར་ཝ་ཌའི་གཙུག་ལག་སློབ་གཉེར་ཁང་དུ་གསར་འཛུགས་ཞུས་པའི་བོད་ཀྱི་རིག་གཞུང་ཚོགས་པ་དེས་རིང་མིན་གཙུག་ལག་སློབ་གཉེར་ཁང་དུ་བོད་ཀྱི་ལོ་གསར་སྲུང་བརྩི་དང་། རེས་གཟའ་ལྷག་པ་ནམ་ཡིན་ལ་ལྷག་དཀར་སྲུང་བརྩི་ཞུ་རྒྱུའི་ལས་རིམ་བང་སྒྲིག་ཡོད་པ་མ་ཟད། ལྷག་དོན་ལོ་ལྟར་བོད་ཀྱི་རིག་གཞུང་ཉིན་མོ་ཞེས་གོ་སྒྲིག་ཞུ་འཆར་ཡོད་པ་རེད།
Latest news
Saturday 04/05/2024
04/05/2024
Friday 03/05/2024
03/05/2024
ཧྥ་རན་སི་དང་རྒྱ་ནག་གི་སྲིད་འཛིན་གྲོས་མོལ་སྐབས་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་དགོས་པའི་ནན་སྐུལ།
03/05/2024
འཛམ་གླིང་གསར་འགོད་རང་དབང་ཉིན་མོ་སྲུང་བརྩི།
03/05/2024
༸གོང་ས་མཆོག་གིས་བཙུམ་དང་ནུབ་རི་ཁུལ་ནས་ཕེབས་པའི་དད་ལྡན་མི་མང་ཁག་གཅིག་ལ་མཇལ་ཁ་སྩལ་བ།
03/05/2024
- Advertisement -