Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

ཧི་མཱ་ཅལ་མངའ་ཁུལ་གྱི་བོད་ཁྱིམ་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་ཆེན་མོ་ཐེངས་ ༦ གོ་པལ་པུར་བོད་ཁྱིམ་སློབ་གྲྭར་འཚོགས་བཞིན་པ།

བོད་ཁྱིམ་སློབ་གྲྭ་ཁག་གི་སློབ་མ་རྣམས་ཕྱི་ཟླ་གསུམ་པའི་ཚེས་ཤར་ནས་སློབ་གྲྭར་རིམ་འབྱོར་དགོས་པའི་གསལ་བསྒྲགས།

བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་ཡིག་ཚང་ནས་ཟླ་བ་འདིའི་ཚེས་ ༡༧ ཉིན་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་ཕྱི་ཟླ་ ༣ ཚེས་ ༡ ནས་བཟུང་ཟླ་དུས་ཚེས་གྲངས་རིམ་པའི་གཏན་འབེབས་གནང་སྟེ་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་ཁག་གི་སློབ་མ་རྣམས་སློབ་གྲྭར་རིམ་འབྱོར་དགོས་པའི་གསལ་བསྒྲགས་གནང་འདུག ཏོག་དབྱིབས་ ༡༩ ནད་དུག་དེ་ཁྱབ་གདལ་རིམ་བཞིན་ཉུང་དུ་འགྲོ་བཞིན་པའི་དུས་སྐབས་འདིར་རྒྱར་གར་དབུས་སའི་སློབ་གྲྭ་ཁག་ཚོགས་འཐུས་ཆོག་པའི་བཀོད་ཁྱབ་གནང་བཞིན། བོད་ཕྲུག་ཁྱིམ་སྡེ་ནས་ཀྱང་འཛིན་གྲྭ་ཆ་བགོས་གནང་ནས་འཚོགས་རྒྱུ་ཡིན་པའི་གསལ་བསྒྲགས་གནང་འདུག ཕྱི་ཟླ་ ༣ ཚེས་ ༡ ཉིན་འཛིན་རིམ་ལྔ་པ་དང་བརྒྱད་པ། བཅུ་པ་དང་བཅུ་གཉིས་གསར་པའི་སློབ་མ་རྣམས་སློབ་གྲྭ་སོ་སོར་འབྱོར་དགོས་པ་དང་། ཕྱི་ཚེས་ ༡༡ ཉིན་འཛིན་རིམ་དྲུག་པ་དང་དགུ་པའི་སློབ་ཕྲུག་རྣམས་སློབ་གྲྭ་སོ་སོར་འབྱོར་དགོས་པ་མ་ཟད། ཕྱི་ཚེས་ ༢༢ ཉིན་འཛིན་རིམ་བཞི་པ་མན་གྱི་སློབ་མ་རྣམས་སློབ་གྲྭ་སོ་སོར་འབྱོར་དགོས་པར་མ་ཟད་སློབ་ཕྲུག་རྣམས་སློབ་གྲྭར་འབྱོར་མཚམས་སུ་བདུན་ཕྲགག་གཅིག་གི་རིང་ལ་འགོག་དབྱེ་ཟུར་འཇོག་དུ་བཞུགས་དགོས་ཀྱི་འདུག དེ་བཞིན་དྷ་ས་དང་ལྡི་ལི་བོད་ཁྱིམ་གྱི་ཉིན་སློབ་གཉིས་ཕྱི་ཟླ་...

ཧི་མཱ་ཅལ་མངའ་ཁུལ་གྱི་བོད་ཁྱིམ་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་ཆེན་མོ་ཐེངས་ ༦ གོ་པུར་བོད་ཁྱིམ་སློབ་གྲྭར་འཚོགས་བཞིན་པ།

བཞུགས་སྒར་གྱི་ཉེ་འདབས་སུ་རྟེན་གཞི་བྱས་པའི་གོ་པལ་པུར་བོད་ཁྱིམ་སློབ་གྲྭར་ཟླ་ ༡༠ ཚེས་ ༢ ནས་དབུ་འཛུགས་ཀྱིས་ཚེས་ ༩ བར་ཧི་མཱ་ཅལ་མངའ་ཁུལ་གྱི་བོད་ཁྱིམ་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་ཆེན་མོ་ཐེངས་དྲུག་པ་དེ་འཚོགས་བཞིན་འདུག རིགས་ལམ་གྱི་འདུ་འཛོམས་ཆེན་མོ་དེའི་ཐོག་དྷ་སྟེང་བོད་ཁྱིམ་སློབ་གྲྭ་དང་དྷ་ཤོད་བོད་ཁྱིམ་སློབ་གྲྭ གོ་པལ་པུར་བོད་ཁྱིམ་སློབ་གྲྭ། སུ་ཇ་བོད་ཁྱིམ་སློབ་གྲྭ། ཅོན་ཊ་རཱ་བོད་ཁྱིམ་སློབ་གྲྭ་བཅས་བཞུགས་སྒར་མངའ་ཁུལ་གྱི་བོད་ཁྱིམ་སློབ་གྲྭ་ཁག་ལྔ་དང་། དམིགས་བསལ་མཉམ་ཞུགས་གནང་པ་ཅོན་ཊ་རཱ་གཏན་སློབ་དང་རྒྱ་གར་བྱང་ཕྱོགས་ཀྱི་ཨུཏྲཱ་ཁནྜ་མངའ་སྡེ་ནང་རྟེན་གཞི་བྱས་པའི་སེ་ལ་ཀུ་བོད་ཁྱིམ་སློབ་གྲྭ་བཅས་ཁྱོན་སློབ་ཁག་ ༧ གྱི་སློབ་མ་ ༡༦༠ ལྷག་གིས་མཉམ་ཞུགས་གནང་འདུག ཐེངས་འདིའི་རིགས་ལམ་གྱི་འདུ་འཛོམས་ཐོག་རྣམ་ཀུན་ལྟར་སློབ་གྲྭ་སོ་སོའི་ནང་སློབ་འཁྲིད་གནང་རྒྱུའི་རིགས་ལམ་གྱི་སློབ་ཚན་ཁོ་ན་མིར་པར་ཨང་རྩིས་དང་ཚན་རིག་གཉིས་ཀྱི་སློབ་ཚན་ཐོག་རྟགས་གསལ་གྱི་ལམ་ནས་རྩོད་འགྲན་གནང་རྒྱུ་རེད་འདུག གཞི་རྩའི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་ནས་དུས་སུ་རིགས་ལམ་ཞེས་པ་དེ་ནི་ཆོས་ཕྱོགས་ཀྱི་ངོ་བོ་ཁོ་ནར་མ་བཞག་པར་དགོན་སྡེ་གྲྭ་ཚང་དང་། བཤད་གྲྭ་ཁག་གཙོ་བོར་གྱུར་པའི་སློབ་གྲྭ་ཁག་ནས་འཚར་ལོངས་བྱུང་བཞིན་པའི་སློབ་མ་རྣམས་ལ་དེང་དུས་ཀྱི་སློབ་ཚན་ཚན་རིག་དང་ཨང་རྩིས་སོགས་དང་རིགས་འགྲེ་གནང་ནས་སློབ་འཁྲིད་བྱ་ཐུབ་ཚེ་སློབ་མའི་རིག་སྟོབས་འཕེལ་བར་དགེ་མཚན་ཆེན་པོ་ཡོད་སྐོར་བཀའ་སློབ་ཕེབས་མུས་དོན་ལྟར། བོད་ཁྱིམ་ཁྱབ་ཁོངས་ཀྱི་སློབ་ཁག་དང་སཾ་བྷོ་ཊ། བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་སློབ་ཁག་གི་ནང་དུ་རིགས་ལམ་སློབ་བཞིན་ཡོད་སྟབས། བར་སྐབས་ཤིག་ནས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་སློབ་གྲྭ་ཁག་གི་ནང་དུ་རིགས་ལམ་སློབ་འཁྲིད་སྲ་བརྟན་ཡོང་ཕྱིར་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་ཤིག་ཀྱང་དབུ་འཛུགས་གནང་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གིས་བོད་ཁྱིམ་སློབ་གྲྭ་ཁག་གི་ལྟ་གྲུབ་དགེ་རྒན་ཁག་ཅིག་ལ་སློབ་གྲྭ་སོ་སོའི་ནང་ལ་རིགས་ལམ་སློབ་ཁྲིད་གནང་པའི་ཉམས་མྱོང་དང་འབྲེལ་བའི་ཐོག་ལ་བཅར་འདྲི་ཞུས་པར།  སློབ་དགེ་དེ་དག་གིས་དེ་སྔ་དང་བསྡུར་ཚེ་སློབ་མ་ཚོའི་ངོས་ནས་རིགས་ལམ་སློབ་ཚན་ལ་དོ་སྣང་སྔར་ལྷག་གནང་གི་ཡོད་པ་མ་ཟད། ལྷག་པར་དུ་ཚན་རིག་དང་ཨང་རྩིས་ཐོག་ལ་དོ་སྣང་ཡོད་པའི་སློབ་མ་ཚོས་རིགས་ལམ་སློབ་ཚན་ལ་དོ་སྣང་སྔར་ལྷག་འཕར་མ་ཞིག་གནང་མུས་ཡིན་སྐོར་གསུངས་སོང་། འོང་ཀྱང་ལྟ་གྲུབ་དགེ་རྒན་ཁག་ཅིག་གིས་ད་ལྟའི་ཆར་སློབ་གྲྭ་སོ་སོའི་ནང་ལྟ་གྲུབ་དགེ་རྒན་གཅིག་གིས་སློབ་ཕྲུག་རྒན་གཞོན་དབྱེ་བ་མེད་པར་སློབ་འཁྲིད་གནང་དགོས་པས་དུས་ཚོད་དང་སྤུས་ཚད་སོགས་ཀྱི་ཐོག་ལ་འཐུས་ཤོར་མི་ཉུང་བ་ཞིག་འགྲོ་བཞིན་ཡོད་སྟབས། མ་འོངས་པར་འཛིན་སྐྱོང་ནས་སློབ་གྲྭ་ཁག་ཏུ་ལྟ་གྲུབ་དགེ་རྒན་མང་དུ་གཏོང་པར་དགོངས་བཞེས་གནང་གལ་ཡིན་པ་གསུངས་སོང་། རྩ་བའི་རིགས་ལམ་འདུ་འཛོམས་དེ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེས་ལྟར་སློབ་གྲྭ་ཁག་ཏུ་རིགས་ལམ་སློབ་འཁྲིད་སྲ་བརྟན་ཡོང་ཐབས་དང་། རིགས་ལམ་སློབ་འཁྲིད་གནང་པའི་བརྒྱུད་སློབ་མ་ཚོའི་རིག་སྟོབས་འཕེལ་ཕྱིར་དམིགས་པ་ཞིག་རེད་འདུག

Latest news

- Advertisement -spot_img